ལའོ་ཏུང་ཁྲོན་གྱིས་མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་རྟོག་ཞིབ་བྱས།

ཟླ1ཚེས11ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ལྟར།  སྐྱེ་ཁམས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་རང་རྟོན་ཇེ་བརྟན་དུ་བཏང་ནས།  སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་དགོས་ཞེས་ནན་གྱིས་བསྟན།

དགུན་དུས་ཀྱི་མཚོ་སྔོན་པོ་དར་གྱིས་བསྡམས་ཡོད་ཅིང་མཛེས་པ་ལྟ་ན་སྡུག ལའོ་ཏུང་ཁྲོན་སྔ་རྗེས་སུ་ཁེ་རམ་ཐང་དང་ལྷ་ཆུབ་ཁུག་ལྗོངས་ཁུལ་སོགས་ཀྱི་སྐྱེ་ཁམས་ཉམས་ལེན་ཁུལ་དུ་བསྐྱོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡང་བསྐྱར་ཕྱིར་དྲན་བྱས་པར་མ་ཟད། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། དེ་མིན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་འཛུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བས། མངགས་བཅོལ་བློ་ལ་བརྟན་པོར་བཅངས་པ་དང་།  དྲིན་ཚོར་མདུན་སྐྱོད་བྱས་ཏེ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ་དང་།  སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ།   སྐྱེ་ཁམས་ཡུལ་སྐོར་སོགས་གསར་དར་ལས་རྣམ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཞིང་པར་འབྲེལ་གཏུག་དང་ཞིང་པར་སྣེ་ཁྲིད་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། མཉམ་འཛུགས་མཉམ་སྐྲུན་མཉམ་སྤྱོད་བཅས་ཇེ་ཟབ་ཏུ་གཏོང་བ།  མཚོ་སྔོན་པོ་འདི་ཉིད་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐར་ཁུང་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་པ་བཅས་བྱས་ཏེ།  སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་ཡོང་བར་བྱེད་དགོས་ཞེས་བསྟན།

རྐང་ཚ་རྫོང་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་རུ། ལའོ་ཏུང་ཁྲོན་བཙོག་ཆུ་གཙང་སྒྱུར་འཁོར་ཁང་དང་། ཚོད་འཛིན་བཀོད་གཏོང་ཁང་དུ་བསྐྱོད་དེ་གཞི་ཁྱོན་དང་། བཟོ་རྩལ་གྱི་བརྒྱུད་རིམ། ལྟ་ཞིབ་ཚད་ལེན། ཉེན་བརྡ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། བཙོག་ཆུ་གཙང་སྒྱུར་བྱེད་རྒྱུ་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་ལག་བཟོ་འགོད་ཅིག་ཡིན་ལ། དམངས་འཚོའི་བཟོ་འགོད་གལ་ཆེན་ཞིག་ཀྱང་ཡིན་པས།  བཟོ་རྩལ་རིམ་སྤོར་སྒྱུར་བཀོད་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། འཁོར་རྒྱུག་བེད་སྤྱོད་ལ་ཤུགས་སྣོན་པ། ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།

འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་བསྐྱོད་དེ། ལའོ་ཏུང་ཁྲོན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་འབབ་འཕར་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན། སྡེ་མི་བསོད་ནམས་ཚེ་རིང་གི་ཁྱིམ་དུ་བསྐྱོད་དེ།  ལའོ་ཏུང་ཁྲོན་གྱིས་ཁྱིམ་མི་ཚོ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོ་ཚང་དུ་ཕེབས་པའི་བརྗེད་པར་དཀའ་བའི་གནས་ཚུལ་ལ་ཕྱིར་དྲན་བྱས་པར་མ་ཟད། ལས་བྱེད་པ་དང་མང་ཚོགས། སྡེ་མིའི་འཐུས་མི་བཅས་དང་བྱམས་བརྩེའི་ངང་གླེང་མོལ་བྱས།  སྡེ་བས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ཡོང་འབབ་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། འཚོ་བར་འགྱུར་ལྡོག་བྱུང་བ། འཚོ་བ་ཇེ་ལེགས་སུ་ཕྱིན་པ་བཅས་ཐོས་སྐབས། ལའོ་ཏུང་ཁྲོན་གྱིས་དགའ་ཚོར་ཆེན་པོས་སྡེ་བར་རྣམ་པ་གསར་པ་བྱུང་བ་དང་།   སྡེ་མི་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་བའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེ་དང་ཐུགས་ཁུར་གནང་བར་ཐུག་ཡོད། ཚང་མས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་སྟེ།    རང་རྟོགས་ངང་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་པ་དང་འཛུགས་སྐྲུན་པ་བྱེད་དགོས།   “བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་བ་དང་།  ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད་པ། བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ། སྡོད་བདེ་ལས་འཚམ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་བྱས་ཏེ། དེང་རབས་ཅན་གྱི་ཞིང་སྡེ་གསར་པའི་དཔེ་སྟོན་ཧུར་ཐག་གིས་བསྐྲུན་དགོས་ཞེས་བཤད།

མཚོ་འཁྱིལ་ཡུལ་ཚོ་ཆོས་རྒྱས་སྡེ་བར་བསྐྱོད་དེ། ལའོ་ཏུང་ཁྲོན་གྱིས་བྲག་ཐོ་ཁྲ་ལོག་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་།   ཐོན་ལས་ལེགས་བསྡུས་ཞིབ་གཉེར་ཅན་དང་། སྐྱེ་ཁམས་ཅན། བློ་རིག་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ།  ནོར་ནག་དང་བོད་ལུག་གི་ཁྱད་ལྡན་ཐོན་ལས་ལེགས་སྒྲུབ་དང་། ཐོན་ལས་དར་སྤེལ་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།  མཚོ་འཁྱིལ་ཡུལ་ཚོ་ཉྭ་ནག་སོ་མ་སྡེ་བ་རུ་ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་རོང་འབྲོག་མང་ཚོགས་ཀྱི་ཁང་པ་དང་ཆུ་ལོག་གིས་རྩྭ་སར་གནོད་སྐྱོན་བཟོས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཚན་རིག་དང་མཐུན་པའི་ངང་འཆར་འགོད་བཟོ་བ་དང་། རང་འགུལ་ངང་ལས་དོན་ཧུར་ཐག་གིས་སྒྲུབ་སྟེ། ཉེན་གཡོལ་གནས་སྤོ་དང་། རྗེས་མཐུད་བཀོད་སྒྲིག ལས་ཞུགས་འབབ་འཕར་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས།  མང་ཚོགས་ཀྱི་གནས་སྤོ་བརྟན་བརླིང་ཡོང་བ་དང་བདེ་སྐྱིད་ལྡན་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

དབྱང་ཀྲི་ཝུན་རྟོག་ཞིབ་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号