མཚོ་བྱང་ཁུལ་གྱིས་དཔྱིད་རྨོ་གྲ་སྒྲིག་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ།

ཉིན་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ལས་ཐོན་སྐྱེད་ཀྱི“མགོ་ཚུགས་པའི”དམིགས་འབེན་དམ་འཛིན་བྱས་པ་དང་བསྟུན་ནས་ཞིང་ལས་རྒྱུ་ཆ་སྙོམས་སྒྲིག་གསོག་འཇོག་དང་། ལག་རྩལ་གྲོང་གསེབ་ཏུ་སྐྱེལ་བ། སྲིད་ཇུས་འགན་སྲུང་སོགས་བྱེད་ཐབས་རབ་དང་རིམ་པ་བརྒྱུད། དཔྱིད་འདེབས་གྲ་སྒྲིག་བྱེད་པའི་དམག་འཐབ་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད། མིག་སྔའི་བར་ཁུལ་ཡོངས་སུ་བསྡོམས་པས་སོན་བཟང་སྤྱི་རྒྱ་ཁྲི420དང་ལུད་ཏུན་5000གྲབས་གསོག་བྱས་པ་དང་། དཔྱིད་འདེབས་ཞིང་ལས་འཕྲུལ་ཆས(ཆ་ཚང)2200ལྷག་ཞིབ་བཤེར་བཟོ་བཅོས་བྱས་པ། ལས་བྱེད་པ763ཁུལ་ཡོངས་ཀྱི་རྫོང4ཤང་གྲོང30། སྡེ་བ214རུ་སོང་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུའི་ཡིག་ཆ་ཨང་དང་པོའི་སྒྲགས་བཤད་ལས་དོན་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་དཔྱིད་འདེབས་གྲ་སྒྲིག་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་བཏང་།

མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་འབྲུ་སྣུམ་ཐོན་སྐྱེད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྔོན་ལ་འཆར་འགོད་བྱས་པ་མ་ཟད་བྱེད་ཐབས་སྣ་ཚོགས་སྤྱད་དེ་དཔྱིད་འདེབས་དང་རྨོ་འདེབས་བྱེད་སྒོ་སྤེལ་བ་དང་། འབྲུ་རིགས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི2.07བར་གཏན་འཇགས་ཡོང་བ་དང་ཐོན་ཚད་ཏུན་ཁྲི6.65ལས་མི་དམའ་བ། སྣུམ་རྒྱུ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི2.83བར་གཏན་འཇགས་ཡོང་བ་དང་ཐོན་ཚད་ཏུན་ཁྲི་4ལས་མི་དམའ་བ། 2025ལོའི་འབྲུ་རིགས་ཐོན་སྐྱེད་ཀྱི་“ཁྱབ་ཚད་བརྟན་བརླིང་དང་ཐོན་སྐྱེད་འཕར་སྣོན། ཕན་འབྲས་ཐོན་སྐྱེད”ཞེས་པའི་དམིགས་འབེན་མངོན་འགྱུར་བྱུང་བར་བརྩོན་བྱ་ཆེད། རྫོང་སོ་སོས་དཔྱིད་འདེབས་ལ་དགོས་ངེས་ཀྱི་ས་བོན་དང་ལུད་རྫས། ཞིང་སྨན་སོགས་དངོས་རྫས་བཀོད་སྒྲིག་བྱས་ཏེ་ཞིང་ལས་རྒྱུ་ཆ་ཞབས་ཞུའི་དྲ་རྒྱ་ལེགས་པོ་ཞིག་བསྐྲུན་པ་དང་། ཁུལ་ཡོངས་ཀྱི་ཞིང་ལས་རྒྱུ་ཆ་སྐྱེལ་འདྲེན་གསོག་འཇོག་ལས་དོན་སྔོན་དཔག་བྱས་ན་ཟླ3པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་ངེས།

མཚོ་བྱང་ཁུལ་གྱིས་ཧུར་ཐག་སྒོས་ད་དུང་དཔྱིད་དུས་ཀྱི་ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁྲིམས་འཛིན་བྱ་འགུལ་སྤེལ་བ་དང་། ཞིང་ལས་རྒྱུ་ཆ་གཉེར་སྐྱོང་ཚོང་ཁང་དུ་གཏིང་ཟབ་ཏུ་བསྐྱོད་དེ་རྫས་ལུད་དང་སྨན་རྫས། ས་བོན། ཞིང་ལས་སྐྱི་སོགས་ཞིང་འདེབས་དངོས་རྫས་བཀོད་སྒྲིག་དང་མཁོ་སྤྲོད་དང་ཕྱིར་ཚོང་། གཉེར་སྐྱོང་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཁུལ་ཡོངས་ཀྱི་ཞིང་ལས་རྒྱུ་ཆའི་ཁྲོམ་རའི་ཉོ་ཚོང་ཁོར་ཡུག་སྔར་བས་གཙང་འགྱུར་བྱས་པ་དང་། དཔྱིད་དུས་ཀྱི་ཞིང་ལས་རྒྱུ་ཆའི་ཁྲོམ་ར་འཁོར་སྐྱོད་བདེ་འཇགས་འགན་ལེན་བྱས། མིག་སྔའི་བར་ཁྲིམས་འཛིན་མི་སྣ་བསྡོམས་པས་མི་ཐེངས22དང་། རླངས་འཁོར་ཐེངས6མངགས་ཏེ་ཞིང་ལས་རྒྱུ་ཆ་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་སོ་སོ16ལ་ཞིབ་བཤེར་ཐེངས16བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号