མདོ་ལས་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་།ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་གསུངས་པའི་དགོངས་དོན་གལ་ཆེན་དང་རིག་གནས་ཡུལ་སྐོར་ལས་དོན་གྱི་མཛུབ་སྟོན་གལ་ཆེའི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། མདོ་ལ་རིང་མོའི་རི་རྒྱུད་ཀྱི་སྐྱེ་ཁམས་ཐོན་ཁུངས་དང་རྩྭ་ཐང་རིག་གནས། མི་རིགས་གོམས་སྲོལ་ནི་ལྟེ་སྙིང་ཡིན་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ནུས་པ་ལ་དམིགས་ཏེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”དང་། སྐྱེ་ཁམས་དཔལ་ཡོན་འཕེལ་རྒྱས་འཐབ་ཇུས་ཧུར་ཐག་མཉམ་འདྲེས་དང་། “མདོ་ལ་ལྷ་ཡི་ཞིང་ཁམས”ཡུལ་སྐོར་ཆས་རྟགས་འབད་པས་བསྐྲུན་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་།རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་རྨང་གཞི་ཇེ་བརྟན་དུ་བཏང་། 《མདོ་ལ་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད》《མདོ་ལ་རྫོང་གི་ཁོངས་ཡོངས་ཡུལ་སྐོར་འཆར་འགོད》《མདོ་ལ་རྫོང་གི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་ཐོན་ལས་འཕེལ་རྒྱས་འཆར་འགོད》སོགས་ཀྱི་འཆར་གཞི་གཏན་འབེབས་བྱས། 《མདོ་ལ་རྫོང་གི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་ལས་དོན་ཇུས་གཞི(2022-2025)》《མདོ་ལ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ཁག་ཅིག》《མདོ་ལ་རྫོང་གི་ཡུལ་སྐོར་ཁང་གིས“མདོ་ལར་མགྲོན་འགུག”གི་གཟེངས་བསྟོད་བྱེད་ཐབས》སོགས་སྲིད་ཇུས་བྱེད་ཐབས་གཏན་འབེབས་པར་འགྲེམས་བྱས། ཨ་མྱེས་སྟོང་སོའི་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལུས་རྩལ་སྤྱི་གླིང་། མུ་རི་གྲོང་རྡལ་གྱི་ནཱ་ཏམ་རྟ་རྒྱུགས་འགྲན་ར། བཙུན་མོ་གཞོང་གྲོང་རྡལ་སྲིབ་ལུང་ཀླད་སྡེ་བའི་ཡུལ་སྐོར་དབུལ་སྐྱོར་སྐྱེ་ཁམས་གླིང་གི་མཐོར་གཏོང་ལེགས་སྒྱུར་དང་། མདོ་ལ་རིང་མོའི་རང་བྱུང་སྐྱེ་ཁམས་ཞིབ་སློབ་རྟེན་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཡུལ་སྐོར་བའི་འཕྲལ་སེལ་རོགས་སྐྱོབ་རྟེན་གཞི། ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞི་སོགས་རིག་གནས་ལུས་རྩལ་ཡུལ་སྐོར་ལས་གཞི་གཅིག་རྗེས་གཉིས་མཐུད་ཀྱིས་ལག་བསྟར་བྱས།རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ། མདོ་ལའི་གསར་བརྗེ་ལོ་རྒྱུས་དོན་རྐྱེན་དངོས་མ་རྒྱབ་རྟེན་དུ་བྱས་ནས་དམར་དམག་ནུབ་ལམ་དམག་དང་བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་ཁང་། མཁར་དམར་གནའ་གྲོང་གི་དངོས་མང་བཤམས་སྟོན་ཁང་། “མཁར་དམར་ཐུག་འཕྲད”ཀྱི་འཇིམ་སྐུ་དང་མནའ་འབྲེལ་ཐང་ཆེན་ལེགས་བསྐྲུན་བྱས། གསར་བརྗེ་གླུ་བྲོ་ཟློས་གར《མདོ་ལའི་བླ་སྲོག》སྒྲིག་སྒྱུར་དང་། ཨ་མྱེས་སྟོང་སོའི་ནགས་ཀློང་གི་གསར་བརྗེ་རྐང་བགྲོད་ལམ་ཐིག་གསོ་སྐྱོང་བྱས་ནས་བབ་དང་བསྟུན་ཏེ་གསར་བརྗེ་རིག་གནས་ཡུལ་སྐོར་གྱི་ཚ་རླབས་བསླངས། “ལྷ་ཁམས་མདོ་ལའི་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་སྐོར་འགྲིམས་ཡུལ་སྐོར”གཙོ་བོ་རུ་བཟུང་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་། ཨ་མྱེས་སྟོང་སོའི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་སོགས་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ཏེ་མདོ་ལའི་སྟོང་སོའི་ནགས་ཀློང་རྐང་བགྲོད་དང་། མདོ་ལའི་སྐྱེ་རི་ཨ་མྱེས་སྟོང་སོའི་རྐང་བགྲོད། མདོ་ལ་ལྷ་ཡི་ཞིང་ཁམས་ཀྱི་སྦས་ཡུལ་རྐང་བགྲོད་སོགས་ཁྱད་ཆོས་ལྡན་པའི་རྐང་བགྲོད་ལམ་ཐིག་གསུམ་ལེགས་པོར་བསྐྲུན། གྲོང་གསེབ་ཡུལ་སྐོར་ཟས་མཆོག་དུས་སྟོན་དང་ཁུར་འཛིང་འགྲན་སྡུར་། ད་དུང་ལོ་སར་དང་རྒྱ་ལོ་བཅོ་ལྔ་སོགས་ཀྱིས་མཚོན་པའི་སྲོལ་རྒྱུན་དུས་སྟོན་བྱེད་སྒོ་རབ་དང་རིམ་པ་སྤེལ།རིག་གནས་ཡུལ་སྐོར་ཁྲོམ་རའི་བྱེད་པོ་སྟོབས་ལྡན་དུ་བཏང་། 《མདོ་ལ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ཁག་ཅིག》མངོན་འགྱུར་བྱས་ཤིང་བྱ་དགའི་མ་དངུལ་སྒོར་ཁྲི50གཤམ་སྤྲོད་བྱས། ཡུལ་སྐོར་སྣེ་ཁྲིད་པའི་གསོ་སྦྱོང+རྩལ་ནུས་འགྲན་སྡུར་བྱེད་སྒོ་དང་། རིག་གནས་ཡུལ་སྐོར་གཉེར་སྐྱོང་དོ་དམ། ཞབས་ཞུ་མི་སྣའི་རྩལ་ནུས་མཐོར་འདེགས། གཟུགས་འདས་ཤུལ་བཞག་རྒྱུན་འཛིན་སོགས་བརྗོད་དོན་མི་མཚུངས་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་བརྒྱུད། རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཁྱབ་ཁོངས་ཀྱི་ལས་ཞུགས་མི་སྣའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་། ལྷ་ཁམས་ཉམས་སྣང་སྲང་ལམ་དང་རིག་གནས་ཐང་ཆེན་སོགས་ལ་བརྟེན་ནས་མཚན་མོའི་ཐང་ཆེན་ཞབས་བྲོ་དང་སྐོར་བྲོ་འཁྲབ་པ་སོགས་ལུས་རྩལ་ལུས་སྦྱོང་བྱེད་སྒོ་སྤེལ། མཚན་མོའི་ལུས་སྦྱོང་འཛད་སྤྱོད་ཀྱི་དར་སྲོལ་གསར་བ་ཆགས། དུས་མཚུངས་སུ། རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ཡིད་རྟོན་ཡུལ་སྐོར་ཁང་བརྒྱ་ཤོག མཚོ་སྔོན་དང་ཀན་སུའུ། ནང་སོག་གི་ཡུལ་སྐོར་ཁང་བརྒྱ་ཤོག་མདོ་ལར་བསྐྱོད་པ་ཡི་འོས་སྦྱོར་བྱེད་སྒོ་ཧུར་ཐག་གིས་སྤེལ་ཏེ། “མདོ་ལ་ལྷ་ཡི་ཞིང་ཁམས”དང“མདོ་ལར་ཕྱིན་ཚེ་རི་གཞན་བལྟ་འདོད་མེད”“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་བོ”སོགས་ཀྱི་གསེར་གྱི་མིང་བྱང་ལ་རྒྱུན་མཐུད་བཀྲག་མདངས་འཚེར།
