ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས《ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས།
《བརྡ་ཐོ》ལས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དུས་ནམ་ཡང་དོན་འཁྱོལ་ལེགས་པོ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་རིང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གི་ཆོག་མཆན་བརྒྱུད་དེ། ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་དགོས། སློབ་སྦྱོང་སློབ་གསོ་ནི2025ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་སུ་མགོ་རྩོམ་རྒྱུ་དང་། ཟླ7པའི་ཟླ་མཇུག་སྔོན་ལ་གཞི་རྩའི་ཆ་ནས་མཇུག་བསྒྲིལ་རྒྱུ་རེད།
《བརྡ་ཐོའི》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཏང་ཡོངས་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་དེར་གོ་བ་ནན་མོ་ལེན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ཐོབ་པའི་གྲུབ་འབྲས་མངོན་གསལ་ཕྱོགས་བསྡོམས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་འགལ་བའི་འབུར་ཐོན་གནད་དོན་གཅིག་བསྡུས་སྒོས་བཅོས་སྒྲིག་བྱས་ནས། སྤྱོད་ཚུལ་དང་རུལ་སུངས་ཀྱི་གྱོད་དཔེ་སྤྱད་དེ་ཉེན་བརྡའི་སློབ་གསོར་ཤུགས་བསྣན་ནས་ཏང་ཡོན་དང་ལས་བྱེད་པས་ཏང་གི་ངོ་བོ་སྦྱོང་བརྡར་དང་བསམ་བློའི་གོ་རྟོགས་མཐོར་འདེགས་སུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་རྒྱུན་ཆད་མེད་པར་ཐོབ་པར་བྱས་ནས། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།
《བརྡ་ཐོའི》ནང་བརྗོད་བྱ་གཙོ་བོར་དམིགས་པ་དང་སྟབས་བདེ་དངོས་གཉེར་རྒྱུན་འཁྱོངས་བྱས་ཏེ་ཁག་དང་དུས་རིམ་མི་དབྱེ་བ་དང་། སློབ་སྦྱོང་ཞིབ་བཤེར་བཟོ་བཅོས་གཞི་གཅིག་ཏུ་སྤེལ་བ། རྒྱུན་ལྡན་གྱི་བྱ་བ་དང་འདྲེས་པར་བྱེད་པ་དང་རྒྱུན་དུ་དམ་འཛིན་བྱེད་དགོས། སློབ་སྦྱོང་དང་གྲོས་བསྡུར་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུར་རྩ་འཛུགས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཕན་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་དང་སློབ་སྦྱོང་བྱས་ཏེ། ངོས་འཛིན་དང་ཡིད་ཆེས་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། གནད་དོན་ལ་ཞིབ་བཤེར་བྱས་ནས་ཚད་འཛིན་དཔེ་སྡུར་དང་། སྒྲིག་ཁྲིམས་ལྟ་ཞིབ་དང་སྐོར་ཞིབ་ལྟ་ཞིབ། རྩིས་བཤེར་ལྟ་ཞིབ། ནོར་རྩིས་ལྟ་ཞིབ། ལྟ་སྐུལ་ཞིབ་བཤེར། བརྟག་དཔྱད་ཞིབ་འཇུག འཕྲིན་བཅར་སོགས་ཀྱི་ཐབས་ལམ་གང་ལེགས་སྤྱད་དེ་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་གནས་པའི་གནད་དོན་ཕྱོགས་ཡོངས་ནས་འཚོལ་ཞིབ་གཏིང་ཟབ་བྱེད་དགོས། གཅིག་བསྡུས་བཅོས་སྒྲིག་བྱེད་པར་གནད་དོན་གང་འདྲ་ཞིག་ཡོད་ན་ཐག་གཅོད་བྱེད་པ་དང་། གནད་དོན་འབུར་ཐོན་ཡིན་ན་གནད་དོན་དེ་གཙོ་གནད་དུ་བཅོས་སྒྲིག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མྱུར་དུ་ཞིབ་བཤེར་དང་བཅོས་སྒྱུར་བྱེད་པ་དང་། ཤེས་མ་ཐག་བཅོས་སྒྱུར་བྱེད་དགོས། སྒོ་འབྱེད་སློབ་གསོའི་ཁྲོད་མང་ཚོགས་ཟབ་ཞུགས་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དགོས། ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ནས་ལས་གནས་སུ་གཞི་ཚུགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ། ཛ་དྲག་དཀའ་ངལ། ཉེན་ཁ་བཅས་ཆེ་བའི་ལས་འགན་ལེགས་འགྲུབ་བྱེད་པའི་ཁྲོད་འགན་འཁུར་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས། མང་ཚོགས་ཀྱིས་དངོས་གནས་ཚོར་ཐུབ་པ་བྱེད་དགོས།
《བརྡ་ཐོའི》བླང་བྱ་ལྟར་ན། རིམ་པ་སོ་སོའི་ཏང་ཨུ་ཡིས་རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་ཀྱི་སློབ་སྦྱོང་སློབ་གསོའི་ཐད་སྤྱིའི་འགན་འཁུར་དགོས་པ་དང་། ཏང་ཨུ་ཡི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་མི་སྣ་དང་པོའི་འགན་འཁྲི་འཁུར་དགོས་ལ། ལྟེ་བའི་བྱ་བ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། རྩ་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ནས་རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་། དྲིལ་སྒྲོག་ཁྲིད་སྟོན་ཡག་པོ་བྱས་ཏེ་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注