ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་གཙོ་བོའི་སྣེ་ཁྲིད་དེ་རྐང་ཚ་རྫོང་དུ་བརྟག་ཞིབ་གནང་སྐབས་ལེགས་ཆར་བརྟེན་པ་དང་འགན་འཁུར་དངོས་སྒྲུབ་བྱས་ཏེ་མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་གསར་གཏོད་ཀྱི་ལེའུ་སླར་ཡང་རྩོམ་རྒྱུར་རམ་འདེགས་བྱེད་དགོས་པ་ནན་གྱིས་བསྟན། 

ཟླ2པའི་ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་ཆན་གོ་ཆིན། ཁུལ་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་ཞི་ཀྲུང་ཀྲི་ཅུན་བཅས་ཀྱིས་གཞི་རིམ་འཐབ་ས་དང་པོའི་བྱ་བའི་བྱེད་ཐབས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་འབེན་ཕྱོགས་སྟོན་དུ་འཛིན་པ། མཇུག་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ནས་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གདོད་པར་རྩེ་གཅིག་ཏུ་དམིགས་ཏེ་རྐང་ཚ་རྫོང་དུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། རི་བོའི་འདབས་དང་མཚོ་མོའི་ངོགས་སུ་གནས་པའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་འགན་འཁུར་དངོས་སྒྲུབ་ཀྱིས"བོད་མཁར་རྐང་ཚ། གཡུ་མདོག་ལྷ་མཚོ།"ཞེས་པའི་ཡུལ་སྐོར་གྱི་གསེར་གྱི་མིང་བྱང་གི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས"རྐང་ཚ་མཚོ་ཡིས་ཕྱུག་པའི"སྙན་པ་ཆེ་རུ་བཏང་སྟེ་མཚོ་སྔོན་པོ་བྱང་ངོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་གསར་གཏོད་ཀྱི་ལེའུ་སླར་ཡང་རྩོམ་རྒྱུར་རམ་འདེགས་བྱེད་དགོས་ཟེར། 

ཤ་བོ་སྐྱབས་འཁོར་དང་བཅས་པས་མཚོ་སྔོན་པོའི་བྱང་ངོགས་ཀྱི་རྐང་ཚ་རྫོང་གི་ལྷ་ཆབ་ཁུག་དང་ཁེ་རམ་ཐང་། ལྷ་མཚོ་ཁུག དཔལ་དགེ་དགོ་དམར་ཚན་རིག་ཁྱབ་གདལ་ཉམས་ཞིབ་རྟེན་གཞིར་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་བསྟན་དོན། ན་ནིང་། རྐང་ཚ་རྫོང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར23.49དང་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར23.61ཟིན་པ། དེ་བཞིན་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་སོགས་དམིགས་ཚད་གལ་ཆེན་གྱི་འཕར་ཚད་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་པས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ལྷག་པར་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་སྐྲུན་པའི་ཐད་ཁེ་རམ་ཐང་དང་གཉན་ཆེན་ཞལ་དཀར། གསེར་ཉའི་གཞིས་ཁྱིམ་སོགས་ལྗོངས་ཁུལ་མུ་མཐུད་དུ་རྒྱས་ཤིང་གྲགས་ལ། མཚོ་སྔོན་པོ་ལྷ་ཆབ་ཁུག་གི་སྐྱེ་ཁམས་ཉམས་ལེན་ས་ཚིགས་དེ་ད་ལོར་བསྐྲུན་ནས་ཕན་འབྲས་ཐོན་པ་དང་ཉིན་གཅིག་གི་ཡུལ་སྐོར་