ཧྥེ་ལེ་པེན་གྱི་ཙུང་ཐུང་གཞོན་པ་ཧྲ་ལཱ་ཧི་ལན་དུ་སོང་།

ཧྥེ་ལེ་པེན་གྱི་ཙུང་ཐུང་གཞོན་པའི་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། ཙུང་ཐུང་གཞོན་པ་ཧྲ་ལཱ་ཚེས12ཉིན་ལམ་ལ་ཆས་ནས་ཧི་ལན་དུ་སོང་། ཁོའི་ཨ་ཕ་སྟེ་སྔོན་ཆད་ཀྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་བསྡད་པའི་གནམ་གྲུ་ཚེས11ཉིན་གྱི་དགོང་མོར་ཧི་ལན་གྱི་ཧེ་ཡཱ་རུ་འཕུར་བ་ཟེར།

ཧྥེ་ལེ་པེན་གྱི་ཙུང་ཐུང་གཞོན་པའི་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། ས་དེའི་ཚེས12ཉིན་གྱི་སྔ་དྲོའི་དུས་ཚོད7དང་སྐར་མ40སྟེང་། ཧྲ་ལཱ་མཱ་ནེ་ལཱ་ནས་ཆས་ཏེ་ཨ་མུའུ་སི་ཏི་ཏན་ལ་འཕུར།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧྲ་ལཱ་ཡིས་ཚེས11ཉིན་གྱི་དགོང་མོར་བསྟན་དོན། མོ་རང་གི་ཨ་ཕ་དང་མཉམ་དུ་ཧེ་ཡཱ་རུ་སོང་ནས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་འདྲི་གཅོད་ལ་ཞུགས་རྒྱུ་ཡིན་ཟེར།

ཧྥེ་ལེ་པེན་གྱི་ཙུང་ཐུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས11ཉིན་གསལ་སྒྲོག་སྤེལ་ཏེ། ཏུའུ་ཐི་ཨར་ཐི་ཉིན་དེའི་སྔ་དྲོར་ཕྱི་རྒྱལ་ནས་ཕྱིར་ལོག་པ་དང་། མཱ་ནེ་ལཱ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་རྗེས་ཉེན་རྟོག་ཕྱོགས་ཀྱིས་བཀག་བསྐྱིལ་བྱས་ཡོད་ལ། འབྲེལ་ཡོད་ཕྱོགས་ཀྱིས་ཏུའུ་ཐི་ཨར་ཐི་ལ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་འཛིན་བཟུང་བཀའ་རྒྱ་བསྒྲགས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号