ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།


ཟླ2པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས88པ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། མཚོ་བྱང་ཁུལ་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ཤིང་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས།  

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དབྱི་པིན་གྲོང་ཁྱེར་ཅོན་ལེན་རྫོང་གི་རི་ཉིལ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་ད་ལོའི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་འཕྲིའི་བྱ་བ་ཡག་པོ་སྒྲུབ་དགོས། འབྱུང་རྩ་བཅོས་སྒྲིག་དང་མ་ལག་བཅོས་སྒྲིག ཕྱོགས་བསྡུས་བཅོས་སྒྲིག་བཅས་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། ཁྱབ་ཁོངས་གཙོ་བོ་དང་ལས་ཡུལ་གཙོ་བོ། ལྷུ་ཚིགས་གཙོ་བོ་བཅས་ལ་རྩེ་གཅིག་ཏུ་དམིགས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ། ཞིབ་འཇུག་བརྡར་གཅོད་ཤུགས་ཆེ་རུ་བཏང་སྟེ་འབྱུང་རྩ་ནས་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་མེད་པར་བཟོ་དགོས། ཚགས་པར་དང་བརྙན་འཕྲིན། དྲ་ཚིགས། པོད་འཕྲིན། སྤྱོད་སྣེ་སོགས་སྨྱན་སྦྱོར་ལས་སྟེགས་བེད་སྤྱོད་གང་ལེགས་བྱེད་པ་དང་སྣ་མང་དྲིལ་སྒྲོག་མཉམ་འགུལ་བརྒྱུད་དམངས་ཡོངས་ཀྱི་གནོད་འཚེའི་ཉེན་ཁ་སྔོན་འགོག་བྱེད་པའི་འདུ་ཤེས་དང་བྱང་ཚད་མཐོ་རུ་གཏོང་དགོས་ཟེར། 

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། རྨང་རྩ་གཉིས་བརྟན་ཡོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཤེས་ལྡན་མི་སྣ་བསྡུ་རུབ། ཏང་ཡོན་དོ་དམ་དང་གསོ་སྐྱོང་སོགས་ཀྱི་བྱ་བ་ཏན་ཏིག་གིས་ལེགས་པར་བསྒྲུབས་ཏེ། ཚོགས་འདུའི་དགོངས་དོན་མཚོ་བྱང་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས། མངོན་གསལ་དོད་པའི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་གི"གཅིག་ཅན་དྲུག་གི"བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཡུལ་ཚོ་དང་གྲོང་རྡལ། སྡེ་བའི(སྡེ་ཁུལ)གྱི"བཅུ་ལྡན"བཟོ་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་རིམ་སྤོར་བྱས་ནས་གཞི་རིམ་གྱི་ཁྱབ་ཁོངས་སོ་སོའི་ཏང་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱ་ཐབས་འགའ་ཞིག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། ཏང་སྲིད་ལས་བྱེད་པའི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་བཟོ་སྐྲུན་ལག་བསྟར་ཤུགས་ཆེན་བྱེད་པ་དང་མཚོ་བྱང་གི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་དགོས་ཟེར།

ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་བྱ་བ་དེ་སྐྱེ་ཁམས་དཔལ་ཡོན་དང་སྙིང་སྟོབས་ཀྱི་བཙན་ས་གཏོད་པ་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན། གསར་བརྗེའི་ཉམས་ཞིབ་སོགས་ཀྱི་གཙོ་གནད་བྱ་བའི་ནང་སྔར་ལས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་གཏིང་ཟབ་ཏུ་གཏོང་བ་དང་། "མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི"བླང་བྱར་རྩེ་གཅིག་ཏུ་དམིགས་ནས། སྲིད་ཇུས་དང་བྱེད་ཐབས་སོ་སོ་དོན་འཁྱོལ་ཡག་པོ་བྱས་ཏེ། མི་རིགས་མཐུན་སྦྱོར་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་བ་ཧུར་ཐག་གཏོད་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་དང་ཏང་ཕྱིའི་མི་སྣ་མཐུན་འབྲེལ་གྲོགས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོན་ཆུང་གི་སློབ་སྦྱོང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་གཏིང་ཟབ་དང་། ལྟ་འདོད་ཅིང་ཉན་སྤྲོ་བའི་ཕྱི་ཕྱོགས་དྲིལ་སྒྲོག་ཐོན་རྫས་སྔར་ལས་མང་བ་བཟོ་བ། ཕྱོགས་ཡོངས་དང་ཟུར་ཚད་མང་བ། གཏིང་རིམ་ཟབ་པ་བཅས་ཀྱི་སྒོ་ནས་མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་མཚོ་བྱང་གི་མཚན་སྙན་ཁྱབ་སྤེལ་གཏོང་དགོས། ཁུལ་ཡོངས་ཀྱི་གནའ་ཤུལ134དང་རྟེན་མཛོད་ཁང14ཡི་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་བཏོད་དེ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་འཆད་དགོས་ཟེར།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འབྲེལ་ཡོད་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱ་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱ་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་རྒྱུན་རྣམ་ཅན་གྱི་བརྡ་ཁྱབ་དང་དམར་འདོན་ཡག་པོ་བྱས་ཏེ། དཔེ་མཚོན་གྱོད་དཔེའི་ཉེན་བརྡ་དང་ཟིལ་གནོན་གྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ཁུལ་སྲིད་གཞུང་གི་ཏང་ཙུའུ། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ། ཁུལ་ཁྲིམས་ཁང་གི་ཏང་ཙུའུ། ཁུལ་ཞིབ་དཔྱོད་ཁང་གི་ཏང་ཙུའུ་བཅས་ཀྱི་བྱ་བའི་སྙན་ཞུ་ལ་ཉན་པ་དང<<མཚོ་བྱང་ཁུལ་དུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་བྱ་བ་རྒྱུན་མཐུད་ངང་སྤེལ་བའི་བྱེད་ཐབས་ཞིབ་ཕྲ>>སོགས་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号