ཤ་བོ་སྐྱབས་མཚོ་སྔོན་པོའི་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་དང་སྨོན་ལམ་མཐོན་པོ། བྱེ་མ་གསེར་ལྡན། ཁེ་ཐུའུ་བྱེ་བཅོས་ས་ཚིགས་སུ་བསྐྱོད་དེ་བརྟག་ཞིབ་གནང་།

ཟླ2པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་སྔོན་པོའི་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་དང་། སྨོན་ལམ་མཐོན་པོ་ལྗོངས་ཁུལ་དང་ཕྱི་རོལ་སྒར་འདེབས་རྟེན་གཞི། བྱེ་མ་གསེར་ལྡན་སྐྱེ་ཁམས་ཉམས་ལེན་ཁུལ། ཁེ་ཐུའུ་བྱེ་བཅོས་སྐྱེ་ཁམས་སློབ་ཁྲིད་ས་ཚིགས་བཅས་སུ་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ་ཏེ་ནན་གྱིས་བསྟན་དོན། མཚོ་བྱང་གི་དམིགས་བསལ་གྱི་སྐྱེ་ཁམས་ཁུལ་གྱི་གནས་ཚུལ་དང་དམིགས་བསལ་གྱི་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་གཞིར་བཟུང་སྟེ་དམིགས་ཚད་ལ་དམ་པོར་དམིགས་པ་དང་འགག་སྒྲོལ་གྱི་དཀའ་ངལ་ཁྱད་བསད་བྱས་ཏེ་གསར་བརྗེའི་ཉམས་ཞིབ་དང་རྒྱལ་སྲུང་སློབ་གསོ། སྐྱེ་ཁམས་སྲུང་སྐྱོབ་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་བཟོ་སྐྲུན་འཛུགས་སྐྲུན་གྱི་མྱུར་ཚད་མུ་མཐུད་ཇེ་མགྱོགས་སུ་བཏང་ནས་ལས་འགན་སོ་སོ་སྔ་མོ་ནས་དོན་འཁྱོལ་དང་སྔ་མོ་ནས་ཕན་འབྲས་ཐོན་ཐུབ་པར་འགན་ལེན་བྱེད་དགོས་ཟེར།        

མཚོ་སྔོན་པོའི་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་དུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་གསར་བརྗེའི་ཉམས་ཞིབ་རྟེན་གཞིའི་འཆར་འགོད་བཟོ་འགོད་གནས་ཚུལ་ལ་མཛུབ་ཁྲིད་གནང་ནས་བསྟན་དོན། དམག་སྒར་བཅུ་གཉིས་པ་ནི་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དང་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭའི་གསར་བརྗེའི་ཉམས་ཞིབ་བྱ་ཡུལ་ཡིན་ལ། ཞིང་ཆེན་དང་ཁུལ་གྱི་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་མཉམ་སྤྱོད་ཀྱི་གཡུལ་ས་ཞིག་ཀྱང་ཡིན་ཏེ། གཅིག་ནས་ཚད་གཞི་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས་ཆོག་མཆན་སྤྲད་པའི་འཆར་འགོད་གཞིར་བཟུང་གསར་བརྗེའི་སློབ་ཁྲིད་ས་ཚིགས་འཛུགས་སྐྲུན་ལས་གཞིའི་དུས་རིམ་དང་པོའི་བཟོ་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་སྟེ། ཟླ4པར་ཁྱོན་ཡོངས་ནས་ལས་མགོ་འཛུགས་རྒྱུའི་བརྩོན་ལེན་བྱེད་དགོས། གཉིས་ནས་སྒྲིག་འཛུགས་བྱས་ཏེ《གསང་རྒྱ543》བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་། དམག་སྒར་བཅུ་གཉིས་པའི་གཏམ་རྒྱུད་ཡག་པོར་བཤད་དགོས།    《མཚོ་ཆེན་གྱི་གས་ཁ》དང《མཚོ་སྔོན་པོའི་ཉེན་ཁ་སྐྱོབ་པའི་དངོས་བྲིས》སོགས་དཔེ་དེབ་དང་རྩོམ་ཡིག་ཟུང་འབྲེལ་བྱས་ཏེ། མཚོ་དམག་དང་སྐམ་དམག མཁའ་དམག་གསུམ་གྱིས་ཉ་པ38བསྐྱབས་པའི་གཏམ་རྒྱུད་ཡག་པོར་བཤད་དགོས།    ཧྲན་དབྱིན་འཕྲུལ་ཆས་བཟོ་གྲྭའི(ཉ་འབོམ་ཚོད་ལྟའི་རྟེན་གཞི)གྲུ་ཁའི་གཏམ་རྒྱུད་སྔོག་འདོན་ལེགས་སྒྲིག་བྱས་ནས་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་གྱི་གསར་བརྗེའི་ཉམས་ཞིབ་ནང་དོན་མུ་མཐུད་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཟེར།          

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ལྗོངས་ཁུལ་དང་ཕྱི་རོལ་རྟེན་གཞི་རུ་ཤ་བོ་སྐྱབས་ཀྱིས་སྨོན་ལམ་མཐོན་པོའི་གཞུང་ལམ་དང་ལྗོངས་གཟིགས་སྟེགས་བུ། ཤིང་ལམ། ཕྱི་རོལ་རྟེན་གཞི་བཅས་ཀྱི་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མདའ་བཞི་རྫོང་གི་བྱ་བའི་སྙན་ཞུ་ལ་གསན་ནས་བསྟན་དོན། སྨོན་ལམ་མཐོན་པོ་ནི་མཁའ་དམག་འཕུར་མདེལ་དམག་སྒར་རུ་ཤོག་བཅུ་གཉིས་པ་དང་བཅུ་གསུམ་པ། རུ་ཤོག་དང་པོ་བཅས་ཀྱི་སྡོད་གནས་ཡིན་ལ། རོལ་དབྱངས་གྲགས་ཅན<<གསེར་བུམ་ལྟ་བུའི་རི་བོ་ཆུང་ཆུང>>ཞེས་པ་གསར་རྩོམ་བྱེད་ས་ཡང་ཡིན་པས། གསར་བརྗེའི་གཞི་རྒྱུ་སྔོག་འདོན་དང་དྲིལ་སྒྲོག་ཤུགས་ཆེན་བྱེད་པ་དང་། མཁའ་དམག་གིས221རྟེན་གཞི་སྲུང་སྐྱོབ་བྱས་པའི་གཏམ་རྒྱུད་ཡག་པོར་བརྗོད་དགོས་པར་བཤད་དེ་ནན་གྱིས་བསྟན་དོན། གཅིག་ནས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་བསྣན་ནས་ཟླ6པའི་ཚེས1ཉིན་གྱི་སྔོན་ལ་སྨོན་ལམ་མཐོན་པོའི་སྣུམ་ལམ་འདིང་བའི་བཟོ་སྐྲུན་ལེགས་འགྲུབ་བྱེད་དགོས་པ་དང་། ལྗོངས་ཁུལ་གྱི་ཤིང་ལམ་སྦྲེལ་མཐུད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས་ལྗོངས་ཁུལ་གྱི་ཆུ་སྤྱོད་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ཏེ། གང་མགྱོགས་ངང་རི་མགོར་ཆུ་འདྲེན་ཐུབ་པའི་འགན་ལེན་བྱེད་དགོས། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ཁང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫོང་བཞིའི་ཡུལ་སྐོར་ཐོན་ཁུངས་སྦྲེལ་མཐུད་ཡག་པོ་བྱེད་པ། གསར་བརྗེའི་ཡུལ་སྐོར་ལམ་ཐིག་སྤུས་དག་གསར་སྤེལ་བྱེད་པ། མཉམ་འབྲེལ་སྤ་སེའི་གཟིགས་སྐྱོང་སྲིད་ཇུས་འདོན་པ། རྟེན་གཞིའི་ཉམས་ཞིབ་ཡུལ་སྐོར་མི་གྲངས་མང་དུ་གཏོང་བ་བཅས་བྱེད་དགོས། གཉིས་ནས་སྨོན་ལམ་མཐོན་པོའི་སྒར་འདེབས་དང་ཕྱི་རོལ་རྟེན་གཞི། སྒེར་གྱིས་རླངས་འཁོར་གཏོང་བའི་སྒར་འདེབས་བཅས་ཀྱི་ལས་གཞི་ཇུས་འགོད་དང་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། 2025ལོའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་མཇུག་སྒྲིལ་བྱ་དགའ་སྤྲོད་པའི་ཚོགས་འདུའི་གྲ་སྒྲིག་བྱ་བ་སོ་སོ་ཕྱོགས་ཡོངས་ནས་ཡག་པོར་སྒྲུབ་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རྟ་ལམ་དང་ནོར་ལམ་ལུགས་མཐུན་ངང་བཟོས་ཏེ་རྟ་བཞོན་དང་གཡག་བཞོན། མདའ་འཕེན་སོགས་ཀྱི་ཉམས་ལེན་ལས་གཞི་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རིག་གནས་དང་ལུས་རྩལ། ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་ཆེད་རྨང་གཞི་འདིང་དགོས། གསུམ་ནས་སྨོན་ལམ་མཐོན་པོའི་སྲིབ་ངོས་ཀྱི་ས་ཁམས་ལེགས་ཆར་བརྟེན་ནས་ཆེད་ལས་གངས་ཤུད་ར་བ་འཛུགས་སྐྲུན་བྱ་རྒྱུ་འཚོལ་ཞིབ་དང་ཇུས་འགོད་བྱེད་དགོས། གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན་སོགས་སྡེ་ཁག་དང་དེ་བཞིན་ཞིང་ཆེན་ཕྱིའི་ཁེ་ལས་དང་བྱ་ལས་སྡེ་ཁག སློབ་གྲྭ་ཆེན་མོ་སོ་སོར་མཐུན་སྦྱོར་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་གསར་བརྗེའི་སློབ་གསོ་གསོ་སྦྱོང་དང་གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཤུགས་ཆེན་སྤེལ་དགོས་ཟེར།

