ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན221རྟེན་གཞིའི་གནའ་ཤུལ་དང་ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་སོགས་སུ་བསྐྱོད་དེ་བརྟག་ཞིབ་གནང་།

ཟླ2པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གསར་བརྗེའི་རིག་དངོས་གསོན་སྒྱུར་བེད་སྤྱོད་དང་བེད་མེད་ཐོན་ཁུངས་བཀོལ་སྤྱོད་སོགས་གཙོ་གནད་བྱ་བར་དམིགས་ཏེ། དེ་སྔའི་རྒྱལ་གཉེར221བཟོ་གྲྭའི་གནའ་ཤུལ་གྱི་བཟོ་ཁུལ་ཁག་ཅིག་དང་ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་སུ་སོང་སྟེ་ཡུལ་དངོས་སུ་གཞུང་དོན་སྤེལ་སྟངས་ཐོག་ནས་དུས་མགོར་སྒྲུབ་རྒྱུར་སྤྲད་པའི་བྱ་བར་སྐུལ་འདེད་དང་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་།


ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་དེ་སྔའི་རྒྱལ་གཉེར221བཟོ་གྲྭའི་གནའ་ཤུལ་གྱི་བཟོ་ཁུལ་བརྒྱད་པ་དང་བཟོ་ཁུལ་བཅུ་པ་སོགས་ཀྱི་བཟོ་གྲྭ་དང་མཛོད་ཁང། ས་འོག་བཀོད་འདོམས་ལྟེ་གནས་སོགས་ཀྱི་སྒྲིག་བཀོད་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་ནས་གནའ་ཤུལ་སྲུང་སྐྱོབ་དང་གསོན་སྒྱུར་བེད་སྤྱོད་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་གནང་བ་དང་། འགན་ལེན་བྱེད་པའི་ལས་ཁུངས་སོ་སོའི་བྱ་བའི་སྙན་ཞུར་ཉན་ནས་བསྟན་དོན།  221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་བྱ་རྒྱུ་ནི་ཁུལ་ཨུའི་གཙོ་གནད་བྱ་བ་ཞིག་དང་མཚོ་བྱང་གིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལག་ལེན་དངོས་ཡིན་པས། ནུས་ཤུགས་གང་ཡོད་ཀྱིས་སྲུང་སྐྱོབ་ཀྱི་འགན་འཁྲི་ལེགས་པར་བསྒྲུབས་ཏེ་གསར་བརྗེའི་རིག་དངོས་སྤྱི་ཡོངས་འཆར་འགོད་དང་གཅིག་གྱུར་འགྲེམས་སྟོན། ནུས་ཆེའི་བེད་སྤྱོད་བཅས་ལ་སྐུལ་འདེད་བཏང་སྟེ། གསར་བརྗེའི་རིག་དངོས་ལ་གསོན་ཤུགས་བསྩལ་དགོས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་ཐད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ཐུབ་བྱས་ཏེ། ཁུལ་ཡོངས་ཀྱི་གསར་བརྗེའི་ཉམས་ཞིབ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། 


ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ་བཅུ་པ་རུ(སྒྲིག་ཆས་ལས་སྣོན་དང་ཞིབ་བཤེར་ཞིག་བཟོ་བཟོ་གྲྭ)ནན་གྱིས་བསྟན་དོན། གཅིག་ནས་ཁུལ་མང་ཚོགས་ཚོགས་པའི་རྩ་འཛུགས་དང་ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུས། ཁུལ་སློབ་གསོ་ཅུས་བཅས་ཀྱིས་མཐུན་སྦྱོར་གཞོགས་འདེགས་དང་རང་འགུལ་འགན་ལེན་བྱས་ཏེ། “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