མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོས་གཞི་རིམ་གྱི་རྨང་གཞིའི་ཆ་འཕྲིན་གྱི་གནས་ཚུལ་གྲལ་བཤེར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་འགན་ལེན་བྱས་པ།

ད་ལོ་ནས་བཟུང་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོས་རྨང་གཞིའི་ཆ་འཕྲིན་གྱི་གནས་ཚུལ་གྲལ་བཤེར་བྱེད་པ་དེ། ཏང་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་གལ་ཆེའི་ཆར་བརྩིས་ཏེ། “རེབ་ཐེངས་གསུམ”ལ་ཁོངས་གཏོགས་ཀྱི་རྨང་གཞིའི་གྲངས་གཞི་བསྡུ་སྒྲིལ་བྱས་ཤིང་། ས་ཁུལ་ནང་གི་མི་དང་ས་གནས། དངོས་པོ། དོན་དག འབྱུང་ཁུངས་མང་བའི་གཞི་གྲངས་མཉམ་འདྲེས་དང་སྦྲེལ་མཐུད་མངོན་འགྱུར་བྱས་པ་དང་། ཡུལ་ཚོའི་གཞི་གྲངས་ཐོན་ཁུངས་མཛོད་གསར་སྐྲུན་བྱས་ཏེ།  གཞི་རིམ་གྱི་འགན་སྲུང་མུ་མཐུད་དུ་སྲ་བརྟན་བཏང་ནས་ཐབས་ཇུས་ཁག་ལ་ཆ་འཕྲིན་འགན་སྲུང་དང་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། 

“ཇུས་འགོད”ལ་གཞི་བཙུགས་ནས་བཀོད་སྒྲིག་ལ་“ཤུགས་”བསྣན་པ།  རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ཏེ་རྨང་གཞིའི་གྲངས་གཞི་རྩད་གཅོད་ཀྱི་འཕྲད་སྒྲིག་ངོ་ཐུག་ཚོགས་འདུ་བསྡུས་པ་དང་། ཝ་མགྱོགས་ཡུལ་ཚོའི་གནས་ཚུལ་རྩད་གཅོད་ཀྱི་རྒྱུ་རྐྱེན་གཙོ་བོའི་རེའུ་མིག་བཟོས་ཏེ། རྨང་གཞིའི་ཆ་འཕྲིན་རྩད་གཅོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། འགན་འཁྲིའི་འབྲེལ་ཐག་སྲ་བརྟན་དུ་བཏང་ནས་ཡུལ་ཚོའི་ཏང་སྲིད་ཕྱོགས་བསྡུས་ལས་སྒྲུབ་ཁང་གིས་བྱ་བའི་མྱུར་ཚད་ལ་དུས་ཐོག་ཏུ་རྗེས་འདེད་དང་དུས་ཐོག་ཏུ་ལྟ་སྐུལ་ནུས་ལྡན་བྱ་རྒྱུར་འགན་ཁུར་བ་དང་། ཡུལ་ཚོའི་འགན་གཙང་ལེན་མཉམ་འབྲེལ་ལྷན་ཚོགས་ཀྱི་མགོ་ཁྲིད་ཀྱིས་སྒྲིག་འཛུགས་ལག་བསྟར་དང་། གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། རྗེས་མའི་རྨང་གཞིའི་གྲངས་གཞིར་ཞིབ་བཤེར་རྩིས་ལེན་བཅས་ལ་འགན་གཙང་ལེན་བྱེད་བཞིན་ཡོད། སྡེ་བ་ཁག་གི་ཏང་ཀྲི་པུ་ཡིས་སྒྲིག་འཛུགས་མཐུན་སྦྱོར་ཡག་པོ་བྱས་ཏེ་སྡེ་བའི་ལས་བྱེད་པ་དང་དྲ་བའི་མི་སྣ་སྒྲིག་འཛུགས་བྱས་ནས། བཅར་འདྲི་དང་གཅིག་བསྡུས་ཞིབ་བཤེར་སོགས་ཀྱི་བྱ་ཐབས་བརྒྱུད་ཡུལ་དངོས་ནས་རྩད་གཅོད་དང་གྲ་སྒྲིག་བྱས་ཏེ། “ཆེད་མངགས་མི་སྣས་འཚོལ་བསྡུ་དང་ཆེད་མངགས་མི་སྣས་འགན་འཁུར་བ། ཆེད་མངགས་མི་སྣས་གསར་སྒྱུར”བཅས་བྱེད་ཀྱི་ཡོད།

