ཟླ2པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཀྲུང་ཞིན་འཕྲིན་གཏོང་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཛིན་གཞོན་པ་ཁྲིན་ལེ་འཁོར་དང་བཅས་པས་བཞུགས་མོལ་གནང་བ་དང་ཕྱོགས་གཉིས་པོས་གྲངས་འཛིན་ཐོན་ལས་དང་། ལྗང་མདོག་རྩིས་ནུས། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས།རིག་ནུས་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་བརྗེ་རེས་གཏིང་ཟབ་བྱས་པར་མ་ཟད། མཉམ་ལས་ཀྱི་བསམ་འདུན་ཐོག་མ་ཆགས།ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁྲིན་ལེ་འཁོར་དང་བཅས་པ་མཚོ་བྱང་དུ་རྟོག་ཞིབ་བརྗེ་རེས་དང་མཉམ་ལས་གཏིང་ཟབ་གཏོང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ནས་བསྟན་དོན། མཚོ་བྱང་ནི“མདུན་ཕྱོགས་ན་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་། རྒྱབ་ཕྱོགས་ན་བརྟན་ཞིང་འགྱིང་བའི་བརྗིད་ཆགས་མདོ་ལ་རིང་མོ”སྟེ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཡོད་ལ། “མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རུམ་ས་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་གལ་ཆེན་ཞིག་ཀྱང་ཡིན། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་ལེགས་ཆ་དང་དམིགས་བསལ་གྱི་སྐྱེ་ཁམས་ལེགས་ཆ། གསར་བརྗེའི་རིག་གནས་ཐོན་ཁུངས་སྤུས་ལེགས། ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་སྤུས་ལེགས་བཅས་ཡོད། ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་དམ་པོར་དམིགས་ནས"གནས་བཞིའི"ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་བཏང་བས་བོད་ལུག་དང་ནོར་གནག་སོགས་ཁྱད་ལྡན་ཆས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དངAརིམ་པའི་ལྗོངས་ཁུལ་གྱི་གཞི་ཁྱོན་ཆགས་པ། མེ་ལྷ་གངས་དཀར་གྱི་དགུན་དུས་ཡུལ་སྐོར་སྤྲོ་འཆམ་ལ་མཚན་སྙན་རྒྱས་པ། གསར་བརྗེའི་ཉམས་ཞིབ་ཆས་རྟགས་ལ་ཕྱོགས་ཡོངས་ནས་སྐད་གྲགས་ཆགས་པ། ཆུ་རླུང་འོད་གསུམ་སོགས་ནུས་རྒྱུ་གཙང་མའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། ནུས་རྒྱུའི་སྤྱིའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི300ཟིན་ཡོད་པ། མཁའ་འགྲུལ་དང་མྱུར་ལམ་སོགས་འགྲིམ་འགྲུལ་ལྟེ་གནས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། ཚོང་གཉེར་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སྒྱུར་བྱས་ཡོད། ཀྲུང་ཞིན་འཕྲིན་གཏོང་སྡེ་ཚོགས་ནི་ལོ་རེའི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར1200ཡན་ཟིན་པའི་ཁེ་ལས་ཤིག་ཡིན་པས་ལག་རྩལ་དང་ཐོན་ལས། ཤེས་ལྡན་མི་སྣ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་རྩིས་ནུས། མིའི་ཐབས་རིག་ནུས། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས། ཤེས་རིག་གྲོང་ཁྱེར་སོགས་ཀྱི་ཁྱབ་ཁོངས་སུ་གཉིས་ཕན་མཉམ་ལས་ཟབ་སྤེལ་བྱ་རྒྱུའི་རེ་བ་ཡོད་དེ། གཅིག་ནས་རྟོག་ཞིབ་གཏིང་ཟབ་དང་གནད་སྨིན་འབྲེལ་མཐུད་བྱས་ཏེ། མཚོ་བྱང་གི་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་དམིགས་ནས་མཉམ་ལས་ལས་གཞི་ཇུས་འགོད་ཡག་པོ་བྱས་ཏེ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བརྩོན་ལེན་བྱེད་དགོས། གཉིས་ནས་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་དང་ལྷ་ཆབ་ཁུག