མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་འཇོན་མི་སྐོར་ཐེངས་དང་པོ་ལས་གནས་སུ་ཞུགས་ནས་བྱ་བ་སྒྲུབ།
ཟླ4པའི་ཚེས18ཉིན། རང་ཞིང་གིས་ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་འཇོན་མི་ལས་གནས་སུ་ཞུགས་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་ནས། དངོས་གཞིའི་སློབ་ཆེན་དང་ལས་རིགས་ལག་རྩལ་སློབ་གྲྭས་མངགས་པའི་སྐོར་ཐེངས་དང་པོའི་སློབ་མ་རེ་གཅིག་དང་ཁེ་ལས་ཀྱིས་མངགས་པའི་ལག་རྩལ་འཇོན་མི་ཞེ་ལྔའི་ལས་གནས་སྡེབ་སྒྲིག་ལེགས་འགྲུབ་བྱུང་བར་མ་ཟད་ལས་གནས་སུ་ཞུགས་པའི་བྱ་བ་སྒྲུབ།
མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་འཇོན་མིའི་བྱ་བ་སྒྲུབ་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་འཇོན་མིའི་བྱེད་ཐབས་དོན་ཚན་བཅུ་ལག་བསྟར་དངོས་འབེབས་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཡིན་ལ། འཇོན་མིའི་དཀའ་ཁག་སེལ་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་པའི་འགག་རྩའི་ཐབས་ལམ་ཡིན་པ་དང་། ཐོན་ལས་སློབ་གསོ་མཉམ་འདྲེས་ཟབ་སྤེལ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གཙོ་བོའང་ཡིན། ད་ལོའི་ལོ་མགོར། ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་གཞུང་སྒྲུབ་ཁང་གིས་ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་འཇོན་མིའི་བྱ་བ་སྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་པ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་དངོས་གཞིའི་མཐོ་རིམ་སློབ་ཆེན་དང་ལས་རིགས་ལག་རྩལ་སློབ་གྲྭ། དེ་མིན་ཞིང་ཆེན་ནང་ཁུལ་གྱི་ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་ཁེ་ལས་བཅས་ལས་མཐོ་རིམ་འཇོན་མི་དང་ལག་རྩལ་འཇོན་མི་བརྒྱ་ཡས་མས་འདེམ་ནས། ཁེ་ལས་དང་མཐོ་རིམ་སློབ་གྲྭར་མངགས་ཏེ་ལག་རྩལ་འགག་སྒྲོལ་དང་བསླབ་ཚན་གསར་སྒྱུར། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར། དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་བྱ་བ་སྒྲུབ་པ་དང་། སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་བྱས་ནས་ལྗང་མདོག་རྩིས་ནུས་ཁྱབ་ཁོངས་སུ་མཁོ་བའི་འཇོན་མི་སྐྱེད་སྲིང་གི་ནུས་ལྡན་སྟེགས་བུ་བསྐྲུན།
རྒྱུས་ལོན་བྱུང་བ་ལྟར་ན། ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་འཇོན་མིའི་བྱ་བས་ཕན་ཚུན་འདེམ་པ་དང་དགེ་མཚན་གསབ་རེས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། འགན་ལེན་གདན་འགུག་དང་ཞོར་ལས་གདན་འགུག ལས་གཞིའི་གདན་འགུག ཡུན་ཐུང་འགན་འཁྱེར་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད་དེ། གསར་གཏོད་ཐེག་གནས་མཉམ་སྐྲུན་དང་ཚན་ཞིབ་ལས་གཞི་མཉམ་སྒྲུབ། ཚན་ཞིབ་ཐོན་ཁུངས་མཉམ་སྤྱོད་བཅས་བྱེད་པ་དང་། ཆབ་སྲིད་དང་ཐོན་ལས། སློབ་སྦྱོང་དང་ཞིབ་འཇུག བེད་སྤྱོད་བཅས་མཉམ་འདྲེས་ཟབ་སྤེལ་བྱེད་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注