ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།
ཟླ2པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཉེ་དུས་ཀྱི་གཙོ་གནད་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་གོམ་སྟབས་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཨའེ་ཧུང་ཚོགས་འདུར་ཞུགས། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཀྲུང་ཀྲི་ཅུན་ཚོགས་འདུར་ཟུར་ཞུགས་བྱས།
ཚོགས་འདུའི་སྟེང་ལས་གཞིའི་བྱ་བའི་འཆར་འགོད་དང“ལྔ་བཅོ་ལྔའི”འཆར་འགོད་སྒྲིག་བཟོ་དང་ཚོང་འགུག་མ་འདྲེན་བཅས་ཀྱི་སྐུལ་འདེད་གནས་ཚུལ་ལ་ཉན་ཏེ་བསྟན་དོན། 2024ལོར་ཁུལ་ཡོངས་ཀྱི་འཛུགས་སྐྲུན་ལས་གཞི357ཡོད་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར204བཏང་སྟེ་མ་དངུལ་སྒོར་དུང་ཕྱུར59.82ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས7.5%འཕར་བ་དང་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི3.2ལས་མཐོ། “མཚོ་སྔོན་ཚོང་གཏམ་གྲོས་ཚོགས”ཀྱི་ལས་གཞིར་གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བ་དང་ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར24.85ཟིན་ནས་ལེགས་གྲུབ་བྱུང་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། ད་ལོའི་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་དང“སྤྱི་གླིང་གཉིས་བཙན་ས་གཅིག”འཛུགས་སྐྲུན་སོགས་ལྟེ་བའི་བྱ་བར་དམིགས་ནས་ལས་གཞི་ཁག517གྲབས་གསོག་བྱས་ཏེ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར295.43བཏང་བ་དང་། ཚོང་འགུག་མ་འདྲེན་ལས་གཞི100འཆར་འགོད་བྱས་ནས་མ་དངུལ་སྒོར་དུང་ཕྱུར907.3ཟིན་ཡོད། དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ན་ལས་གཞི་ནི་རྨང་གཞི་ཡིན་པ་དང་མ་དངུལ་གཏོང་རྒྱུ་ནི་འགག་རྩ་ཡིན། གཅིག་ནས“ལས་གཞི་འགངས་ཆེན་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ནས་ཆུ་བེད་ཆུ་འདྲེན་དང་བགྲོད་ལམ་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ལས་གཞི་ཁག་ཅིག་འབུར་ཐོན་གྱིས་འཆར་འགོད་ཡག་པོ་བྱས་ཏེ་རེ་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་གཞིའི་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་དགོས། མདའ་བཞི་རྫོང་གི་ཤྭ་ལུང་ཆུ་མཛོད་སོགས་ཞིང་ཆེན་དང་ཁུལ་རིམ་པའི་གཙོ་གནད་ལས་གཞི39དམ་འཛིན་བྱས་ཏེ་དུས་བཀག་ལྟར་ནུས་ལྡན་མ་འཇོག་མངོན་འགྱུར་བྱེད་དགོས། གཉིས་ནས“ལྔ་བཅོ་ལྔའི”འཆར་འགོད《རྩ་གནད》སྒྲིག་བཟོ་བྱེད་པའི་ཁྲོད་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་གལ་ཆེན་ནང་གི་འགང་ཆེན་དུ་བརྩི་རྒྱུར་རྒྱུན་འཁྱོངས་བྱས་ཏེ། “243