མདོ་ལ་རི་བོའི་བརྒྱད་གཅིག་འཁྱགས་ཀླུང་། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། "མདེལ་གཉིས་སྐར་གཅིག"དང་དམར་དམག་ནུབ་ལམ་དམག་དཔུང་གི་སྙིང་སྟོབས་ཀྱི་གསར་བརྗེ་ཉམས་ཞིབ་རྟེན་གཞི་སོགས་ལྗོངས་ཁུལ་ཁ་ཐོར་དང་རྒྱ་ཁྱོན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ནསVRཡུལ་ལྗོངས་ཡོངས་འགྲེམས་དང་དྲ་རྒྱའི་ཐད་གཏོང་སོགས་ཀྱི་ཐད་སྒྲིག་ཆས་དང་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཏེ། ལག་རྩལ་གྱི་ལེགས་ཆ་དེ་ཐོན་རྫས་ཀྱི་ལེགས་ཆ་དང་ཁྲོམ་རའི་ལེགས་ཆ་རུ་སྤོ་སྒྱུར་བྱེད་དགོས། གསུམ་ནས་ཞིང་ཕྱུགས་ཐོན་རྫས་དྲ་ཐོག་ནས་ཕྱིར་འཚོང་བྱེད་པ་དང་། རྟ་རྒྱུག་འགྲན་སྡུར་དང་རྐང་བགྲོད། རི་འཛེག་སོགས་ཆས་རྟགས་འགྲན་སྡུར་ཐད་གཏོང་བྱེད་པ། འབྲེལ་ཡོད་ཐོན་ལས་ནང་འདྲེན་བྱེད་པ་སོགས་ཀྱི་ཐད་མཉམ་ལས་ཀྱི་བར་སྟོང་གཏིང་ཟབ་དང་རྒྱ་ཆེར་བཏང་ནས་མཚོ་བྱང་གི་གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཚོ་བྱང་ཁུལ་གྱིས"ཆེད་དོན་འཛིན་གྲྭ་སྐུལ་འདེད+སྦྲེལ་མཐུད་རྣམ་པའི་ཚོང་འགུགས+དུས་འཁོར་ཧྲིལ་བོའི་ཞབས་ཞུའི"ལམ་སྲོལ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་ཁེ་ལས་ཀྱིས་མཚོ་བྱང་དུ་མ་འཇོག་བྱེད་པར་སྟབས་བདེའི་ཆ་རྐྱེན་གཏོད་པ་དང་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱེད་དགོས། དེ་དང་ཆབས་ཅིག་ཀྲུང་ཞིན་འཕྲིན་གཏོང་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དང་ཡན་ལག་སྤྱི་གཉེར་ཁང་སོ་སོའི་ལས་བྱེད་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ། མཚོ་བྱང་དུ་གསར་བརྗེའི་ཉམས་ཞིབ་བྱེད་པར་ཡོང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་པར་ལྷག་བསམ་ཟོལ་མེད་ངང་གདན་འདྲེན་ཞུས་པ་ཡིན་ཟེར།ཁྲིན་ལེ་ཡིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྔོན་དཔག་མིག་རྒྱང་དང་དངོས་སྒྲུབ་སྤྱོད་ཚུལ་ལ་ཚད་མཐོའི་གདེང་འཇོག་གནང་། ཁོས་བཤད་རྒྱུར། མཚོ་བྱང་ལ་ས་བབ་ལེགས་ཆ་འཛོམས་པ་དང་ཐོན་ཁུངས་ཀྱི་རང་སྤུས་ལེགས་ལ་ཐོན་ལས་ཀྱི་ལྷུ་ལག་ཚང་བ་དང་ཚོང་གཉེར་ཁོར་ཡུག་བཟང་པོ་ཡོད་པ་མཚོན་ཡོད། ཕྱོགས་གཉིས་ཀྱིས་བརྗེ་རེས་མཉམ་ལས་ལ་སྔར་བས་ཤུགས་བསྣན་ནས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་ཁེ་ཕན་གྱི་མཐུན་ཆ་གནད་ལ་འཁེལ་བའི་ངང་འཚོལ་བ་དང་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ། ཕྱོགས་གཉིས་ཀྱི་ལེགས་ཆ་གསབ་རེས་དང་འཕེལ་རྒྱས་མཉམ་ཁེ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་ཞིན་འཕྲིན་གཏོང་གིས་མཚོ་བྱང་གི་གྲངས་འཛིན་དཔལ་འབྱོར་འཛུགས་སྐྲུན་ནང་གཏིང་ཟབ་ཞུགས་ནས་ལས་སྒོའི་གསོ་སྦྱོང་དང་ལག་རྩལ་ཞབས་ཞུ། ཐོན་རྫས་ཀྱི་འདེགས་སྐྱོར་སྔར་ལས་མང་བ་མཁོ་འདོན་བྱས་ཏེ། མཚོ་བྱང་ཁུལ་གྱི་གྲངས་འཛིན་ཐོན་ལས་དང་ལྗང་མདོག་རྩིས་ནུས། རིག་ནུས་བཟོ་སྐྲུན་སོགས་འཕེལ་རྒྱས་གཏོང་བའི་ཐད་སྟོབས་ཤུགས་སྔར་ལས་ཆེ་བ་དབུལ་རྒྱུ་ཡིན་ཟེར།ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་ཚོ་ཅི་ཆང་། ཁུལ་ཨུའི་གསང་གནད་དང་གསང་སྲུང་ཅུས། ཁུལ་གཞི་གྲངས་ཅུས། ཁུལ་བཟོ་འཕྲིན་ཅུས་བཅས་ཀྱི་འགན་འཁུར་བ་གཙོ་བོ་གྲོས་མོལ་ལ་ཞུགས།