ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་ཚན་ཁག་གི2024ལོའི་ལོ་འཁོར་མོའི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་སྐོར་ཞིབ་བཅོས་སྒྲིག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ།
ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།
ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཟླ2པའི་ཚེས14ཉིན་དང་ཚེས17ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་ཚན་ཁག་གི2024ལོའི་ལོ་འཁོར་མོའི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་སྐོར་ཞིབ་བཅོས་སྒྲིག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་གཏིང་ཟབ་ཏུ་བཏང་སྟེ་ཏང་གི་སྒྲིག་ཁྲིམས་སློབ་གསོའི་གཅུན་འདོམས་དང་འགན་སྲུང་སྐུལ་ལྕག་གི་ནུས་པ་ཕྱོགས་བསྡུས་སྒོས་འདོན་སྤེལ་བྱས་ཏེ་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་པར་མ་ཟད་ཕྱོགས་བསྡོམས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྱིས་མངགས་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་ཆའོ་རུའེ་ཡིས་མཛུབ་ཁྲིད་དཔྱད་གཏམ་གནང་། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་ཚན་ཆུང་གསུམ་པའི་ཚན་གཙོ་ཀྲའོ་ཧྥུའུ་མིན་དང་ལྟ་སྐུལ་ཚན་ཆུང་གི་ཁོངས་མི་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཚོགས་འདུར་ཟུར་ཞུགས་བྱས་ནས་སྐྱོན་བརྗོད་བསམ་འཆར་བཏོན།
ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གིས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཚོགས་འདུ་མ་འཚོགས་གོང་བྱ་བའི་ཇུས་གཞི་བཟོ་བ་དང་སློབ་སྦྱོང་དང་གྲོས་བསྡུར་གཏིང་ཟབ་བྱས་པ། བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ། སེམས་གཏམ་གླེང་མོལ་གཏིང་ཟབ་བྱས་པ། གནད་དོན་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་ཞིབ་བཤེར་བྱས་པ། ཚན་ཁག་གི་ཞིབ་བསྡུར་ཞིབ་བཤེར་རྒྱུ་ཆ་དང་མི་སྒེར་གྱི་གཏམ་བཤད་རྩ་གནད་ནན་ཏན་གྱིས་བྲིས་ནས་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་ཆེད་གྲ་སྒྲིག་གང་ལེགས་བྱས་ཡོད།
ཚོགས་འདུའི་ཐོག ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུའི་གྲ་སྒྲིག་གནས་ཚུལ་དང་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གི2023ལོའི་ལོ་འཁོར་མོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་ཐོག་གནད་དོན་འཚོལ་ཞིབ་དང་དག་ཐེར་དོན་འཁྱོལ་བྱས་ཚུལ་ཁྱབ་བརྡ་བཏང་། བློ་མཐུན་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གི་ཚབ་བྱས་ནས་ལྟ་བསྡུར་ཞིབ་བཤེར་བྱས་པ་དང་། སྣེ་ཁྲིད་དེ་རང་ལ་དབྱེ་ཞིབ་བྱས་ཤིང་། རང་འགུལ་ངང་སྐྱོན་བརྗོད་དང་ལེན་བྱས་པ་དང་། "ནན་མོ་ལྔ"ལ་དམིགས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་རྣམ་འགྱུར་བསྟན། རྒྱུན་ཨུའི་བློ་མཐུན་གྱིས་ཚོགས་འདུའི་བརྗོད་དོན་ལ་རྩེ་གཅིག་ཏུ་དམིགས་ནས་རང་ཉིད་དེའི་ནང་དུ་འཇོག་པ་དང་འགན་འཁྲི་དེའི་ནང་དུ་འཇོག་པ། བྱ་བ་དེའི་ནང་འཇུག་པ་བཅས་བྱས་ཏེ་ཏང་ལ་བློ་དཀར་སེམས་དཀར་དང་བྱ་གཞག་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རེ་རེ་བཞིན་ལྟ་བསྡུར་ཞིབ་བཤེར་བྱས་པ་དང་། གྲི་དངོ་རང་གཏད་དང་འགེབས་སྲུང་མེད་པར་གནད་དོན་ཞིབ་བཤེར་བྱས་ཤིང་། སེམས་གཏིང་དང་སྤྱི་སེམས་བཅངས་ཏེ་ཕན་ཚུན་ལ་སྐྱོན་བརྗོད་བྱས་པས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་ཟབ་མོ། མཐུན་སྒྲིལ་ཇེ་དམ། ཐུན་མོང་མཐོར་འདེགས་ཀྱི་དམིགས་ཡུལ་ལ་སླེབས།
