མཚོ་བྱང་ཁུལ་གྱིས་དགུན་དུས་འགུལ་སྐྱོད་སྤེལ་ནས་ཞིང་པ་ལས་མིའི་གླ་ཕོགས་སྒོར་ཁྲི176ལྷག་ལེན་རོགས་བྱས།
དགུན་དུས་འགུལ་སྐྱོད་སྤེལ་བ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་མང་པོ་སྤྱད་ནས་གླ་ཕོགས་བཅོས་སྐྱོང་བྱེད་པའི་དགུན་དུས་འགུལ་སྐྱོད་བྱེད་སྒོ་སྤེལ་བ་དང་། ཧུར་ཐག་གིས་ཞིང་པ་ལས་མི་ཚོར་བཅའ་ཁྲིམས་ཀྱི་འགན་སྲུང་དང་ཁེ་དབང་ཞབས་ཞུ་མཁོ་འདོན་བྱས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཞིང་པ་ལས་མིའི“གླ་ཕོགས་སྲུང་མཁན”བྱས་ནས་བསྡོམས་པའི་ཁུལ་ཡོངས་ཀྱི་གླ་ཕོགས་ཆད་པའི་གནད་དོན27ཐག་གཅོད་བྱས་པ་དང་། ཞིང་པ་ལས་མི128ཀྱི་གླ་ཕོགས་སྒོར་ཁྲི176.69ལེན་རོགས་བྱས།
གཅིག་ནི་འགུལ་སྐྱོད་ཡོངས་ཁྱབ་ཏུ་སྤེལ་བ། གླ་ཕོགས་ཆད་ལུས་བཅོས་སྐྱོང་བྱེད་པའི་དགུན་དུས་འགུལ་སྐྱོད་ལག་བསྟར་ཇུས་གཞི་བཟོས་བ་དང་པར་འགྲེམས་བྱས་ཏེ། སྡེ་ཁག་མང་པོ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་གླ་ཕོགས་ཆད་ལུས་ཀྱི་གནད་དོན་ཞིབ་བཤེར་བྱ་བ་ཡོངས་ཁྱབ་ཏུ་སྤེལ། ཨར་ལས་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད་སོགས་ངལ་རྩོལ་པ་མང་པོ་འདུས་པའི་ལས་རིགས་དང་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ནང་གི་གཙོ་གནད་ལས་གཞི་དང་གཙོ་གནད་ཁེ་ལས་ལ་ཞིབ་བཤེར་བྱས་ཏེ་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི13གྱི་ཡུལ་དངོས་སུ་བསྐྱོད་པ་དང་། ཁེ་ལས13ལ་ཞིབ་བཤེར་བྱས་ཤིང་ལས་བཟོ་པའི་མི་གྲངས་དང་གླ་ཕོགས་སྤྲོད་པའི་གནས་ཚུལ། མ་དངུལ་གཏོང་སྤྲོད་བྱས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། གླ་ཕོགས་ཆད་པའི་གཞུང་དབང་ཁེ་ལས2ཀྱི་འགན་འཁུར་བ་དང་ཁ་བརྡ་གྲོས་མོལ་བྱས་པ་དང་། སྲིད་གཞུང་གིས་མ་འཇོག་བྱས་པའི་གླ་ཕོགས་ཆད་པའི་ལས་གཞི3ལ་དྲན་སྐུལ་ཡི་གེ་བསྐུར།
གཉིས་ནི་ཞབས་འདེགས་ཞུ་བའི་མྱུར་ཚད་མགྱོགས་པ། འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་བཙུགས་ནས། ལས་རིགས་ནང་ཁུལ་གྱི་གླ་ཕོགས་ཆད་པའི་ཉེན་ཁ་གསེལ་སྒྲིག་བྱས་ཏེ། གནད་འཁེལ་སྒོས་ཞིབ་དཔྱད་དང་བརྡར་གཅོད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་བཟོས། ཞིང་པ་ལས་མིའི་ཁེ་དབང་སྲུང་བའི“ལྗང་མདོག་བགྲོད་ལམ”ཤར་གཏོང་བྱས་པ་དང་། སྔོན་ལ་སྣེ་ལེན་དང་སྔོན་ལ་བདག་སྤྲོད། སྔོན་ལ་ཞིབ་བཤེར། སྔོན་ལ་མངགས་གཏོང་བཅས་ཀྱི“སྔོན་བཞིའི”ལམ་སྲོལ་བརྒྱུད་དེ། དུས་ཐོག་དང་ཕན་ནུས་ཆེ་བའི་ཞབས་ཞུ་མཁོ་འདོན་བྱས། ཁྱད་པར་དུ་གླ་ཕོགས་ཆད་པ་དང་ངལ་རྩོལ་རྩོད་གཞི་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ཁྲོད། མཚོ་བྱང་ཁུལ་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཅུས་ཆ་རྐྱེན་དང་མཐུན་པའི་རྩོད་གླེང་གྱོད་གཞི་མགྱོགས་མྱུར་ངང་ཐོ་འགོད་དང་མགྱོགས་མྱུར་ངང་འདུམ་སྒྲིག མགྱོགས་མྱུར་ངང་འདྲི་གཅོད། མགྱོགས་མྱུར་ངང་མཇུག་སྒྲིལ་བཅས་བྱས་ཏེ། སྔོན་ལ་འདུམ་འགྲིག་བྱས་ཏེ་བར་གཅོད་དང་འདུམ་སྒྲིག་ཟུང་འབྲེལ་བྱེད་པའི་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་སྟབས་བདེ་དང་མགྱོགས་མྱུར། སྤུས་ལེགས་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注