་དང་། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན། “ལྔ་བཞི”ན་གཞོན་དུས་ཆེན་སོགས་ལ་བརྟེན་ནས་གཟུགས་འདས་ཤུལ་བཞག་འགྲེམས་འཁྲབ་དང་མི་རིགས་གྱོན་ཆས་འགྲེམས་སྟོན། གཞོན་ནུའི་གྲོགས་སྒྲིག་མཛའ་མཐུན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་ཡག་པོ་བྱས་ཏེ། བྱེད་སྒོ་སྤེལ་བ་བརྒྱུད་ནས་མི་སྔར་ལས་མང་བོར་གསར་བརྗེའི་སློབ་གསོ་དང་ལེན་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་དུ་འཇུག་དགོས། གཉིས་ནས་ཁུལ་རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་གིས་བསྐྲུན་ཟིན་པའིCQBརྩལ་འགྲན་ཁང་དང་། ཁང་བའི་ནང་གི་དབྱིངས་ཞུགས་རྣམ་པའི་མདའ་འཕེན་ཉམས་ལེན་ཁང་། མདའ་འཕེན་དང་སྒྱོགས་དམག་གི་གཡུལ་ས་སོགས་ལུས་རྩལ་ཁང་སོ་སོའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། སློབ་ཚན་མ་ལག་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་བཏང་སྟེ། “གསར་བརྗེའི་ཉམས་ཞིབ+”ཀྱི་ཐོན་ལས་རྒྱ་ཇེ་ཆེ་དང་སྟོབས་ཇེ་ཆེར་གཏོང་དགོས། གསུམ་ནས་ཁུལ་ལས་རིགས་སློབ་གྲྭས“ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས”བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དངོས་སྦྱོང་རྟེན་གཞིར་བརྟེན་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་གཙོ་བོར་བཟུང་སྟེ། མཚོ་བྱང་གི་ཁྱད་ཆོས་ལྡན་པའི“མདེལ་གཉིས”དཔེ་དབྱིབས་དང་ཡིག་བྱང་། ཤིང་བརྐོས། རྡོ་བརྐོས་སོགས་རིག་གནས་གསར་གཏོད་ཐོན་རྫས་རབ་དང་རིམ་པ་གསར་བསྐྲུན་བྱས་ནས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། བཞི་ནས་ཁུལ་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་རང་འགན་འཁུར་ཏེ་བཟོ་ཁུལ་ལྗང་སྒྱུར་དང་། སྒོ་དང་སྒེའུ་ཁུང་སྒྱུར་བཅོས། སྦུ་གུ་སྦྲེལ་མཐུད་སོགས་ཀྱི་གཙོ་གནད་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་ནས་བཟོ་ཁུལ་དུ་བཅའ་སྡོད་བྱས་པའི་སྡེ་ཁག་ལ་རྨང་གཞིའི་འགན་སྲུང་མཁོ་འདོན་བྱེད་དགོས་ཟེར།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ་བརྒྱད་པ(འགྲིམ་འགྲུལ་སྐྱེལ་འདྲེན་རླངས་འཁོར་ལྷུ་ལག་བཟོ་གྲྭ)དང་བཟོ་ཁུལ་བཅུ་བཞི་པ(མེ་ཤུགས་གློག་འདོན་བཟོ་གྲྭ) བཟོ་ཁུལ་གསུམ་པ(འབར་རྫས་མཛོད་ཁང) བཟོ་ཁུལ་བདུན་པ་བཅས་སུ(དངོས་ལུགས་རྫས་འགྱུར་ཚོད་ལྟའི་བཟོ་གྲྭ)ནན་གྱིས་བསྟན་དོན། གཅིག་ནས་ཁུལ་བཟོ་འཕྲིན་ཅུས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མཚོ་སྔོན་རྡུལ་ཕྲན་མཁར་རྟེན་གཞིའི་གསོ་སྦྱོང