མདོ་ལས་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་གསུངས་པའི་དགོངས་དོན་གལ་ཆེན་དང་རིག་གནས་ཡུལ་སྐོར་ལས་དོན་གྱི་མཛུབ་སྟོན་གལ་ཆེའི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། མདོ་ལ་རིང་མོའི་རི་རྒྱུད་ཀྱི་སྐྱེ་ཁམས་ཐོན་ཁུངས་དང་རྩྭ་ཐང་རིག་གནས། མི་རིགས་གོམས་སྲོལ་ནི་ལྟེ་སྙིང་ཡིན་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ནུས་པ་ལ་དམིགས་ཏེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”དང་། སྐྱེ་ཁམས་དཔལ་ཡོན་འཕེལ་རྒྱས་འཐབ་ཇུས་ཧུར་ཐག་མཉམ་འདྲེས་དང་། “མདོ་ལ་ལྷ་ཡི་ཞིང་ཁམས”ཡུལ་སྐོར་ཆས་རྟགས་འབད་པས་བསྐྲུན་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་།
རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་རྨང་གཞི་ཇེ་བརྟན་དུ་བཏང་། 《མདོ་ལ་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད》《མདོ་ལ་རྫོང་གི་ཁོངས་ཡོངས་ཡུལ་སྐོར་འཆར་འགོད》《མདོ་ལ་རྫོང་གི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་ཐོན་ལས་འཕེལ་རྒྱས་འཆར་འགོད》སོགས་ཀྱི་འཆར་གཞི་གཏན་འབེབས་བྱས། 《མདོ་ལ་རྫོང་གི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་ལས་དོན་ཇུས་གཞི(2022-2025)》《མདོ་ལ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ཁག་ཅིག》《མདོ་ལ་རྫོང་གི་ཡུལ་སྐོར་ཁང་གིས“མདོ་ལར་མགྲོན་འགུག”གི་གཟེངས་བསྟོད་བྱེད་ཐབས》སོགས་སྲིད་ཇུས་བྱེད་ཐབས་གཏན་འབེབས་པར་འགྲེམས་བྱས། ཨ་མྱེས་སྟོང་སོའི་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལུས་རྩལ་སྤྱི་གླིང་། མུ་རི་གྲོང་རྡལ་གྱི་ནཱ་ཏམ་རྟ་རྒྱུགས་འགྲན་ར། བཙུན་མོ་གཞོང་གྲོང་རྡལ་སྲིབ་ལུང་ཀླད་སྡེ་བའི་ཡུལ་སྐོར་དབུལ་སྐྱོར་སྐྱེ་ཁམས་གླིང་གི་མཐོར་གཏོང་ལེགས་སྒྱུར་དང་། མདོ་ལ་རིང་མོའི་རང་བྱུང་སྐྱེ་ཁམས་ཞིབ་སློབ་རྟེན་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཡུལ་སྐོར་བའི་འཕྲལ་སེལ་རོགས་སྐྱོབ་རྟེན་གཞི། ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞི་སོགས་རིག་གནས་ལུས་རྩལ་ཡུལ་སྐོར་ལས་གཞི་གཅིག་རྗེས་གཉིས་མཐུད་ཀྱིས་ལག་བསྟར་བྱས།
རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ། མདོ་ལའི་གསར་བརྗེ་ལོ་རྒྱུས་དོན་རྐྱེན་དངོས་མ་རྒྱབ་རྟེན་དུ་བྱས་ནས་དམར་དམག་ནུབ་ལམ་དམག་དང་བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་ཁང་། མཁར་དམར་གནའ་གྲོང་གི་དངོས་མང་བཤམས་སྟོན་ཁང་། “མཁར་དམར་ཐུག་འཕྲད”ཀྱི་འཇིམ་སྐུ་དང་མནའ་འབྲེལ་ཐང་ཆེན་ལེགས་བསྐྲུན་བྱས། གསར་བརྗེ་གླུ་བྲོ་ཟློས་གར《མདོ་ལའི་བླ་སྲོག》སྒྲིག་སྒྱུར་དང་། ཨ་མྱེས་སྟོང་སོའི་ནགས་ཀློང་གི་གསར་བརྗེ་རྐང་བགྲོད་ལམ་ཐིག་གསོ་སྐྱོང་བྱས་ནས་བབ་དང་བསྟུན་ཏེ་གསར་བརྗེ་རིག་གནས་ཡུལ་སྐོར་གྱི་ཚ་རླབས་བསླངས། “ལྷ་ཁམས་མདོ་ལའི་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་སྐོར་འགྲིམས་ཡུལ་སྐོར”གཙོ་བོ་རུ་བཟུང་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་། ཨ་མྱེས་སྟོང་སོའི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་སོགས་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ཏེ་མདོ་ལའི་སྟོང་སོའི་ནགས་ཀློང་རྐང་བགྲོད་དང་། མདོ་ལའི་སྐྱེ་རི་ཨ་མྱེས་སྟོང་སོའི་རྐང་བགྲོད། མདོ་ལ་ལྷ་ཡི་ཞིང་ཁམས་ཀྱི་སྦས་ཡུལ་རྐང་བགྲོད་སོགས་ཁྱད་ཆོས་ལྡན་པའི་རྐང་བགྲོད་ལམ་ཐིག་གསུམ་ལེགས་པོར་བསྐྲུན། གྲོང་གསེབ་ཡུལ་སྐོར་ཟས་མཆོག་དུས་སྟོན་དང་ཁུར་འཛིང་འགྲན་སྡུར་། ད་དུང་ལོ་སར་དང་རྒྱ་ལོ་བཅོ་ལྔ་སོགས་ཀྱིས་མཚོན་པའི་སྲོལ་རྒྱུན་དུས་སྟོན་བྱེད་སྒོ་རབ་དང་རིམ་པ་སྤེལ།
རིག་གནས་ཡུལ་སྐོར་ཁྲོམ་རའི་བྱེད་པོ་སྟོབས་ལྡན་དུ་བཏང་། 《མདོ་ལ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ཁག་ཅིག》མངོན་འགྱུར་བྱས་ཤིང་བྱ་དགའི་མ་དངུལ་སྒོར་ཁྲི50གཤམ་སྤྲོད་བྱས། ཡུལ་སྐོར་སྣེ་ཁྲིད་པའི་གསོ་སྦྱོང+རྩལ་ནུས་འགྲན་སྡུར་བྱེད་སྒོ་དང་། རིག་གནས་ཡུལ་སྐོར་གཉེར་སྐྱོང་དོ་དམ། ཞབས་ཞུ་མི་སྣའི་རྩལ་ནུས་མཐོར་འདེགས། གཟུགས་འདས་ཤུལ་བཞག་རྒྱུན་འཛིན་སོགས་བརྗོད་དོན་མི་མཚུངས་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་བརྒྱུད། རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཁྱབ་ཁོངས་ཀྱི་ལས་ཞུགས་མི་སྣའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་། ལྷ་ཁམས་ཉམས་སྣང་སྲང་ལམ་དང་རིག་གནས་ཐང་ཆེན་སོགས་ལ་བརྟེན་ནས་མཚན་མོའི་ཐང་ཆེན་ཞབས་བྲོ་དང་སྐོར་བྲོ་འཁྲབ་པ་སོགས་ལུས་རྩལ་ལུས་སྦྱོང་བྱེད་སྒོ་སྤེལ། མཚན་མོའི་ལུས་སྦྱོང་འཛད་སྤྱོད་ཀྱི་དར་སྲོལ་གསར་བ་ཆགས། དུས་མཚུངས་སུ། རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ཡིད་རྟོན་ཡུལ་སྐོར་ཁང་བརྒྱ་ཤོག མཚོ་སྔོན་དང་ཀན་སུའུ། ནང་སོག་གི་ཡུལ་སྐོར་ཁང་བརྒྱ་ཤོག་མདོ་ལར་བསྐྱོད་པ་ཡི་འོས་སྦྱོར་བྱེད་སྒོ་ཧུར་ཐག་གིས་སྤེལ་ཏེ། “མདོ་ལ་ལྷ་ཡི་ཞིང་ཁམས”དང“མདོ་ལར་ཕྱིན་ཚེ་རི་གཞན་བལྟ་འདོད་མེད”“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་བོ”སོགས་ཀྱི་གསེར་གྱི་མིང་བྱང་ལ་རྒྱུན་མཐུད་བཀྲག་མདངས་འཚེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注