མདོ་ལ་རྫོང་གིས་གསར་དར་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ།

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་གསར་དར་མཁར་གྲོང་ཅན་གྱི་འཛུགས་སྐྲུན་གྱི་གལ་ཆེའི་བླང་བྱ་སྐོར་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས། “བཙན་ས”འཛུགས་སྐྲུན་གྱི་ཚད་གཞི་དང“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས་སྐྱེ་ཁམས་ཅན་དང་མི་ཆོས་ཅན། བདེ་སྡོད་ཅན་གྱི་གསར་དར་མཁར་གྲོང་ནི་མཁར་གྲོང་ཅན་མགྱོགས་མྱུར་འཛུགས་སྐྲུན་གྱི་བྱེད་ཐབས་བྱེ་བྲག་ཏུ་རྩིས་ཤིང་གསར་དར་མཁར་གྲོང་ཅན་འཛུགས་སྐྲུན་གྱི་སྤུས་ཕན་མཐོར་འདེགས་ལ་སྐུལ་འདེད་ཏན་ཏིག་བཏང་།

སྐྱེ་ཁམས་ཅན་གྱི་གསར་དར་མཁར་གྲོང་འཛུགས་སྐྲུན་བྱས་པ། གསར་དར་མཁར་གྲོང་ཅན་གྱི་འཆར་འགོད་ཁུལ་གྱི“འཆར་འགོད་སྔོ་ལྗང་ཐིག་རིས་ཀྱི”དོ་དམ་བླང་བྱ་ལག་བསྟར་དང་། མ་རྩ་རེ་ཞུ་བྱས་རྗེས་སྔ་རྗེས་སུ་ལྗང་མདོག་སྤྱི་གླིང་དང་སྟོང་སོའི་བྱང་འདབས་ཡུག་ཁུལ་གྱི་སྐྱེ་ཁམས་སླར་གསོ། གྲོང་ཁྱེར་ཉམས་གསོ་སོགས་སྐྱེ་ཁམས་སླར་གསོ་ལེགས་འགྲུབ་བྱ་དགོས། མཁར་ཤར་སྔོ་ལྗང་དང་རླུང་འཁོར་ཐང་ཆེན། སྦྱར་སྡོང་གླིང་ག བཙུན་མོ་ཐང་ཆེན་སོགས་སྲང་གཞུང་ས་ལྗང7གཙོ་གནད་དུ་བསྐྲུན། “ལྗང་སྣོན་དང་ལྗང་སྲུང་། ལྗང་གསོ”ཡི་ལས་གྲྭ་ཤུགས་ཆེན་པོས་ལག་བསྟར་བྱས་པ་དང་། ལྗང་ཆད་སྔོ་ཁེབས་དང་གནོད་འབུའི་འགོག་བཅོས། མྱུ་གུར་ཆུ་འདྲེན་པ། ལྡུམ་རྩྭ་ཞིག་གསོ་སོགས་རྒྱུན་གཏན་བདག་དོམ་གསོ་སྐྱོང་ལས་དོན་ཁྱོན་ཡོངས་ནས་སྤེལ། སྔོ་ཁེབས་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི20.28ཞིག་གསོ་བྱས་ཤིང་། ཁུལ་ཁོངས་ཀྱི་ལྗང་སྒྱུར་ཁྱབ་ཚད་སྤྱི་ཆིང160ལ་སླེབས། ལྗང་སྒྱུར་ཁྱབ་ཚད39%ཡིན། བར་སྟོང་གི་སྐྱེ་ཁམས་བྱེད་ནུས་ལ་ཟམ་མ་ཆད་པར་མཐོར་འདེགས་དང་གྲོང་ཁྱེར་ཡུལ་ལྗོངས་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ་སྔོ་གྲོང་མཉམ་འདྲེས་དང་ལྗོངས་གྲོང་མཉམ་འདྲེས། རི་ཆུ་མཉམ་འདྲེས་ཀྱི་ཕྲ་རྒྱན་རྣམ་པའི་མཁར་གྲོང་གི་བར་སྟོང་རྣམ་པ་གསར་བ་ཆགས།

