མཚོ་བྱང་ཁུལ་གྱི2025ལོའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་ཇ་སྟོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས།

ཟླ2པའི་ཚེས27ཉིན། མཚོ་བྱང་ཁུལ་གྱིས2025ལོའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་ཇ་སྟོན་ཚོགས་འདུ་བསྡུས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་ཁུལ་དུ་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་དང་དེ་བཞིན་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཁུལ་རིམ་པའི་མགོ་ཁྲིད་ཁག་ཅིག་བཅས་ཞུགས་ཡོད། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ཞིག་ཙུང་གིས་ཤིས་ཚིག་ཕུལ་བ་དང་། ཁུལ་དཔོན་གཞོན་པ་ཧན་ཧྲིས་ཇ་སྟོན་ཚོགས་འདུར་གཙོ་སྐྱོང་གནང་། 

སུང་ཞིག་ཙུང་གིས་ཁུལ་ཡོངས་ཀྱི་བོད་རིགས་སྤུན་ཟླ་དང་དེ་བཞིན་བོད་ཀྱི་ལོ་སར་མཉམ་དུ་གཏོང་མཁན་གྱི་རིགས་སོ་སོའི་སྤུན་ཟླར་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་པའི་སྨོན་འདུན་ཞུས། ཁོས་བཤད་རྒྱུར། 2024ལོར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ནས"243"གྱི་འཕེལ་རྒྱས་ཀྱི་བཀོད་པ་དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ"གྱི་ལས་འགན་དང་འགན་འཁྲི་ལ་དམ་པོར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་དཀའ་གནད་སེལ་ཞིང་འཕེལ་རྒྱས་ལ་དོན་གཉེར་དང་། དོན་འཁྱོལ་ལ་སྐུལ་འདེད་བྱས་པས"མཚོ་བྱང་ལྔ"འཛུགས་སྐྲུན་ལ་ཉེ་བའི་ལོ་ཤས་རིང་གི་གྲུབ་འབྲས་ཡག་ཤོས་ཐོབ་ཡོད། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བའི་གྲུབ་འབྲས་དང་། ཞིང་ཆེན་དང་ཁུལ་ཨུས་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་གནང་བའི་གྲུབ་འབྲས་ཡིན་ལ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་འབད་འཐབ་ཧུར་ཐག་བྱས་པའི་གྲུབ་འབྲས་ཀྱང་ཡིན། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་རང་སྐྱོང་ཁུལ་འཕེལ་རྒྱས་གཏོང་ཆེད་མཛེས་སྡུག་ལྡན་པའི་འཆར་འགོད་བཀོད་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ནས་ངར་སེམས་ཆེར་བསྐྱེད་དང་འབད་འབུངས་ཡར་བརྩོན། ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཟེར། 

ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མདའ་བཞི་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུགས་ཡོད། ཁུལ་ཡོངས་ཀྱི་བཟོ་ཚོང་ལས་རིགས་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་ཀུན་སྤྱོད་དཔེ་བཟང་ཅན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཐུན་མོང་འཐུས་ཚབ་དང་མི་སྒེར། ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་བཞེས་མཁན་ནམ་མཚོ་བྱང་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཟུགས་བརྙན་ཕོ་ཉ་ཆོས་དབྱིངས་སྐྱིད་སོགས་གདན་འདྲེན་ཞུས་ཡོད། རིག་རྩལ་ལས་སྒྲུབ་པས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号