“གཟབ་ནན”ལ་བརྩི་མཐོང་བྱས་ནས་ལས་དོན་སྐུལ་འདེད་ལ“མྱུར་ཚད”ཡོད་པར་བྱས་པ། གྲལ་བཤེར་གྱི་ཁྱབ་ཁོངས་ཁ་གསལ་བཟོས་ཏེ། “ཁྱིམ་ཚང་གཅིག་དང་མི་གཅིག རྣམ་གྲངས་གཅིག་ཀྱང་མི་ལུས་པའི་རྩ་དོན་ལྟར་གཞི་རྩའི་གནས་ཚུལ་དང་རང་བྱུང་ཐོན་ཁུངས། སྤྱི་ཚོགས་ཕན་བདེ། ལས་བཟོ་དང་ལས་ཞུགས་སོགས་ཀྱི་ཆ་འཕྲིན་ལ་དམིགས་ནས་སྡེ་བའི་གནས་ཚུལ་གྱི་རྒྱུ་རྐྱེན་གཙོ་བོའི་རྩད་གཅོད་ཀྱི་རྩིས་ཐོ་བཙུགས་ཡོད། ཞིབ་འབྱེད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས“ཏང་ཨུ+སྡེ་ཁག+ས་ཚིགས”མཉམ་འགུལ་མཉམ་ལས་བྱེད་སྟངས་བཙུགས་ཏེ། སློབ་གསོ་དང་རོང་འབྲོག་པ། དམངས་སྲིད་སོགས་སྡེ་ཁག་དང་ས་ཚིགས་དང་སྔ་སྣུར་སྦྲེལ་མཐུད་བྱས་ནས་ཆ་འཕྲིན་བསྡུ་སྒྲིལ་བསྡུར་བྱ་རྒྱུར་ཤུགས་བརྒྱབ་སྟེ། ཞིབ་འབྱེད་གྲངས་གཞི་རིགས་དབྱེ་བ་དང་། ཁྱོན་ཡོངས་སུ་ཁྱབ་ཐུབ་པར་བྱས་ཏེ་གྲངས་གཞིའི་འབྱུང་ཁུངས་དོན་དངོས་དང་བློས་འཁེལ་ཆོག་པར་འགན་ལེན་བྱས་ཡོད།

“དོན་དངོས”ལ་ཤུགས་བརྒྱབ་ནས་ཞིབ་བཤེར་གྲངས་ཀའི“ཞིབ་ཚགས་ཀྱི་ཚད”ལ་འགན་ལེན་བྱས་པ། “སུས་འཚོལ་བསྡུ་བྱས་ན་སུས་འགན་འཁུར་རྒྱུའི”རྩ་དོན་གཞིར་བཟུང་སྟེ། བསྡོམས་རྩིས་ཁྱབ་ཁོངས་ལྟར་གཟབ་ནན་གྱིས་འབྲེལ་ཡོད་རྒྱུ་རྐྱེན་གཙོ་བོའི་གཞི་གྲངས་འཚོལ་བསྡུ་དང་ཞིབ་བཤེར་བྱས་ཏེ། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་དང་ཟུང་འབྲེལ་བྱས་ནས་གྲོང་གསེབ་རིམ་གཉིས་ཀྱི་གཞི་གྲངས་འཚོལ་བསྡུ་པ་དང་ཞིབ་བཤེར་མི་སྣའི་སྲིད་ཇུས་སློབ་སྦྱོང་བྱེད་ཤུགས་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ལ། གྲངས་གཞི་འཚོལ་བསྡུ་ཡག་པོ་དང་དོན་དངོས་འཚོལ་བསྡུ་བྱེད་པ། འཚོལ་བསྡུ་ཡང་དག་བཅས་ལ་ཏན་ཏིག་གིས་འགན་ཁུར་ཡོད། རྒྱུན་ལྡན་ཅན་གྱི་ལྟ་སྐུལ་ལམ་ལུགས་བཙུགས་ནས་སྡེ་བ་ཁག་གིས་ཡར་ཞུའི་དམིགས་ཚད་གྲངས་གཞིར་རྒྱུན་ལྡན་ཅན་གྱི་ལྟ་སྐུལ་དོ་དམ་བྱས་ཏེ། གྲངས་གཞི་འཚོལ་བསྡུ་བྱེད་པའི་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་རྩིས་ཐོ་འཐུས་ཚང་དུ་གཏོང་བ། གྲངས་གཞིར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་བཅས་བྱས་ནས་འཚོལ་བསྡུ་བྱས་པའི་གྲངས་གཞིའི་སྤུས་ཚད་སྔར་བས་མཐོ་རུ་བཏང་ཡོད། གྲངས་གཞི་བསྡོམས་རྩིས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས་གྲངས་གཞིའི་འབྱུང་ཁུངས་དང་གཞི་འཛིན་ས་ཡོད་པར་འགན་ལེན་བྱས། གཞན་ཡུལ་ཚོའི་ཏང་སྲིད་ཀྱི་མགོ་ཁྲིད་གཙོ་བོ་དང་དེ་བཞིན་མཉམ་འབྲེལ་ལྷན་ཚོགས་ཀྱི་མགོ་ཁྲིད་ཀྱིས་ལྟ་སྐུལ་ཐེངས10ལྷག་ཙམ་བྱས་པ་དང་གནད་དོན2ཤེས་རྟོགས་དང་བཅོས་སྒྲིག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号