མཚོ་སྔོན་དུ་རིག་རྫས་གནས་ཡུལ786གསར་དུ་རྙེད་པ།

རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།

ཟླ3པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱི2025ལོའི་རྒྱལ་ཡོངས་ཀྱི་རིག་རྫས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྐུལ་འདེད་ཚོགས་འདུ་ཐེངས་བཞི་པ་ཟི་ལིང་གྲོང་ཁྱེར་དུ་འཚོགས། གསར་འགོད་པས་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། མིག་སྔའི་བར་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་རིག་རྫས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་རིག་རྫས་གནས་ཡུལ་བསྡོམས་པས5762བསྐྱར་ཞིབ་བྱས་པ་དང་། རིག་རྫས་གནས་ཡུལ786གསར་དུ་རྙེད་པ་རེད།

རྒྱུས་ལོན་པ་ལྟར་ན། 2023ལོའི་ཟླ11པ་ནས་བཟུང་རྒྱལ་ཡོངས་ཀྱི་རིག་རྫས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་བཞི་པ་སྤེལ་བ་དང་། མིག་སྔའི་བར་མཚོ་སྔོན་གྱི་ཡོངས་ཁྱབ་ཞིབ་བཤེར་ཚན་པ44ནང25ཡིས་ཡུལ་དངོས་ཀྱི་བརྟག་དཔྱད་ལས་དོན་ལེགས་འགྲུབ་བྱས་ནས་གྲངས་གཞི་ལེགས་སྒྲིག་དང་མ་ལག་སྟེང་དུ་འཇོག་པ། ཞིབ་བཤེར་བཅས་ཀྱི་གོ་རིམ་དུ་སླེབས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་ཡུལ་དངོས་ཀྱི་བརྟག་དཔྱད་ལས་དོན་ལེགས་འགྲུབ་བྱུང་ཞིང་། ཞིང་ཆེན་ཡོངས་སུ་རིག་དངོས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་རིག་དངོས་གནས་ཡུལ་བསྡོམས་པས5762བསྐྱར་ཞིབ་བྱས་པ་དང་། ཡུལ་དངོས་ཀྱི་བརྟག་དཔྱད་ལེགས་འགྲུབ་བྱུང་ཚད90%དང་། ཞིང་ཆེན་ཡོངས་ཀྱིས་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞི་མ་ལག་སྟེང2516བསྐུར་ཡོད་པ་དང་ལེགས་འགྲུབ་ཚད34.96%བཅས་ཟིན།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། 2025ལོ་ནི་རྒྱལ་ཡོངས་ཀྱི་རིག་རྫས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་འགག་སྒྲོལ་ལོ་ཡིན་པས། རང་ཞིང་གི་ས་གནས་སོ་ོསོས་བྱ་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་ཡུལ་དངོས་ཀྱི་བརྟག་དཔྱད་བྱེད་པའི་ལས་འགན་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་པ་དང་། ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་གཞི་དང་ཚད་གཞི་ལག་བསྟར་ནན་མོ་བྱེད་པ། གྲངས་གཞིའི་ཞིབ་བཤེར་ལ་ཤུགས་སྣོན་པ་བཅས་བྱས་པ་བརྒྱུད་རིག་དངོས་ཀྱི་ཆ་འཕྲིན་དོན་དངོས་དང་ཆ་ཚང་ཡོང་བའི་འགན་ལེན་བྱ་རྒྱུ་རེད།

ཚོགས་འདུའི་སྟེང་ད་རུང་རིག་རྫས་ཡོངས་ཁྱབ་ཞིབ་བཤེར་ཕྱོགས་ཀྱི་ཆེད་ལས་མཁས་པ་གདན་ཞུ་བྱས་ནས་ལས་སྒོའི་གསོ་སྦྱོང་བྱས་པ་དང་། མེད་པར་གྱུར་པའི་རིག་རྫས་ཞིབ་མཆན་ལམ་ལུགས་དང་གསར་དུ་རྙེད་པའི་སྤོ་མི་རུང་པའི་རིག་རྫས་ཡོངས་ཁྱབ་ཞིབ་བཤེར་ཚད་གཞི། ལྕགས་རི་རིང་པོའི་ཐོན་ཁུངས་ཆེད་དོན་བརྟག་དཔྱད་བྱེད་ཐབས། ཡུལ་དངོས་ཀྱི་སྤུས་ཚད་ཞིབ་བཤེར་བྱེད་ཐབས་དང་ལག་ལེན་སོགས་ཀྱི་ནང་དོན་ལ་དམིགས་ནས་འགྲེལ་བཤད་ཞིབ་ཕྲ་བྱས་པར་མ་ཟད། ས་གནས་སོ་སོའི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཁྲོད་འཕྲད་པའི་གནད་དོན་ལ་ཡུལ་དངོས་སུ་ལན་བཏབ་པ་དང་མཛུབ་ཁྲིད་བྱས། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号