ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཧྲའན་ཞི་ཅིན་པའེ་ཁྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་པ་ལིན་ཀྲིན་ལུང་འཁོར་དང་བཅས་པར་གྲོས་མོལ་བརྗེ་རེས་གནང་པ།

ཟླ2པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ནུབ་མཚོ་གྲོང་རྡལ་དུ་ཧྲའན་ཞི་ཅིན་པའེ་ཁྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་པ་ལིན་ཀྲིན་ལུང་འཁོར་དང་བཅས་པར་བཞུགས་མོལ་བརྗེ་རེས་གནང་ལ། ཕྱོགས་གཉིས་ཀྱིས་མཐོ་སྒང་གི་མི་མེད་གནམ་གྲུ་ཚོད་ལྟའི་འཕུར་སྐྱོད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དམའ་དབྱིངས་དཔལ་འབྱོར་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་བསྐྲུན་རྒྱུར་དམིགས་ནས་གྲོས་མོལ་གཏིང་ཟབ་བྱས་པར་མ་ཟད་ཐོག་མའི་མཉམ་ལས་ཀྱི་འདོད་བློར་གྲོས་མཐུན་བྱུང་།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ལིན་ཀྲིན་ལུང་འཁོར་དང་བཅས་པ་མཚོ་བྱང་དུ་མ་འཇོག་ལས་རིགས་དར་སྤེལ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་བྱས་ནས་བསྟན་དོན། མཚོ་བྱང་དུ་སྐྱེ་ཁམས་ཐོན་ཁུངས་དང་ས་ཁོངས་ཀྱི་འགྱེད་འཕྲོ། སྲིད་ཇུས་འདུས་གྲུབ། ཐོན་ལས་ཐེག་ནུས། ཚོང་གཉེར་ཁོར་ཡུག་སོགས་ལེགས་ཆ"ཆེན་པོ་ལྔ"གཞི་གཅིག་ཏུ་འདུས་ཡོད། དམའ་དབྱིངས་དཔལ་འབྱོར་ནི་དཔལ་འབྱོར་གྱི་རྣམ་པ་གསར་བ་ཞིག་ཡིན་པའི་ངོས་ནས། ཚན་རྩལ་མཐོ་བའི་གཙོ་ཁྲིད་དང་ལས་ཆོད་ཆེ་ཞིང་གཉེར་སྐྱོང་ཐུབ་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་ཀྱི་ལྟེ་བའི་ཁྱད་ཆོས་ལྡན་པས་མཚོ་བྱང་ཁུལ་དུ་དེ་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་དམའ་དབྱིངས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ་ནི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་བཅས་ཀྱི་བཀོད་པ་གལ་ཆེན་ཞིག་ཡིན། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐུན་སྒྲིལ་ལ་སྐུལ་མ་གཏོང་བའི་ཚོང་འགུགས་མ་འདྲེན་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཐོན་ལས་ཀྱི"གནས་བཞིའི"འཛུགས་སྐྲུན་ལ་དམིགས་པ་དང་ཚོང་འགུགས་དར་སྤེལ་དང་ཐོན་ལས་སྟོབས་ཆེར་གཏོང་བའི་དམིགས་འབེན་གཞིར་བཟུང་ཚོང་འགུགས་མ་འདྲེན་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི"འགག་རྩའི་སྒུལ་བྱེད་འཕྲུལ་འཁོར"དུ་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་ནུས་རྒྱུ་གསར་པ་དང་གྲངས་འཛིན་དཔལ་འབྱོར། བཟོ་སྐྲུན་ལེགས་ཤོས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། "ཆེད་དོན་འཛིན་གྲྭ+སྦྲེལ་མཐུད་རྣམ་པའི་ཚོང་འགུགས+དུས་འཁོར་ཧྲིལ་བོའི་ཞབས་ཞུའི"ལམ་སྲོལ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ་གནད་སྨིན་འབྲེལ་མཐུད་དང་ནུས་ཆེའི་ཞབས་ཞུར་བརྟེན་ནས་ལས་གཞི་དོན་འཁྱོལ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐེངས་འདིའི་མཉམ་ལས་ནི་མཚོ་བྱང་གིས་ཐོན་ཁུངས་ཀྱི་ལེགས་ཆ་ལ་གཞི་ཚུགས་པ་དང་གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ལ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས"ཆེད་ཚན་ལ་ཆེད་འགན་འཁུར་བ་དང་དམིགས་བསལ་དོན་དག་དམིགས་བསལ་གྱིས་སྒྲུབ་པ"རྒྱུན་འཁྱོངས་བྱས་ཏེ། ས་ཞིང་དང་ནུས་ཁུངས། འགྲིམ་འགྲུལ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིབ་བཤེར་ཆོག་མཆན་འགོད་པ་དང་། ས་ཆ་སྤྱོད་པ། འཕྲིན་གཏོང་། གློག་ཤུགས་སོགས་ཀྱི་ཐད"ལྗང་མདོག་བགྲོད་ལམ"ཤར་གཏོང་བྱས་ཏེ། ལྷག་བསམ་རྣམ་དག་དང་སྲིད་ཇུས་ལེགས་ཤོས། འགན་ལེན་ལེགས་ཤོས་ཀྱིས་མི་མེད་གནམ་གྲུའི་འཕུར་སྐྱོད་ཚོད་ལྟའི་རྟེན་གཞི་དང་རིག་རྩིས་ལྟེ་གནས་ཀྱི་ལས་གཞི་དོན་འཁྱོལ་བྱས་ཏེ་ ལས་གཞི་དེ"བར་ཆད་མེད་པའི་སྒོ་ནས་སྐུལ་འདེད་དང་སྤུས་ཚད་མཐོ་བའི་སྒོ་ནས་བསྐྲུན་པ། ལས་ཕྱོད་ཆེ་བའི་སྒོ་ནས་གཉེར་སྐྱོང་ཐུབ་པར"འགན་ལེན་བྱས་ནས་ཁེ་ལས་ཀྱིས་ནུབ་བྱང་ས་ཁུལ་གྱི་མི་མེད་གནམ་གྲུའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ཀྱི་ཚད་ཤིང་སྟེགས་བུ་གཏོད་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་ཟེར།