བ་མི་ཐེངས་ཁྲི1ལྷག་ཙམ་སྣེ་ལེན་བྱས་པ། “གངས་འཁྱགས་དགའ་རོལ་དུས་ཆེན”དང“ཁུ་ནུར་འཛེགས། ནུབ་མཚོར་ལྟ”སོགས་ཁྱད་ཆོས་ལྡན་པའི་དགུན་དུས་ཡུལ་སྐོར་བྱེད་སྒོ་གསར་གཏོད་ངང་སྤེལ་ནས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི148.82ཟིན་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར5.19མངོན་འགྱུར་བྱུང་བས། ལྗོངས་ཁུལ་མཐའ་འཁོར་གྱི་མང་ཚོགས1200ལྷག་ཙམ་ལ་ཡུལ་སྐོར་ཟ་མ་ཟ་རྒྱུར་སྐུལ་ཁྲིད་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཡུལ་སྐོར་གྱིས“སྐུལ་འདེད་གཉིས་དང་ཕན་འབྲས་གཉིས་ཀྱི”རྣམ་པ་བཟང་པོ་མངོན་ཡོད། སྐྱེ་ཁམས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། གཅིག་ནས་ས་ཁོངས་ཧྲིལ་བོ་དང་དུས་ཚིགས་ཧྲིལ་བོའི་ཡུལ་སྐོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། དཔྱིད་འདེབས་སོགས་སྲོལ་རྒྱུན་དུས་ཆེན་ལ་བརྟེན་ནས་ལྷ་ཆབ་ཁུག(རྟ་ཕྱུག་ལབ་ཙེ)ཏུ“མཚོ་དར་འཕེན་པའི་དུས་ཚིགས”དང“བྱ་གཟིགས་དུས་ཚིགས”སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཇུས་འགོད་བྱས་ཏེ། རྐང་ཚའི་རིག་གནས་ཀྱི་གཞི་རྒྱུ་ལྡན་པའི“དར་ཐོག་ཡིབ་ཁང”དང“དར་ངོས་ཉམས་ལེན།” “དར་ངོས་སྒྱུ་རྩལ”སོགས་ཁྱད་ཆོས་ལྡན་པའི་ཡུལ་ལྗོངས་འཚོལ་ཞིབ་དང་གསར་སྐྲུན་བྱེད་དགོས། མཚོ་སྔོན་པོའི་མཚོ་དར“ཞི་བའི་ངང་འཕེན་པ”དང“དྲག་པོའི་ངང་འཕེན་པའི”གཏམ་རྒྱུད་ཡག་པོར་བཤད་པ་དང་རྟ་གཡག་ཞོན་པ། མི་རིགས་ཀྱི་གྱོན་ཆས་གླ་གཏོང་བྱེད་པ། སྟབས་བདེའི་བོད་ཟས་སོགས་ཉམས་ལེན་ལས་གཞི་དོ་དམ་ཡག་པོ་བྱས་ནས་ཡུལ་སྐོར་བས་ཕྱོགས་ཡོངས་དང་སྣ་མང་ཅན་གྱི་ཐོག་ནས་རྐང་ཚའི་གཟི་ཉམས་ལ་རོལ་མྱོང་བྱེད་དུ་འཇུག་དགོས། གཉིས་ནས་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཕན་དབྱང་མཚེའུ་ཡི་འདབ་ཆགས་བྱ་ལ་ལྟ་བའི་དཔེ་མཚོན་བྱེད་སྟངས་ལ་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་བླང་བྱ་གཞིར་བཟུང་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་གང་ལེགས་སྤྱད་དེ་བྱ་གླིང་གི་འདབ་ཆགས་བྱ་ལ་ལྟ་བའི་གྲོང་རྡལ་ཆུང་ཆུང་བསྐྲུན་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། འདབ་ཆགས་བྱ་ལ་ལྟ་བ་དང་ཚན་རིག་ཁྱབ་གདལ་སློབ་གསོ། སྐྱེ་ཁམས་ཉམས་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་རིག་གནས་ཡུལ་སྐོར་ལས་རིགས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། དགོ་དམར་ཚན་རིག་ཁྱབ་གདལ་ཉམས་ཞིབ་རྟེན་གཞི་མུ་མཐུད་དུ་ལེགས་པོར་བསྐྲུན་དགོས་པ་དང་རི་སྐྱེས་སྲོག་ཆགས་རོགས་སྐྱོར་བྱ་བ་ཡག་པོ་བྱེད་དགོས། ཚན་རིག་ཁྱབ་གདལ་ཤེས་བྱ་དང་གྱོད་དཔེ་སློབ་གསོ་སོགས་ཉམས་ཞིབ་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། བེའུ་དང་ལུ་གུ དེ་བཞིན་བྱ་རྔ་མོང་བཅས་ཀྱི་མཉམ་འགུལ་ཁུལ་གཉེར་སྐྱོང་ཡག་པོ་བྱས་ནས་ཡུལ་སྐོར་བ་རང་བྱུང་ཁམས་དང་ཉེ་བར་བཅར་བའི་དགོས་མཁོ་སྐོང་དགོས། གསུམ་ནས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས།  ཁེ་རམ་ཐང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་གཟིགས་ཞིབ་གནང་སའི་ས་ཆ་ཡིན་པས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འགྲིམ་འགྲུལ་མ་རྐང་སྟངས་འཛིན་སྡེ་ཚོགས་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ནས་སྲུང་སྐྱོབ་འཛུགས་སྐྲུན་གྱི་བྱ་བ་སོ་སོ་ཡག་པོར་བསྒྲུབ་དགོས། མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུས་དང་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱི་འབྲེལ་ཡོད་ཐིན་ཅུས་དང་བྱ་བར་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ་ལྗོངས་ཁུལ་གྱི་ཆུ་དང་གློག ལམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་བཏང་ནས་མཚོ་མཆོད་སོགས་གཟུགས་འདས་ཤུལ་བཞག་རིག་གནས་བྱེད་སྒོ་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྒྲིག་འཛུགས་དང་དོ་དམ་ཡག་པོ་བྱེད་དགོས།  བཞི་ནས་སྤྱི་ཚོགས་ཀྱི་ཕན་ནུས་ལ་མཐོང་ཆེན་བྱས་ཏེ་རྐང་ཚ་ལྷ་མཚོ་ཡུལ་སྐོར་འཕེལ་རྒྱས་སྤྱི་གཉེར་ཁང་གིས་མིག་སྔའི་ལས་ཞུགས་ལས་གནས120ལྷག་ཙམ་ཐག་གཅོད་བྱེད་པའི་རྨང་གཞིའི་ཐོག་ལས་གནས་གསར་སྤེལ་བྱེད་པ་བརྒྱུད་ཉེ་འགྲམ་གྱི་མང་ཚོགས་ལས་ཞུགས་བྱེད་དུ་འཇུག་དགོས། ལྗོངས་ཁུལ་དུ་འབྲི་ཞོ་དང་ཤ་སྐམ། ཤ་མོ་སེར་པོ། ནོར་ལུག་གི་མགོ་རུས་དང་པགས་པ། རྩིད་བལ་སོགས་བཟོ་རྩལ་ཐོན་རྫས་སིལ་འཚོང་ས་ཚིགས་བཙུགས་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་དགོས་ཟེར། 

མཚོ་སྔོན་པོའི་ཞིང་ར་རུ་ཤ་བོ་སྐྱབས་འཁོར་དང་བཅས་པས་ཞིང་རའི་ཚོགས་ཁང་དང་བཙོན་ཁང་། བཀག་སྡོམ་ཁང་། ཟ་ཁང་། སྨན་བཅོས་ཁང་སོགས་ཀྱི་གནའ་ཤུལ་གྱི་ཡུལ་དངོས་ལ་གཟིགས་ཞིབ་གནང་རྗེས་ནན་གྱིས་བསྟན་དོན། མཚོ་སྔོན་པོའི་ཞིང་རས་ལོ་རྒྱུས་ཤུལ་བཞག་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་། ལོ་རྒྱུས་རིག་གནས་སྔོག་འདོན་བྱས་པ་བརྒྱུད་སྔོན་ཐོན་ས་ཁུལ་གྱི་དཔེ་མཚོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་དགོས་པ་དང་། ལོ་རབས་ལྔ་བཅུ་པ་དང་བརྒྱད་ཅུ་པའི་བཙོན་ཁང་གཉིས་ཀྱི་གནའ་ཤུལ་ལ་ཉམས་གསོ་དང་བེད་སྤྱོད་ཡག་པོ་བྱེད་དགོས། ཞིང་རའི་སྣུམ་འཚག་བཟོ་གྲྭའི་གུན་སེལ་ཁེ་སྒྱུར་གང་མགྱོགས་མངོན་འགྱུར་བྱེད་དགོས་པ་དང་། ལས་བཟོ་བའི་ཉལ་ཁང་ཐོག་ཁང་སོགས་བེད་མེད་དུ་ལུས་པའི་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱས་ཏེ་ཁུལ་དང་རྫོང་གི་སྤྱོད་གཙང་རིག་གནས་གདོང་ལེན་གཡུལ་སར་རེ་ཞུ་ཧུར་ཐག་བྱས་ནས་ས་རྒོད་གསར་སྦོལ་གྱི་རིག་གནས་ཉམས་ལེན་དང་སྲིད་གཙང་སློབ་གསོ། གསར་བརྗེའི་ཉམས་ཞིབ་བཅས་གཞི་གཅིག་ཏུ་འདུས་པའི་ཉམས་ལེན་ས་ཚིགས་གཏོད་དགོས་པ་དང་། ཁེ་རམ་ཐང་ལྗོངས་ཁུལ་དང་འབྲེལ་གཏུག་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། མཚོ་སྐོར་བྱང་ངོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་ཁུལ་ཡོངས་ཀྱི་ཉམས་ཞིབ་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོའི་ནང་ཧུར་ཐག་ཟབ་ཞུགས་བྱེད་དགོས་ཟེར།

འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་ཤ་བོ་སྐྱབས་འཁོར་དང་བཅས་པ་སྔ་རྗེས་སུ་སྡེ་བའི་ལོ་རྒྱུས་ཁང་དང་སྡེ་བའི་གློག་རྡུལ་ཚོང་དོན་ཐད་གཏོང་རྟེན་གཞིར་སོང་ནས་ཡུལ་དངོས་ནས་གློག་རྡུལ་ཚོང་དོན་ཐད་གཏོང་དངོས་བཙོང་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་གསར་སྤེལ།    སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་ནན་གྱིས་བསྟན་དོན། གྲོང་གསེབ་འཕེལ་རྒྱས་ཀྱི་ལོ་རྒྱུས་དཔྱད་གཞི་སྔོག་འདོན་གཏིང་ཟབ་བྱེད་དགོས་ཤིང་། སྲོལ་རྒྱུན་གྱི་བཟོ་རྩལ་ཐོན་རྫས་དང་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་སོགས་སྡེ་བ་རིམ་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་བདེན་དཔང་བྱེད་པའི་དངོས་པོ་བསྡུ་རུབ་བྱས་ཏེ་མང་ཚོགས་ལ་མཐུན་སྒྲིལ་དྲིན་ཚོར་གྱི་འབད་འཐབ་གཏམ་རྒྱུད་ཡག་པོར་བཤད་དགོས་པ་དང་སྡེ་བ་རིམ་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་གཏམ་རྒྱུད་ཡག་པོར་བཤད་དགོས། མཚོ་སྔོན་པོར་ཟུང་འབྲེལ་དམ་པོར་བྱས་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ཆས་རྟགས་བཟོ་བའི་བྱ་བ་ལེགས་པར་བསྒྲུབ་ནས་སྡེ་བ་རིམ་པའི་ཁྱད་ལྡན་ཐོན་ལས་ཞིབ་ཚགས་བསྒྲུབ་སྟེ་དཀོན་ལོ་གོང་མ་སྡེ་བའི་སྦྲ་གུར་སྒར་ས་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་མང་ཚོགས་ཀྱི་ལས་ཞུགས་ལས་གནས་ཐག་གཅོད་བྱེད་པའི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ལས་སུ་འཕེལ་རྒྱས་གཏོང་དགོས་ཟེར།      

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་སུའུ་བདུན་ཅུ། མ་རུའུ་ཞང་བཅས་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་རྐང་ཚ་རྫོང་གི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་བྱས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号