་སྤྱི་གཉེར་ཁང་གི་མ་དངུལ་བརྩོན་ལེན་དང་ས་གནས་འདེམས་པ། སྙན་སེང་ཞུ་བ། ལས་གཞི་འཛུགས་པ་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་སྟེ་ལོ་འདིའི་ནང་བཟོ་ཁུལ་བརྒྱད་པའི་འཛུགས་སྐྲུན་བྱེད་མགོ་རྩོམ་རྒྱུ་བརྩོན་ལེན་བྱེད་དགོས། གཉིས་ནས་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་བཟོ་ཁུལ་བཅུ་བཞི་པའི་གློག་ཤུགས་རྟེན་མཛོད་ཁང་དང་དྲོད་འདོན་རྟེན་མཛོད་ཁང་། ས་འོག་བཀོད་འདོམས་ལྟེ་གནས་སོགས་འཛུགས་སྐྲུན་ལ་མུ་མཐུད་ཤུགས་བསྣན་ནས1960ལོར་སྔོན་གྱི་སུའུ་ལེན་གྱིས་བསྐྲུན་པའི་གློག་འདོན་སྒྲིག་ཆས་དང1959ལོར་ཧྲང་ཧའེ་ཡིས་བསྐྲུན་པའི་གློག་འདོན་སྒྲིག་ཆས་ལ་དོ་དམ་དང་སྲུང་སྐྱོང་ནན་ཏན་བྱས་ཏེ། བཟོ་ཁུལ་བཅུ་བཞི་པས221རྟེན་གཞི་ལ་གློག་ཤུགས་འགན་སྲུང་མཁོ་འདོན་བྱས་པའི་གཏམ་རྒྱུད་ཡག་པོར་བཤད་དགོས། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་མཉམ་དུ་རང་འགུལ་ངང་འབྲེལ་ཡོད་སྡེ་ཁག་དང་འབྲེལ་གཏུག་བྱས་ཏེ་ཐུན་མོང་འཛུགས་སྐྲུན་དང་ཐུན་མོང་སྐུལ་འདེད་ཐད་རྒྱབ་སྐྱོར་ཆེན་པོ་བརྩོན་ལེན་ཧུར་ཐག་བྱེད་དགོས། གསུམ་ནས་ཁུལ་སྤྱི་བདེ་ཅུས་ཀྱིས་མཚོ་བྱང་ཁུལ་སྤྱི་བདེ་ཅུས་ཀྱི་སྐྱ་དམག་སྦྱོང་བརྡར་རྟེན་གཞིའི་བཟོ་ཁུལ་གསུམ་པ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་བསྣན་ནས་དམག་ཁྱི་དང་མི་མེད་གནམ་གྲུ། སྐྱ་དམག ཕྱི་རོལ་ལུས་སྦྱོང་སོགས་སྦྱོང་བརྡར་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རྟེན་གཞི་དེ་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་དངོས་འཐབ་སྦྱོང་བརྡར་གྱི་མཚོ་བྱང་གི་དཔེ་མཚོན་ཞིག་ཏུ་འབད་བརྩོན་བྱེད་དགོས། བཞི་ནས་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་གནའ་ཤུལ་གཞུང་ལས་ཁང་དང་མདའ་བཞི་རྫོང་། མཚོ་བྱང་འཛུགས་སྐྲུན་བཟོ་ལས་སྤྱི་གཉེར་ཁང་བཅས་དང་མཉམ་དུ་བཟོ་ཁུལ་བདུན་པའི་ནུས་པའི་གནས་ཐིག་གཏན་འཁེལ་ལ་དམིགས་ཏེ་བཟོ་གྲྭ་དང་ཐོག་ཁང་སོགས་ཉམས་གསོ་སྒྱུར་བཀོད་བྱ་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་ཞིང་བ་ལས་མིའི་མཚན་མོའི་སློབ་གྲྭ་འཛུགས་རྒྱུའི་འཆར་འགོད་ཧུར་ཐག་བྱེད་པ་དང་གསོ་སྦྱོང་བྱེད་སྒོ་སྒྲིག་འཛུགས་བྱེད་དགོས། ལྔ་ནས་མདའ་བཞི་རྫོང་གིས་རྟའི་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་བཟོ་ཁུལ་བདུན་པ་ནས་སྨོན་ལམ་མཐོན་པོའི་བར་གྱི་རྟ་བཞོན་ཉམས་ལེན་ལམ་ཐིག་འཆར་འགོད་དང་ཇུས་འགོད་ནན་ཏན་བྱས་ནས་སྨོན་ལམ་མཐོན་པོ་རྟགས་མའི་རྟ་རྒྱུག་འགྲན་སྡུར་རབ་དང་རིམ་པ་གྲ་སྒྲིག་དང་འཆར་འགོད་ཡག་པོ་བྱེད་དགོས་ཟེར།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་སུ་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ནན་གྱིས་བསྟན་དོན། གཅིག་ནས་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་སྣེ་ཁྲིད་དེ་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་འཛིན་གྲྭ་ཚོགས་མགོ་རྩོམ་པའི་གསོ་སྦྱོང་གྲ་སྒྲིག་བྱ་བ་ཡག་པོར་བསྒྲུབ་སྟེ་གསོ་སྦྱོང་ལྟེ་གནས་དེ་ཁུལ་ཡོངས་ལ་གཞི་ཚུགས་པ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་པ། ཁྱད་ཆོས་མངོན་གསལ་དོད་པའི་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་སློབ་གསོའི་རྟེན་གཞི་ཞིག་ཏུ་བསྐྲུན་གང་ཐུབ་བྱེད་དགོས། གཉིས་ནས་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་སྣེ་ཁྲིད་དེ་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་མདའ་བཞི་རྫོང་དང་མཉམ་དུ་ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ལ་ཤུགས་བསྣན་ཏེ་ཟླ4པའི་ཟླ་མཇུག་ཏུ་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་ཟ་ཁང་བསྐྲུན་པ་དང་ལོ་འདིའི་ནང་ལས་བཟོ་པའི་ཁང་པ་བསྐྲུན་རྒྱུར་བརྩོན་ལེན་བྱེད་དགོས། གསུམ་ནས་མདའ་བཞི་རྫོང་གིས་ཟླ3པའི་ཟླ་མཇུག་ཏུ་འཛུགས་སྐྲུན་དངོས་པོའི་མངོན་མེད་ཉེན་ཁ་ཞིབ་བཤེར་དང་ཉམས་གསོ་བཅོས་སྒྲིག་གི་བྱ་བ་ལེགས་སྒྲུབ་བྱ་རྒྱུའི་འགན་འཁུར་དགོས་ཟེར།          

དེའི་རིང་། ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་ཁུལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་མཚོ་བྱང་གྲངས་འཛིན་ཅན་གྱི་འགྲེམས་ཁང་བསྐྲུན་པའི་གནས་ཚུལ་ལ་བརྟག་ཞིབ་གནང་ནས་ནན་གྱིས་བསྟན་དོན། འགྲེམས་སྟོན་གྱི་ཉམས་ལེན་བྱེད་པའི་ནང་དོན་གྱི་རྒྱ་ཆེ་རུ་གཏོང་བ་དང་འགྲེམས་སྟོན་ཇུས་འགོད་ཇེ་ལེགས་སུ་གཏོང་བ།  ཉམས་ལེན་གྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་།    《བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་དོ་དམ་བྱེད་ཐབས》དྲིལ་སྒྲོག་ཡག་པོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ་མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་དགོས་ཟེར།    


ཁུལ་གྱི་མགོ་ཁྲིད་སུང་ཞུག་ཙུང་དང་སི་ཅི་ཧྲིན། ཚོ་ཅི་ཆང་། སུའུ་བདུན་ཅུ། ཧན་ཧྲི། ལི་ཞན་རུང་བཅས་དང་། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས། མདའ་བཞི་རྫོང་གི་འགན་འཁུར་བློ་མཐུན་བཅས་སོ་སོར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号