”འཕེལ་རྒྱས་བཀོད་པ་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན། ཐོན་ལས་གླིང་བཅུ་སོགས་ལ་དམིགས་ཏེ་འཕེལ་རྒྱས་ཀྱི་ལེགས་ཆ་གསལ་བོ་བཟོ་བ་དང་ཚོད་འཛིན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ། གཙོ་གནད་ཞིབ་འཇུག་བྱ་གཞི་ཁག་ཅིག་ལེགས་སྒྲིག་གཏན་འཁེལ་བྱས་ཏེ་མཚོ་བྱང་འཕེལ་རྒྱས་ལ་ཞིབ་འཇུག་ཡག་པོ་བྱས་ནས་མཚོ་བྱང་གི་མ་འོངས་འཆར་འགོད་ཡག་པོ་བྱེད་དགོས། གསུམ་ནས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་དང་འཕེལ་རྒྱས། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཚོང་འགུགས་མ་འདྲེན་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཁུལ་རིམ་པའི་མགོ་ཁྲིད་དང་སྡེ་ཁག་ལས་ཁུངས་ཀྱི་ཚོང་འགུགས་མ་འདྲེན་བྱ་བའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ཏེ“འགུལ་སྐྱོད་བཅུ”ལག་བསྟར་གཏིང་ཟབ་བྱས་ནས་ཧྲན་ཏུང་ཞིང་ཆེན་དང་གཏེར་ལྔ་ཚོགས་པ། ཀྲུང་གོ་འབྲུ་རིགས་ཚོགས་པ། ཀྲུང་གོ་ཧ་ཡང་ཚོགས་པ། རྒྱལ་ཁབ་ནུས་ཁུངས་ཚོགས་པ་བཅས་དང་འབྲེལ་གཏུག་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས་འཛུགས་སྐྲུན་རོགས་སྐྱོར་བྱ་བ་ཡག་པོ་སྒྲུབ་དགོས་ཟེར།
ཚོགས་འདུའི་སྟེང་ཡུལ་ཚོ་དང་གྲོང་རྡལ(སྡེ་བ་དང་སྡེ་ཁུལ)གྱི“བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན་དང་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་སྤུས་ཚད་མཐོ་རུ་གཏོང་བ། “རྒན་གཅིག་བྱིས་གཅིག” པུར་འཇུག་བཅོས་སྒྱུར་བྱ་བའི་གནས་ཚུལ་ལ་ཉན་ནས་བསྟན་དོན། 2023ལོ་ནས་བཟུང་མཚོ་བྱང་ཁུལ་གྱིས་ཡུལ་ཚོ་དང་གྲོང་རྡལ(སྡེ་བ་དང་སྡེ་ཁུལ)གྱི“བཅུ་ལྡན”བཟོ་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་གཞི་རིམ་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། གཞི་རིམ་ལས་བྱེད་པའི་གཞུང་ལས་དང་ཞག་སྡོད། ཟ་མ་སོགས་དགོས་ངེས་སྒྲིག་ཆས་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་སྟེ་མང་ཚོགས་ཀྱིས་བྱ་བ་སྒྲུབ་པ་སྔར་བས་སྟབས་བདེ་དང་སྔར་བར་ཇེ་མགྱོགས་བཏང་སྟེ། གསར་གཏོད་བྱེད་སྟངས་ལ་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཀྱིས་ཚད་མཐོའི་ཁས་ལེན་ཐོབ། ཁུལ་ཡོངས་ཀྱི་སློབ་གསོ་དང་སློབ་ཁྲིད་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་འབྲིང་རྒྱུགས་ཁྲོད་མཚོ་བྱང་ཁུལ་མདུན་གྲས་སུ་སླེབས་ཡོད། ཁུལ་ཡོངས་ཀྱི་སྡེ་བ(སྡེ་ཁུལ)92%ལ་བདེ་སྐྱིད་ཟ་ཁང་ཡོད་པ་དང་རྒན་གསོའི་ཞབས་ཞུའི་བྱ་བ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་རྒྱལ་ཡོངས་ཀྱི་ཕུལ་བྱུང་ས་ཁུལ་ལ་བདམས་ཐོན་བྱུང་ཡོད། གཅིག་ནས་ཡུལ་ཚོ་དང་གྲོང་རྡལ(སྡེ་བ་དང་སྡེ་ཁུལ)གྱི“བཅུ་ལྡན”བཟོ་སྐྲུན་བྱེད་ནུས་ཐེག་ནུས་དང་ཞབས་ཞུའི་མཉེན་ཤུགས་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་ཡུལ་ཚོ་དང་གྲོང་རྡལ(སྡེ་བ་དང་སྡེ་ཁུལ)གྱི་ཤིང་འཛུགས་ནགས་སྐྲུན་བྱ་བ་ཇེ་ཆེར་གཏོང་དགོས་པ་དང་། མང་ཚོགས་ཀྱི་གཉེན་སྒྲིག་དང་འདུས་མཆོད་སོགས་གཅིག་བསྡུས་ཀྱིས་གཉེར་བར་དར་སྤེལ་ཧུར་ཐག་བྱས་ཏེ་ཡུལ་སྲོལ་འགྱུར་ལྡོག་ལ་སྐུལ་འདེད་ཏན་ཏིག་བཏང་ནས“བཅུ་ལྡན”བཟོ་སྐྲུན་ལས་བྱེད་པར་གཅེས་སྐྱོང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“གཅེས་སེམས་གྲུ་ཁ”ཞིག་ཏུ་འགྱུར་བར་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་དང་ཁྱོན་ཡོངས་ནས་སྲ་མཁྲེགས་ཡོང་བར་སྐུལ་འདེད་གཏོང་དགོས། གཉིས་ནས་སློབ་མའི་འཕེལ་རྒྱས་དམིགས་འབེན་དུ་འཛིན་པ་རྒྱུན་འཁྱོངས་དང་དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་རྒྱུ་རྨང་གཞིར་བྱས་ཏེ། གནད་དོན་གྱི་ཞན་ཆ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་དགེ་རྒན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ། ཁུལ་ཡོངས་ཀྱི་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། གསུམ་ནས་རིམ་པ་གསུམ་པའི་རྒན་གསོ་ཞབས་ཞུའི་དྲ་རྒྱ་ཡོངས་ཁྱབ་ཏུ་འགྱུར་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང“བདེ་སྐྱིད་ཟ་ཁང”གི་ཡུན་རིང་ཕན་ནུས་འཁོར་སྐྱོད་ལམ་སྲོལ་མུ་མཐུད་དུ་བཏོད་ནས་མཐོ་རུ་གཏོང་དགོས་པ་དང་། རིམ་པ་མང་ཞིང་སྣ་མང་ཅན་གྱི་རྒན་གསོ་ཞབས་ཞུའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། པུར་འཇུག་ཁྱབ་ཁོངས་ཀྱི་རུལ་སུངས་དང་ཟང་ཟིང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་འཚོ་བའི་ཁུར་པོ་མུ་མཐུད་ཡང་དུ་བཏང་ནས་འདས་ན་བློ་སེམས་བདེ་བ་དང་གསོན་ན་བདེ་སྐྱིད་ལྡན་པའི་འགན་ལེན་བྱེད་དགོས་ཟེར།
ཚོགས་འདུའི་སྟེང་ཁུལ་ཡོངས་ཀྱི་ཡིག་སྐུར་ངོ་བཅར་གྱོད་གཞི་སེལ་བ་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་བོ་ཡང་དུ་བཏང་བ། ཞིང་ཆེན་ཏང་ཨུས་སྐོར་ཞིབ་ཚུར་ལན་གནད་དོན་བཅོས་སྒྲིག་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་ནས་བསྟན་དོན། གཅིག་ནས་ཡིག་སྐུར་ངོ་བཅར་གནད་དོན་གྱི་འབྱུང་ཁུངས་བཅོས་སྐྱོང་ལོ་གསུམ་རིང་གི་འགག་སྒྲོལ་བྱ་སྤྱོད་མུ་མཐུད་དུ་ཏན་ཏིག་གཏོང་བ་དང་མགོ་ཁྲིད་ལས་བྱེད་པས་གྱོད་གཞི་འགན་གཙང་ལེན་བྱས་ནས“ཐུམ་ལྔའི”འགན་ལེན་ཐག་གཅོད་བྱེད་པའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་དང་མངའ་ཁོངས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཡིག་སྐུར་ངོ་བཅར་ཞུ་བའི་ཐེབས་རྩ་བེད་སྤྱོད་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱ་དགོས། གཉིས་ནས་ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་གྱི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་གཙོ་འགན་དང་ལས་རིགས་སྡེ་ཁག་གི་བྱ་བའི་འགན་འཁྲི་དམ་ཟབ་བྱས་ནས“ལྟ་སྐུལ་ཞིབ་བཤེར་རྒྱུགས་ལེན”གཅིག་གྱུར་འཆར་འགོད་དང་ཚད་ལྡན་དུ་བཏང་སྟེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱ་བ་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་སྐོར་ཞིབ་བཅོས་སྒྲིག་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཐོག་ལྟ་བ་དང་ཆབ་སྲིད་ཐོག་སྒྲུབ་པ་རྒྱུན་འཁྱོངས་བྱས་ནས།《བཅོས་སྒྲིག་ཇུས་གཞི》གང་མགྱོགས་སྒོས་འཐུས་ཚང་དུ་བཏང་སྟེ་དུས་རིམ་དང་སྐས་རིམ་དབྱེ་ནས་གནད་དོན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་ལས་ལྐོག་གནས་འཇོག་མི་རུང་ཟེར།
ཚོགས་འདུའི་སྟེང་གསར་བརྗེ་ཉམས་ཞིབ་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་ཏེ་བསྟན་དོན། གསར་བརྗེ་ཉམས་ཞིབ་ཆས་རྟགས་ཁྱོན་ཡོངས་ནས་དར་ཁྱབ་བཏང་བ་དང2024ལོར་གསོ་སྦྱོང་འཛིན་གྲྭ་དང་གསར་བརྗེ་ཉམས་ཞིབ་བྱེད་སྒོ་ཐེངས728། མི་ཐེངས་ཁྲི15.3ལྷག་ཙམ་གཉེར་བ་དང་ཡོང་འབབ་སྒོར་ཁྲི2394ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད་ཡོད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་སྟེ་ཁུལ་དང་རྫོང་གི་ཏང་གི་སློབ་གྲྭ་དང་སྲིད་ཁྲིམས། འཐབ་ཕྱོགས་གཅིག་གྱུར། མང་ཚོགས་ཚོགས་པའི་ལས་བྱེད་གསོ་སྦྱོང་ལྟེ་གནས་དང་དེ་བཞིན་མཚོ་སྔོན་རྡུལ་ཕྲན་མཁར་རྟེན་གཞིའི་ཉམས་ཞིབ་གསོ་སྦྱོང་ཚད་ཡོད་སྤྱི་གཉེར་ཁང་། མཚོ་སྔོན་མདེལ་གཉིས་སྐར་གཅིག་ཉམས་ཞིབ་སྤྱི་གཉེར་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “སྲོག་ཤིང་གཅིག་འབྲེལ་བཞི་ལམ་བདུན་གནས་མང”གི་ཉམས་ཞིབ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས“འཛིན་གྲྭ་གཅིག་ལ་ཐབས་ཇུས་གཅིག”གཞིར་བཟུང་སྟེ་སློབ་ཚན་སྤུས་ལེགས་ལས་པ་དང་ཉམས་ཞིབ་ལམ་ཐིག་སྒྲིག་བཀོད། སློབ་གཉེར་གཞི་ཁྱོན་རྒྱ་ཆེར་གཏོང་བ། སློབ་གཉེར་སྤུས་ཚད་མཐོ་རུ་གཏོང་བ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ལ་གསར་བརྗེ་ཉམས་ཞིབ་གདན་ཞུའི་ཡི་གེ་བསྐུར་ནས་ཏང་ཡོན་དང་ལས་བྱེད་པ་དེ་བས་མང་བ་མཚོ་བྱང་དུ་ཡོང་ནས་གསར་བརྗེ་སློབ་གསོ་དང་ལེན་བྱེད་དུ་འཇུག་དགོས།
ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་སི་ཅི་ཧྲིན། ཚོ་ཅི་ཆང་། སུའུ་བདུན་ཅུ། ཀརྨ་ཚེ་རིང་། ཧ་ཝུན་ཞུག ཧན་ཧྲི། ལི་ཞན་རུང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དག་ཚོགས་འདུར་ཟུར་ཞུགས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注