མི་ཆོས་རྣམ་པ་གསར་བའི་གྲོང་རྡལ་འཛུགས་སྐྲུན་བྱས་པ། ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་འཇོག་དང་མཛེས་སྡུག་ལྡན་པའི་མཁར་གྲོང་གི་ཞིང་ཆེན་རིམ་པའི་ཆེད་དོན་མ་དངུལ་སོགས་རེ་ཞུ་བྱས་པ་བརྒྱུད། སྔ་རྗེས་སུ་མུ་རི་གྲོང་རྡལ་མཛེས་ལྡན་མཁར་གྲོང་དང་མུ་རིའི་གྲོང་འདུས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། ཨ་རིག་ཡུལ་ཚོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཡུལ་གྲོང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་དང་། མཁར་གྲོང་གི་མི་ཆོས་ཀྱི་ཁྱད་ཆོས་དང་རང་བྱུང་སྐྱེ་ཁམས་མཛེས་ལྗོངས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་བ་དང་། G213གྱི་ཇུས་འགོད་ཐིག་དང་། S302མཁར་དམར་ནས་མདོ་ལའི་གཞུང་ལམ་སོགས་ལམ་རྒྱུད་ཀྱི་མཁར་གྲོང་རྣམ་པར་མཐུན་སྦྱོར་གཅིག་གྱུར་ངང་འཛུགས་སྐྲུན་ཉམས་འགྱུར་དང་ཚོན་མདངས་ལྡན་པར་བྱས་ལ། ཁོར་ཡུག་རྣམ་པ་ཕྱོགས་བསྡུས་བཅོས་སྐྱོང་ཆེད་དོན་འགག་སྒྲོལ་བྱ་སྤྱོད་ཏན་ཏིག་ཏུ་སྤེལ་ནས། སྤྱིལ་ཁང་ཁུལ་བཅོས་སྒྱུར་ཁྱབ་ཁོངས་ཁྲོད་ཀྱི་བཤིག་སྤོས་བེད་མེད་དངོས་རྫས་དང་སྤུངས་གསོག་བྱས་པའི་འཛུགས་སྐྲུན་གད་སྙིགས་དང་བྱེ་མ། སོ་ཕག ཤིང་ཆ་སོགས་ལ་དུས་བཅད་གཙང་སེལ་བྱས། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དོན་འཁྱོལ་བྱས་ཤིང་། རིམ་རྩིས་ལྟར་ན་སྐྱེ་ཁམས་ལྷོ་ལམ་དང་། ནུབ་མཚོ་ལམ་སོགས་གྲོང་ཁྱེར་གསར་སྐྲུན་ཡུགས་ཁུལ་ཆེ་གྲས་གསུམ་གྱི་གྲོང་ཁུལ་མུའུ280དང་། སྟོང་སོའི་བྱང་འདབས་ཡུག་ཁུལ་གྱི་མཁར་གྲོང་རྣམ་པ་ལེགས་སྒྱུར་དང་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ནུབ་མཚོ་ལམ་གྱི་བགྲོད་ལམ་ལམ་རྒྱུད་ལྗང་སྒྱུར་ཁོར་ཡུག་དག་ཐེར་ལས་དོན་བདེ་བླག་ཏུ་གྲུབ་ལ། མཁར་གྲོང་གི་རྣམ་པར་ལེགས་བཅོས་མངོན་གསལ་ཐོབ།

གཞིས་སྡོད་རྣམ་པའི་མཁར་གྲོང་གསར་སྐྲུན་བྱས་པ། མ་དངུལ་སྒོར་དུང་ཕྱུར12.4བཏང་ནས་མདོ་ལ་རྫོང་གི2018ལོ་ནས2019ལོའི་སྤྱིལ་ཁང་ཁུལ་སྒྱུར་བཀོད་རྣམ་གྲངས(སྐབས་དང་པོ)དང་། མདོ་ལ་རྫོང་སྟོང་སོའི་བྱང་འདབས་ཡུག་ཁུལ་གྱི་སྐྱེ་ཁམས་ཁ་གསབ་ལས་གཞི། མདོ་ལ་རྫོང་གི་འཛུགས་སྐྲུན་གད་སྙིགས་འགེབ་སྦས་ལས་གཞི་སོགས་ལས་གཞི64ལག་བསྟར་བྱས། སྤང་ལྗོངས་སྤྱི་གླིང7གསར་དུ་བསྐྲུན་ལ། མི་བགྲོད་གནམ་ཟམ3དང་ཟམ་པ3རིམ་སྤོར་སྒྱུར་བཀོད་བྱས། རླངས་འཁོར་འཇོག་གནས7དང་མཁར་གྲོང་ཚད་གཞི་མཐོ་བའི་འཕྲོད་བསྟེན་གསང་སྤྱོད28བསྐྲུན་ནས་སྤྱོད་མགོ་ཚུགས་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཟམ་མ་ཆད་པར་འཐུས་སྒོ་ཇེ་ཚང་དུ་ཕྱིན་པ་བཅས། མཁར་གྲོང་ཅན་དུ་འགྱུར་ཚད53.7%ཟིན་ཡོད། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་ལ་སྐུལ་འདེད་གཏིང་ཟབ་ཏུ་བཏང་བ་དང་། སྤྱི་པའི་རླངས་འཁོར་འཇོག་གནས་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། བཙུན་མོ་ལམ་དང་མི་དམངས་ལམ་སོགས་གཙོ་གནད་དུ་བཟུང་ནས་རིམ་བཞིན་མཁར་གྲོང་གི་སྤྱི་པའི་རླངས་འཁོར་འཇོག་གནས་ཁག་ཅིག་བསྐྲུན་པ་སྟེ། རླངས་འཁོར་འཇོག་གནས26གསར་དུ་བསྐྲུན་པ་དང་ལམ་ངོས་རླངས་འཁོར་འཇོག་གནས7བཀོད་སྒྲིག་བྱས་ལ། རིམ་རྩིས་ལྟར་ན་རླངས་འཁོར་འཇོག་གནས1620གསར་སྣོན་བྱས་པས། རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号