མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་སློབ་གླིང་གི་ཉིས་སྟོང་ཉེར་ལྔ་ལོའི་ཐོག་མའི་གསབ་སྦྱོང་འཛིན་གྲྭ་འཚོགས་མགོ་བརྩམས།

ཟླ3པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་སློབ་གླིང་གི་ཉིས་སྟོང་ཉེར་ལྔ་ལོའི་ཐོག་མའི་གསོ་སྦྱོང་འཛིན་གྲྭ་དང་གྲོང་གསེབ་དར་སྤེལ་འགན་སྒྲུབ་ནུས་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འཚོགས་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་།“ཚད་བརྒལ་རྣམ་པའི་བརྟག་ཞིབ་བྱེད་ཐབས་སྤྱད་དེ་ལས་དོན་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ”བརྗོད་གཞིར་བྱས་ནས་སློབ་ཁྲིད་བྱས།  ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་ཚོགས་འདུར་མགོ་འཛིན་བྱས།

ལིའུ་ཆི་ཧྥན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་སློབ་གླིང་ཉིས་སྟོང་ཉེར་བཞི་ལོར་བཙུགས་པ་ནས་བཟུང་། རིམ་རྩིས་བྱས་ན་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས་ཉེར་དགུ་བསྒྲུབས་པ་དང་། “ཞིང་གསུམ”ལས་བྱེད་པ་དང་། ཞིང་ལས་ལག་རྩལ་མི་སྣ། ཕྱུག་འགྱུར་སྣེ་ཁྲིད་པ་བཅས་སྟོང་གཉིས་ལྷག་ཙམ་གསོ་སྦྱོང་བྱས་ཏེ་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད། ཡང་འབད་བསྐྱར་འབད་དང་གཅིག་སྡུད་གསོ་སྦྱོང་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི“ཞིང་གསུམ”ལས་བྱེད་པས“ཞིང་གསུམ”ཤེས་པ་དང་། “ཞིང་གསུམ”ལ་དགའ་བ། “ཞིང་གསུམ”དར་སྤེལ་བཅས་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ“ཞིང་གསུམ”ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར། སློབ་མ་ཡོངས་ཀྱིས་སློབ་སྦྱོང་དང་གསོ་སྦྱོང་ལ་བརྟེན་ནས་ལས་དོན་སྒྲུབ་པའི་རྣམ་པ་མཐོར་འདེགས་དང་། ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། ལས་དོན་སྒྲུབ་པའི་ཁུར་པོ་ལྗིད་མོ་ཕྲག་ཏུ་ཁུར་བ་བཅས་བྱས་ཏེ། སློབ་སྦྱོང་ཁྲོད་བྱེད་ཐབས་འཚོལ་བ་དང་། དྲིས་ལན་འཚོལ་བ། དཀའ་གནད་སེལ་བ་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་རིག་ལམ་དང་བྱེད་ཐབས་སུ་བསྒྱུར་དགོས། སློབ་སྦྱོང་གི་ཤེས་བྱ་དང་གནད་དོན་དངོས་ཐག་གཅོད་བྱེད་རྒྱུ་ཟུང་འབྲེལ་དམ་པོ་བྱ་རྒྱུ་རྒྱུན་འཁྱོངས་དང་། འགན་འཁྲི་འཁུར་ནས་སློབ་སྦྱོང་དང་། གནད་དོན་བཙལ་ནས་སློབ་སྦྱོང་བྱེད་པ། སྒྲིག་ཁྲིམས་ནན་སྲུང་གིས་སློབ་སྦྱོང་བྱེད་པ། སྤེལ་རེས་དང་སློབ་སྦྱོང་བཅས་བྱས་ཏེ་སློབ་སྦྱོང་གི་སྐབས་སུ“ཞིང་གསུམ”གྱི་བྱ་བ་ལེགས་པོར་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

ལིའུ་ཆི་ཧྥན་གྱིས་ནན་གྱིས་བསྟན་དོན། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་ང་ཚོའི་ཏང་གི་གཙོ་གནད་བྱ་བ་ཡིན་ལ། ལས་དོན་སྣ་ཚོགས་ལེགས་པོར་སྒྲུབ་པའི་གཞི་རྩ་ཡིན། ཕྱི་གསལ་ནང་གསལ་གྱི་བརྟག་དཔྱད་ཞིབ་འཇུག་བྱེད་ཐབས་སྤྱད་དེ། “ཞིང་གསུམ”ལས་དོན་གྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། ཆེད་དོན་བརྟག་དཔྱད་ཞིབ་འཇུག་གཏིང་སྒོས་ཟབ་སྤེལ་དགོས། གནད་དོན་གྱི་གཙོ་གནད་དམ་འཛིན་དང་གནད་དོན་གྱི་ངོ་བོ་འཚོལ་ཤེས་པ། གནས་ཚུལ་དངོས་ལ་རྒྱུས་ལོན་ཡང་དག་བྱེད་པ། བྱ་དངོས་འགྱུར་ལྡོག་ལ་རྩོད་སྒྲུབ་ཀྱིས་ལྟ་སྟངས་འཛིན་པ། དམིགས་བསལ་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་བྱེད་ཐབས་འདོན་པ་བཅས་བྱས་ཏེ། གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གི་བྱ་བའི་ཆོས་ཉིད་ལ་བརྩི་སྲུང་བྱས་ཏེ། གནད་ལ་འཁེལ་བའི་བརྗོད་གཞི་འདེམས་པ་དང་། དཔྱད་གཞིའི་ཡིག་ཆ་བསྡུ་བ། གནད་བསྡུས་ཇུས་འགོད། ཡུལ་དངོས་སུ་སོང་ནས་གླེང་མོལ་བྱེད་པ། སྙན་ཞུ་འབྲི་བ། གྲུབ་འབྲས་དངོས་སྒྱུར། ཕྱོགས་སྡོམ་རིམ་སྤོར་བཅས་ཀྱི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་། འགལ་བ་གཙོ་བོ་ཐག་གཅོད་བྱེད་པར་བརྟེན་ནས་འགལ་བ་གཞན་དག་ཐག་གཅོད་བྱེད་པར་སྐུལ་ཁྲིད་བྱས་ཏེ། གནད་དོན་གཅིག་ཐག་གཅོད་བྱེད་པར་བརྟེན་ནས་རིགས་གཅིག་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་ཁྲིད་དང་། ཁྱོན་ཡོངས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ལས་ཀ་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཁ་ཕྱོགས་ཀྱི་ཁྲིད་སྟོན་དང་། ཐོན་ཁུངས་འགན་སྲུང་། རྐྱེན་སྲོལ་གྱི་རྒྱབ་སྐྱོར་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་པར་གོ་རིམ་ལྡན་ལ་ནུས་པ་ཡོད་པ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དངོས་གཉེར་གོ་ཆོད་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།

ཞིང་ཆེན་ཏང་ཨུའི་ཞིང་སྡེའི་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་སོ་སོའི་ཁོངས་མི་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ལས་བགོས་འགན་ཁུར་བློ་མཐུན། མཚོ་སྔོན་སློབ་ཆེན་གྱི་ཚན་ཁག་གི་ཁོངས་མི་དང་ཐེངས་དང་པོའི་གསོ་སྦྱོང་འཛིན་གྲྭའི་གསོ་སྦྱོང་ལ་ཞུགས་པའི་སློབ་མ་བཅས་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号