བྱེ་མ་གསེར་ལྡན་སྐྱེ་ཁམས་ཉམས་ལེན་ཁུལ་དུ་ཤ་བོ་སྐྱབས་ཀྱིས་ལྗོངས་ཁུལ་འཆར་འགོད་བཀོད་སྒྲིག་དང་སྒྲིག་བཀོད་ཆ་ཚང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས་ནན་གྱིས་བསྟན་དོན། ཞིང་ཆེན་ཐིན་གྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་མཐུད་འབྲེལ་གཏུག་བྱ་རྒྱུར་ཤུགས་བསྣན་ནས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཚད་མཐོའི་སྐུལ་འདེད་གཏོང་དགོས་པ་དང་། ཁྱད་ལྡན་ལྟ་སྐོར་དང་རིག་གནས་ཉམས་ལེན། སྐྱེ་ཁམས་སྤྲོ་གསེང་། ཕྱི་རོལ་ལུས་རྩལ་སོགས་ཇུས་འགོད་ཞིབ་ཚགས་བྱས་ཏེ་ཡུལ་སྐོར་ལས་རིགས་ཕུན་སུམ་ཇེ་ཚོགས་དང་མི་དམངས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ། མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་རྟ་དང་རྔ་མོང་གི་ཐོན་ལས་བརྒྱུད་ནས་ལས་ཞུགས་ཡོང་འབབ་འཕར་བར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས། ལྗོངས་ཁུལ་གྱི་ལས་སྒོ་མ་ཕྱེ་གོང་གི་གྲ་སྒྲིག་བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་དགོས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་བྱ་བའི་བླང་བྱ་ནན་ཏན་ལྟར་ལྗོངས་ཁུལ་གྱི་གློག་དང་ཆུ། མེ་ཟོན་སོགས་དགོས་ངེས་ཀྱི་སྒྲིག་བཀོད་སྒྲིག་ཆས་ལ་ཞིབ་བཤེར་དང་སྲུང་སྐྱོང་བྱས་ཏེ་ཟླ4པའི་ཟླ་དཀྱིལ་དུ་སྒོ་ཕྱེ་ནས་གསར་བརྗེའི་ཉམས་ཞིབ་དང་ལེན་བྱ་རྒྱུར་བརྩོན་ལེན་བྱེད་དགོས་ཟེར། 

ཁེ་ཐུའུ་བྱེ་བཅོས་སྐྱེ་ཁམས་སློབ་ཁྲིད་ས་ཚིགས་སུ་ཤ་བོ་སྐྱབས་ཀྱིས་བསྟན་དོན། ལོ་ངོ40ལྷག་ཙམ་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཁེ་ཐུའུ་ས་ཁུལ་དེ་རྩྭའང་མི་སྐྱེ་བའི་བྱེ་ཐང་ནས་མུའུ་ཁྲི135ཅན་གྱི་ལྗང་མདོག་འགོག་སྲུང་དུ་བསྒྱུར་བཀོད་བྱས་ཏེ་མཚོ་བྱང་གི“རི་བོ་གཉིས་ཀྱི་རིགས་པའི་གཞུང་ལུགས”ལག་ལེན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཉམས་ཞིབ་བྱེད་སྒོའི་ལམ་ཐིག་དང་དེ་བཞིན་མཛེས་ལྗོངས་ལ་ལྟ་བའི་ཟུར་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ཏེ་ཁེ་ཐུའུ་བྱེ་བཅོས་ལྗོངས་གཟིགས་ལྡིང་ཁང་བསྒྱུར་བཀོད་ཡག་པོ་བྱེད་དགོས། དེ་དང་ཆབས་ཅིག་ཁུལ་དང་རྫོང་གི་ཏང་གི་སློབ་གྲྭས་ཉམས་ཞིབ་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མཐོ་གྲང་ཐན་བྱེ་ས་ཁུལ་ནས“མཐོ་སྒང་སའེ་ཧན་པེ”ལ་བསྒྱུར་བའི་མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་ནས་མཚོ་བྱང་གི་སྐྱེ་ཁམས་ཉམས་ཞིབ་ཆས་རྟགས་རྒྱུན་མཐུད་ངང་དར་སྤེལ་གཏོང་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཆན་གོ་ཆིན་དང་ཀྲུང་ཀྲི་ཅུན། ཀྲང་ཨའེ་ཧུང་། སུང་ཞུག་ཙུང་། ཚོ་ཅི་ཆང་། ཧན་ཧྲི་བཅས་དང་། དེ་བཞིན་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག མདའ་བཞི་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号