མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བའི་སྤྱི་སྡོམ་གྲོས་ཚོགས་བསྡུས།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་གྲོལ་ལ་ཉེ་བའི་དུས་སུ། མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བའི་སྤྱི་སྡོམ་གྲོས་ཚོགས་བསྡུས། ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས། ལིའུ་ཆི་ཧྥན་དང་ཝང་ལིས་མེན། ཀྲང་ཅིན་ཀང་བཅས་གྲོས་ཚོགས་ལ་ཞུགས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ། མཚོ་སྔོན་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་གི་མགོ་ཁྲིད་དང་དྲིན་བསམ་མདུན་སྐྱོད། ཁྲིམས་ལྟར་འགན་སྒྲུབ། བློ་འདོན་ཇུས་འབུལ། དྲིལ་སྒྲོག་ངོ་སྤྲོད། སྒྲིག་ལམ་བརྩི་སྲུང་། མཐུན་སྒྲིལ་རོགས་ལས་བཅས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ལ། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་གླེང་བ་དང་། བྱ་བ་ཡོད་ཚད་ཐད་ནས་ཆབ་སྲིད་གླེང་ནས། ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་པ་དང་། དར་ཆ་མཐོར་བསྒྲེངས་དང་བདེན་འཛིན་དངོས་གཉེར། མཐུན་སྒྲིལ་མདུན་སྐྱོད་དེ་སྒྲ་དྲག་པོ་རུ་འགྱུར་བར་བྱས། འཐུས་མི་ཡོངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་མཚན་སྙན་འདུ་ཤེས། ལོ་རྒྱུས་འདུ་ཤེས་མཐོན་པོ་རྒྱུན་འཁྱོངས་བྱས་པ་དང་། མཐོ་གྲང་མཚོ་སྔོན་གྱིས་རྫོགས་ལྡན་གྱི་དུས་སྐབས་བཟང་བོ་བསུ་བའི་གཏམ་རྒྱུད་བཤད་ལ། ཀྲུང་གོའི་དཔལ་འབྱོར་གྱི་འོད་ཟེར་སྨྲ་བ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགའ་གུས་དང་ཏང་ཀྲུང་དབྱང་གི་དྲིན་ལམ་བསམ་པའི་ལྷད་མེད་བརྩེ་སེམས་མཚོན་པར་བྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ནུས་ཁུངས་འགན་སྲུང་འདོན་སྤྲོད། ལྗང་མདོག་ཐོན་ལས་འཕེལ་རྒྱས་བཅས་གཙིགས་སུ་བཟུང་ནས་གྲོས་གཞི་བསམ་འཆར་བཏོན་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་སྲིད་ཞུགས་སྲིད་གླེང་གི་འགན་འཁྲི་ཁག་ཁུར་མངོན་པར་བྱས། བྱ་བའི་སྒྲིག་ལམ་དང་གསང་སྲུང་སྒྲིག་ལམ། གྲོས་ཚོགས་ཀྱི་སྒྲིག་ལམ་བརྟན་སྲུང་བྱས་པ་དང་། མཚོ་སྔོན་གྱི་འཐུས་མིའི་སྣང་བརྙན་བཟང་བོ་ངོམས་ཏེ། སྤུས་ཚད་མཐོ་བའི་འགན་སྒྲུབ་གྲུབ་འབྲས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་འགྲོ་བར་བྱས། ལས་བྱེད་མི་སྣ་ཡོངས་ཀྱིས་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པར་ཞབས་ཞུའི་འགན་སྲུང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་པ་དང་། ཚོགས་དོན་ཞབས་ཞུའི་ཚན་ཆུང་གིས་ཧུར་བརྩོན་བློ་སྒྲིམ་བྱས་ལ། དཔྱད་གཞིའི་ཡིག་ཆ་དང་གནས་ཚུལ་གནད་ཞུ་ཚན་ཆུང་གིས་ལེགས་ཐོག་ལེགས་བརྩོན་བྱས་པ་དང་། འཐུས་མིའི་གྲོས་གཞི་འབྲེལ་འདྲིས་ཚན་ཆུང་ལ་སྒྲིག་ལམ་ཡོད་པ། གསར་འགྱུར་དྲིལ་སྒྲོག་ཚན་ཆུང་གིས་གསར་གཏོད་འབད་བརྩོན་བྱས་ལ། མཁོ་སྒྲུབ་ཚན་ཆུང་གིས་ངལ་བར་མ་འཛེམས་པ་དང་། བདེ་འཇགས་སྲུང་སྐྱོབ་ཚན་ཆུང་གིས་འགན་འཁྲི་ལག་བསྟར་ནན་མོ་བྱས་ལ། སྨན་བཅོས་བདེ་སྲུང་ཚན་ཆུང་གིས་ཞིབ་ཚགས་གཟབ་ནན་བྱས་ནས། ཚོགས་ཆེན་ཡོངས་འགྲུབ་འབྱུང་བར་བྱས་རྗེས་ཆེན་པོ་བཞག
