མཚོ་བྱང་ཁུལ་གྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།
ཟླ2པའི་ཚེས27ཉིན། མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ2024ལོར་ཁུལ་ཡོངས་ཀྱི་རྩ་འཛུགས་བྱ་བ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང2025ལོའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་ཚོགས་འདུར་སླེབས་པ་དང་འབྲེལ་གསུང་བཤད་གནང་།
ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ནི"ལྔ་བཅུ་བཞིའི"འཆར་འགོད་མཇུག་སྒྲིལ་བའི་ལོ་དང"ལྔ་བཅོ་ལྔའི"འཆར་འགོད་བཀོད་སྒྲིག་ཇུས་འགོད་བྱེད་པའི་ལོ་ཡིན་ལ་བཅོས་སྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་ལོ་ཞིག་ཀྱང་ཡིན། ཁུལ་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་འབྲེལ་ཡོད་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས"གཏན་འཁེལ་གཉིས"བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང"སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ཏེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་དང་། དྲང་སྲུང་གསར་གཏོད་དང་དངོས་སྒྲུབ་སྔོན་བརྩོན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོ་དང་སྤྱོད་ཚུལ་ཏན་ཏིག་དེ་རྩ་འཛུགས་བྱ་བའི་བརྒྱུད་རིམ་ཧྲིལ་བོའི་ཕྱོགས་སོ་སོའི་ནང་ཁྱབ་པ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་མཚོ་བྱང་གི་ལེའུ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། གཙོ་འཛིན་གྱི་བསམ་བློར་བརྟེན་ནས་བློ་སྒྲིལ་སེམས་བསྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་བཏང་ནས་རྒྱ་ཆེའི་ལས་བྱེད་པར་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱེད་དགོས་པར་སྐུལ་སློང་བྱེད་དགོས། ཏང་གི་རྩ་འཛུགས་མ་ལག་དམ་ནན་དུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། ཤེས་ལྡན་མི་སྣར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དེང་རབས་ཅན་གྱི་མཚོ་བྱང་གསར་བ་འཛུགས་སྐྲུན་བྱེད་པའི་ཤེས་རབ་ཀྱི་འདེགས་སྐྱོར་ལ་རྒྱུན་མཐུད་ངང་ཤུགས་སྣོན་དགོས། དཔེ་ལེགས་སྡེ་ཁག་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་རྩ་འཛུགས་སྡེ་ཁག་རང་ངོས་འཛུགས་སྐྱོང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། "དམ་འཛིན་བཅུ་དང་སྐུལ་འདེད་བཅུ"ཡི་བྱ་བའི་ཕན་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་གོང་མཐོར་གཏོང་བ་དང་། བྱེད་ཐབས་དང་བསམ་ཕྱོགས་སོ་སོ་ལོ་ཧྲིལ་བོའི་རྩ་འཛུགས་བྱ་བའི་ཕྱོགས་གང་ཅིའི་ཐད་ཀྱི་བརྒྱུད་རིམ་ཧྲིལ་བོའི་ནང་འཇུག་པ་དང་། གཙོ་གནད་དམ་འཛིན་དང་། མཉོམ་ཞན་ཁ་གསབ། དམ་འཛིན་མྱུར་སྒྲུབ་བཅས་རྒྱུན་འཁྱོངས་བྱས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་སོ་སོ་ལེགས་འགྲུབ་བྱེད་དགོས་ཟེར།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་རྩ་འཛུགས་བྱ་བའི་ལས་བྱེད་པས་གནད་དོན་ཐག་གཅོད་ལེགས་པོ་བྱེད་པའི་བསམ་གཞིགས་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ཆེ་རུ་ཏན་ཏིག་གཏོང་བ། དོན་འཁྱོལ་དམ་འཛིན་བྱེད་པའི་སེམས་ཤུགས་བརྟན་པོར་ཏན་ཏིག་གཏོང་བ་བཅས་བྱས་ཏེ། སེམས་ལ་ཁྱོན་ཡོངས་འཆང་བ་དང་། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། དོན་ཆེན་ལ་དམིགས་པ་བཅས་ཀྱི་ཁྲོད་ནས་རྩ་འཛུགས་བྱ་བའི་འཇུག་སྒོ་དང་ཤུགས་རྒྱག་ས་གནད་ལ་འཁེལ་བ་བཙལ་ཏེ། ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས་མཚོ་བྱང་རྩ་འཛུགས་བྱ་བ་སྤུས་ཚད་མཐོན་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注