ཆའོ་རུའེ་ཡིས་བསྟན་དོན། དམངས་གཙོ་འཚོ་བའི་ཚོགས་འདུའི་གྲ་སྒྲིག་བྱ་བ་ཏན་ཏིག་གང་ལེགས་ཡིན་པ་དང་སློབ་སྦྱོང་དང་ཞིབ་གྲོས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡིན་པ། ལྟ་བསྡུར་ཞིབ་བཤེར་དང་དབྱེ་ཞིབ་གཏིང་ཟབ་པ། ཕན་ཚུན་སྐྱོན་བརྗོད་དང་ལྷག་བསམ་ཟོལ་མེད་ཀྱིས་སྙིང་གཏམ་བཤད་པ། དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་མཐར་ཕྱིན་པ། བཅོས་སྒྲིག་བྱེད་ཐབས་དོན་དངོས་ཡིན་ཞིང་ཕན་ནུས་ལྡན་པས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། མགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པ་མངོན་ཡོད། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ཞུ་རྒྱུ་དེ་ཨང་དང་པོར་འཇོག་དགོས། ཆབ་སྲིད་ལ་མཐོང་ཆེན་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཐོག་དོན་འཁྱོལ་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མངོན་དགོས། ཐོག་མཐའ་བར་གསུམ་དུ་ཏང་ལ་དོ་དམ་ནན་མོ་དང་དཔོན་རིགས་སྐྱོང་རྒྱུ་དམ་འཛིན་ཏན་ཏིག་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པ་དང་། སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་ནས་རང་གཅུན་ནན་མོ་དང་རང་འགན་ནན་འཁུར། རང་གི་མངའ་ཁོངས་དོ་དམ་ནན་མོ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་འགན་འཁྲི་འཁུར་རྒྱུར་སྐུལ་མ་གཏོང་རྒྱུ་དེ་དོན་འཁྱོལ་ཞིབ་ཚགས་སུ་བརྩི་དགོས། ཏང་གི་སྒྲིག་ཁྲིམས་ཀྱི་སློབ་གསོའི་གཅུན་འདོམས་ནུས་པ་དང་འགན་ལེན་སྐུལ་ལྕག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྒྲིག་སྲོལ་བརྩི་སྲུང་དང་སྒྲིག་ཁྲིམས་སྲུང་བའི་ཁྲོད་ལས་སྒྲུབ་ལས་གཏོད་བྱ་རྒྱུར་སྣེ་ཁྲིད་བྱེད་པ་དང་རིམ་པ་སོ་སོའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས། ཞིབ་བཤེར་བྱས་པའི་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ཏེ་འགན་འཁྲི་ཁག་བགོས་ཡག་པོ་བྱེད་པ་དང་ལེགས་སྒྲུབ་དུས་བཀག་ཁ་གསལ་བཟོ་དགོས་ཟེར།
ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་ཚན་ཁག་དང་ཁོངས་མིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་རིང་ཕན་ནུས་ཅན་དེ་རྟག་བརྟན་གྱི་བརྗོད་དོན་ལ་བརྩི་དགོས་ཤིང་། གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ཞིབ་འཇུག་བྱ་གཞི་ཞིག་ཏུ་བརྩི་དགོས། ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་དེ་ཚན་ཁག་གིས་རང་སྣང་འཇིག་རྟེན་ལ་བསྒྱུར་བཀོད་དང་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བའི་མགོ་རྩོམ་ས་གསར་པར་བརྩི་དགོས་པ་དང་། སྤྱོད་ཚུལ་འགྱུར་ལྡོག་དང་བྱ་བ་དོན་འཁྱོལ་ཆེན་པོ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བརྩི་དགོས། གཅིག་ནས་ཏང་གཤིས་གསོ་སྐྱོང་ལ་སྣེ་ཁྲིད་ནས་ཤུགས་སྣོན་པའི་ཐད་སྣེ་ཁྲིད་དཔེ་སྟོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པའི་གྲུབ་འབྲས་བསྒྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་དོན་ཚན་བཅོ་བརྒྱད་ལག་བསྟར་ནན་མོ་བྱས་ཏེ། “ཁྱོན་ཡོངས་གཉིས”སེམས་ལ་བཟུང་ནས“རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བརྟན་པོར་བཅངས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག ཁུལ་ཨུའི་བྱ་བའི་བླང་བྱ་བཅས་གསར་གཏོད་རང་བཞིན་གྱི་སྒོ་ནས་དོན་འཁྱོལ་ལེགས་པོ་བྱས་ཏེ། སྐོར་ཞིབ་བཅོས་སྒྲིག་བྱ་བར་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས། གཉིས་ནས་དངོས་སྒྲུབ་སྔོན་བརྩོན་བྱེད་པའི་ཐད་སྣེ་ཁྲིད་དཔེ་སྟོན་བྱེད་དགོས། མིག་སྔར། མཚོ་བྱང་ལ་ལོ་རྒྱུས་ཐོག་གི་འཕེལ་རྒྱས་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་པས། “མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང“གླིང་གཉིས་དང་བཙན་ས་གཅིག”བསྐྲུན་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པའི་ངང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བསམ་བློའི་བཅིངས་འགྲོལ་ཆེན་པོའི་ཐོག་ནས་ཕན་ནུས་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་མཆོང་སྐྱོད་ཆེན་པོར་སྐུལ་འདེད་གཏོང་བ། བསམ་བློའི་ཐོག་བཀག་རྒྱ་སེལ་ནས་འཕེལ་རྒྱས་ཀྱི་མཐའ་མཚམས་སྒྲོལ་བར་སྣེ་ཁྲིད་བྱེད་དགོས་པ་དང་། དངོས་སྒྲུབ་ལ་བརྟེན་ནས་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། གསུམ་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དགོངས་དོན་ལག་བསྟར་བྱེད་པའི་ཐད་སྣེ་ཁྲིད་དཔེ་སྟོན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ནས་དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་དམངས་འཚོའི་བཟོ་སྐྲུན་རིགས10དང་ཁག24ཁྱོན་ཡོངས་ནས་ལག་བསྟར་ཡག་པོ་བྱས་ཏེ“གཞི་རིམ་དུ་བསྐྱོད་པ་བཞིའི”བྱ་བའི་ལམ་ལུགས་སྣེ་ཁྲིད་དང་དོན་འཁྱོལ་བྱས་ཏེ་བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་བཏང་ནས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། བཞི་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་སྣེ་ཁྲིད་དཔེ་སྟོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་ལག་བསྟར་ནན་ཏན་བྱས་ཏེ“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་མོ་བྱེད་དགོས། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་དུ་བཅོས་སྐྱོང་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ་སྣེ་ཁྲིད་ནས་བསམ་བློའི་འགོག་སྲུང་དང་དབང་ཆ་སྤྱོད་པའི་མ་མཐའི་ཚད་ཐིག སྒྲིག་ཁྲིམས་ཀྱི་དམར་ཐིག ཁྱིམ་སྲོལ་གྱི་མཚམས་ཐིག་བཅས་སྲུང་འཛིན་ཡག་པོ་བྱས་ཏེ་སྣེ་ཁྲིད་ནས་སྲིད་ཚོང་བར་གྱི་ཉེ་གཙང་འབྲེལ་བ་འཛུགས་སྐྱོང་བྱས་ཏེ་ཁུལ་ཡོངས་ཀྱི་གོང་འོག་ཏུ་སྤྱོད་ཚུལ་གཙང་ཞིང་དྲང་བདེན་གྱི་ཆབ་སྲིད་སྐྱེ་ཁམས་ཆགས་པར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注