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཚོགས་ཆེན་མཇུག་བསྒྲིལ་བ་ནི་ལག་བསྟར་དམ་འཛིན་བྱེད་པའི་མགོ་བརྩམས་པ་ཡིན་པས། འཐུས་མི་ཡོངས་དང་ལས་བྱེད་མི་སྣས་མགོ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོགས་ཆེན་སྐབས་ཀྱི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། ཚོགས་ཆེན་ལ་ཞུགས་པའི་མྱོང་ཚོར་ཉེ་འགྲམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བརྒྱུད་སྒྲོག་བྱེད་པ། ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། མི་ལ་སྐུལ་མ་གཏོང་བ་དང་ཡིད་ཆེས་ཆེར་བསྐྱེད་དེ། ཁག་ཁུར་དང་གྲུབ་འབྲས་སྔར་ལས་བཟང་བོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཁྲོད་ཞུགས་དགོས།
ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཚོགས་ཆེན་གྱི་དགོངས་དོན་ཕྱིར་ཁྱེར་ནས་དྲིལ་སྒྲོག་བཟང་བོ་བྱེད་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས། ཚོགས་ཆེན་གྱི་དགོངས་དོན་ཁེ་ལས་དང་ཞིང་སྡེ། གཞིས་ཁུལ། སློབ་གྲྭ། ལས་ཁུངས་བཅས་སུ་སྒྲོག་སྤེལ་བྱེད་པར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས། ཚོགས་ཆེན་གྱི་བཀོད་སྒྲིག་ཕྱིར་ཁྱེར་ནས་ལག་བསྟར་བཟང་བོ་བྱེད་དགོས། ཚོགས་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཚད་གཞིར་བྱེད་པ་དང་། དུས་རིམ་ཐོག་མ་ནི་དབུ་ཁྱུད་ཡིན་པའི་ཡིད་ཆེས་དང་ཆོད་སེམས་ལ་བརྟེན་ནས། ལག་བསྟར་དམ་འཛིན་བྱེད་པའི་བརྩོན་སེམས་དང་ངར་སེམས་ཇེ་དྲག་ཏུ་གཏོང་བ་དང་། དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་མྱུར་དུ་བསྐྱར་འཕར་འབྱུང་བ་དང་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་བ། དུས་ཚིགས་དང་པོར་གྲུབ་འབྲས་བཟང་བོ་ལེན་པར་འབད་འཐབ་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། ཚོགས་ཆེན་གྱི་སྤྱོད་ཚུལ་ཕྱིར་ཁྱེར་ནས་དར་སྤེལ་བཟང་བོ་བྱེད་དགོས། གྲོས་ཚོགས་སྐབས་སུ་གྲུབ་པའི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོར་དབྱེ་ཞིབ་སྤྱི་སྡོམ་ནན་མོ་བྱེད་པ་དང་། དཀའ་ཁག་ལ་མི་སྐྲག་པ་དང་རྒྱུན་མཐུད་ལས་སྒྲུབ་བྱེད་ཐུབ་པ། ཁག་ཁུར་བྱེད་ཕོད་པའི་སྤྱོད་ཚུལ་དར་སྤེལ་གཏོང་བ། ཐེངས་འདིའི་ཚོགས་ཆེན་མགོ་ཚུགས་སར་བྱས་ནས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་སྔོན་བརྩོན་གྱིས་རང་སོ་སོའི་བྱ་བའི་ལས་རྐང་སྟེང་གྲུབ་འབྲས་གསར་བ་བླངས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注