ལིན་ཀྲིན་ལུང་གིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མདུན་ལམ་མཐོང་ཡུལ་དང་དངོས་སྒྲུབ་སྤྱོད་ཚུལ་ལ་ཚད་མཐོའི་གདེང་འཇོག་གནང་། ཁོས་བསྟན་དོན། མཚོ་བྱང་གི་ཐུན་མོང་མ་ཡིན་པའི་བར་སྣང་ཆ་རྐྱེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ནུས། ནུས་ཆེའི་ལག་བསྟར་ནུས་པ་བཅས་ཀྱིས་ཁེ་ལས་ཀྱི་མི་མེད་གནམ་གྲུའི་ཐོན་ལས་བཀོད་སྒྲིག་བྱ་རྒྱུར་གོ་སྐབས་ཡག་པོ་མཁོ་འདོན་བྱས། མི་མེད་གནམ་གྲུའི་འཕུར་སྐྱོད་ཚོད་ལྟའི་རྟེན་གཞི་དང་རིག་ནུས་རྩིས་གཞིའི་ལྟེ་གནས་ལས་གཞིའི་སྐོར་དང་པོའི་མ་དངུལ་སྒོར་དུང་ཕྱུར3.8བཏང་བའི་ནང་མི་མེད་གནམ་གྲུའི་འཕུར་སྐྱོད་ཚོད་ལྟའི་ར་བ་འཛུགས་སྐྲུན་དང་ཆེད་ལས་འཕུར་སྐྱོད་ཚོད་ལྟའི་ཚོགས་པ་འཛུགས་པ། སྔོན་ཐོན་གྱི་འཕུར་སྐྱོད་ཚོད་ལྟའི་སྒྲིག་ཆས་སྒྲིག་སྦྱོར་བཅས་ཚུད་ཡོད་པར་མ་ཟད། ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་དམིགས་བསལ་བསྡུ་ལེན་བྱས་ནས་རྟེན་གཞིའི་གཉེར་སྐྱོང་སྲུང་སྐྱོང་དང་གསོ་སྦྱོང་ཞབས་ཞུ་སོགས་ཀྱི་བྱ་བའི་ནང་ཞུགས་ཐུབ་པས་མཚོ་བྱང་ལ་ལས་ཞུགས་གོ་སྐབས་བསྐྲུན་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྐུལ་འདེད་གཏོང་ཐུབ། མཚོ་བྱང་གིས“ཞིབ་འཇུག་གསར་སྤེལ-ཚོད་ལྟ-ཉེར་སྤྱོད་བཅས་གཞི་གཅིག་ཅན་གྱི་མཁའ་དབྱིངས་དཔལ་འབྱོར་སྐྱེ་ཁམས་མུ་ཁྱུད་འཛུགས་རྒྱུར་རོགས་རམ་བྱས་ཏེ་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་པའི་གསར་དར་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་འཛུགས་དགོས་ཟེར། 

ཁུལ་གྱི་མགོ་ཁྲིད་སངས་འབུམ། ཁུལ་འཕེལ་སྒྱུར་ཨུ་ལྷན། བཟོ་ལས་ཆ་འཕྲིན་ཅུས།  རང་བྱུང་ཐོན་ཁུངས་ཅུས་ཀྱི་འགན་འཁུར་བ་གཙོ་བོ། དེ་བཞིན་རྐང་ཚ་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བ་བཅས་བཞུགས་མོལ་ལ་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号