ལའོ་ཏུང་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་ལ་ཞུགས།

ཟླ4ཚེས19ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་དང་མཉམ་དུ་སྐལ་བཟང་སྙིང་སྟོབས་སློབ་གསོའི་རྟེན་གཞིར་སོང་ནས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས།    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དངོས་སྒྲུབ་སྔོན་བརྩོན་གྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

སྐལ་བཟང་གི་སྙིང་སྟོབས་སློབ་གསོའི་རྟེན་གཞི་རུ། ལའོ་ཏུང་ཁྲོན་སོགས་ཡུལ་དངོས་སུ་བསྐྱོད་དེ་སྐལ་བཟང་གི་བྱ་བ་དང་འཚོ་བ་རོལ་སའི་གནས་ཡུལ་རྙིང་པར་ལྟ་སྐོར་བྱས་པ་དང་། བློ་མཐུན་སྐལ་བཟང་གི་སྔོན་ཐོན་བྱས་རྗེས་ལ་ཉན།  ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། བློ་མཐུན་སྐལ་བཟང་གིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕུགས་འདུན་དང་དད་སེམས་བློ་ལ་བཅངས་ནས། མི་དམངས་མང་ཚོགས་དང་མཉམ་ཟ་མཉམ་འདུག་བྱས་ཤིང་མཉམ་དུ་བྱ་བ་བསྒྲུབས་ལ། ལྷོ་བྱང་རི་ལྗང་སྒྱུར་གྱི་ཐད་དུ་བྱས་རྗེས་གལ་ཆེན་བཞག་ཡོད། བློ་མཐུན་སྐལ་བཟང་མིག་དཔེར་བཟུང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གཤིས་བློ་སྦྱོང་ཐད་མུ་མཐུད་དུ་སྦྱོང་བརྡར་བྱེད་པ་དང་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ།   སྙིང་སྟོབས་དར་སྤེལ་བྱས་ཏེ། རང་རྟོགས་སྒོས་ཏང་གི་མང་ཚོགས་ལྟ་བ་དང་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འབད་བརྩོན་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།   སྐལ་བཟང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་འབད་འཐབ་བྱེད་པར་སྐུལ་མ་གཏོང་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཐོ་སྒང་གི་ས་གཞི་ཆེན་མོ་རུ་ལག་བསྟར་བྱེད་པའི་གསོན་ཉམས་ཅན་གྱི་རྣམ་པའི་རྒྱུན་བསྐྱངས་ནས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།   རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། བྱང་གསུམ་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་ནས། མུ་མཐུད་དུ་སྡོང་འཛུགས་རྒྱ་ཁྱོན་ཆེ་རུ་གཏོང་བ་དང་སྡོང་འཛུགས་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ཀུན་ལ་ཕན་པའི་དམངས་ཚིས་བདེ་སྐྱིད་དུ་འགྱུར་བར་བྱ་དགོས།

ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ལྗང་སྒྱུར་ཁུལ་དོ་དམ་རྟེན་གཞི་རུ། ལའོ་ཏུང་ཁྲོན་སོགས་ཀྱིས་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཉེ་བའི་ལོ་འགའི་རིང་སྡོང་འཛུགས་ནགས་སྐྲུན་བྱས་པ་དང་ལྗང་སྒྱུར་ས་ཁུལ་གྱི་དོ་དམ་སྲུང་སྐྱོབ་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ལའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། སྡེ་ཁག་སོ་སོས་ལྗང་སྒྱུར་ས་ཁུལ་གསོ་སྤེལ་དང་དོ་དམ་བྱེད་པར་སྔར་ལས་ཤུགས་བསྣན་ནས། དོ་དམ་སྲུང་སྐྱོབ་ཀྱི་བྱ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཡུལ་བབ་དང་བསྟུན་ནས་སྡོང་བོ་དང་ནགས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་མཛེས་ལྗོངས་བསྐྲུན་ནས་མུ་མཐུད་དུ་ལྗང་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཧུར་ཐག་གིས་ལྷོ་བྱང་རིའི་ལྗང་སྒྱུར་བྱ་བ་རིམ་སྤོར་བྱེད་དགོས། ལྷོ་བྱང་རིའི་ལྗང་སྒྱུར་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ནས། རིམ་པ་སོ་སོའི་མང་ཚོགས་ཚོགས་པའི་རྩ་འཛུགས་དང་།  ཁེ་ལས་དང་ལས་དོན་ལས་ཁུངས། རྒྱ་ཆེའི་གྲོང་མི་རྣམས་ལྷོ་བྱང་རིར་འགྲོ་བ་དང་། ལྷོ་བྱང་རི་ལ་རྒྱུས་ལོན་བྱེད་པ། ལྷོ་བྱང་རིར་སྲུང་སྐྱོབ་བཅས་བྱེད་པར་སྐུལ་མ་དང་ཁྲིད་སྟོན་བྱས་ཏེ། ལྷོ་བྱང་རི་དེ་ཏང་གཤིས་སློབ་གསོ་དང་སྐྱེ་ཁམས་དྲིལ་བསྒྲགས་སློབ་གསོ། ཁམས་གསོ་སྤྲོ་གསེང་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་སྐྱེ་ཁམས་བྱེད་ནུས་ས་ཁུལ་བསྐྲུན་རྒྱུར་འབད་བརྩོན་བྱེད་དགོས།

དེའི་རྗེས་སུ། ལའོ་ཏུང་ཁྲོན་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་རྣམས་མཉམ་དུ་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་ལ་ཞུགས།

ལིའུ་ཐའོ་དང་དབྱང་ཀྲི་ཝུན། ཝང་ཧེ་ཧོང་། ཁྲིན་ཅི་ཝེ་བཅས་ཟུར་ཞུགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号