བོད་ལུགས་གསེར་སྐུད་ཀྱིས་ཐང་ག་བརྒྱན།
ཟླ4པའི་ཚེས5ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་དུ་གནས་པའི་མཚོ་སྔོན་མེ་ལོང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་རུ་ལས་བཟོ་བ་རྣམས་ཀྱིས་བློ་རིག་བསྒྲིམས་ཏེ་གསེར་སྐུད་ཕྲ་མོའི་ལག་ཤེས་ཐོན་རྫས་སྣ་ཚོགས་བཟོ་བཞིན་ཡོད།སྐམ་པ་གཅུ་བའི་བར་ནས་ཉག་མ་ལྟར་ཕྲ་བའི་གསེར་སྐུད་ནི་བྲིས་ནས་འགྲུབ་ཡོད་པའི་སྐྱ་བྲིས་སྟེང་ཚགས་དམ་པོར་སྦྱར་བ་ན། གསོན་ཉམས་ལྡན་ཞིང་མིག་དབང་འཕྲོག་པའི་གསེར་མདོག་གི་ཐིག་རིས་རེ་རེ་གྲུབ། ཉེ་བར་བཅར་ཏེ་ཞིབ་ལྟ་བྱས་པ་ན། གསེར་སྐུད་དུམ་བུ་རེ་རེའི་མཐུད་མཚམས་ནི་རང་བྱུང་ལྷུན་གྱིས་གྲུབ་ཡོད་ལ། བྱང་ཆུབ་པའི་ལག་རྩལ་གྱིས་མི་ལ་སེམས་གཏིང་ནས་གུས་པ་སྐྱེ་བར་བྱེད།“སྤྱིན་ཆུའི་བཀོལ་ཚད་ཚད་དང་རན་པ་ཞིག་ཡིན་དགོས། མང་ཚེ་རི་མོའི་ངོས་མི་གཙང་ཞིང་། ཉུང་ཚེ་གསེར་སྐུད་སྦྱར་བ་དམ་པོ་མིན”ཞེས་ཀུང་སིའི་སྤྱི་གཉེར་པ་ཀླུ་རྒྱལ་ཚེ་རིང་གིས་ལས་བཟོ་པར་ནན་གྱིས་བཅོལ་གདམས་བྱས།ཀླུ་རྒྱལ་ཚེ་རིང་གིས་ཚོགས་པའི་བརྩམས་ཆོས་ལེགས་ཤོས《བཀྲ་ཤིས་པའི་ཤྭ་བ》ཞེས་པ་འགྲེམ་སྟོན་བྱེད་པ།བོད་ཀྱི་གསེར་སྐུད་ཐང་གའི་སྟེང་གི་རི་དྭགས་གཙོད་ཀྱིས་མཚོ་སྔོན་གྱི་ཁྱད་ཆོས་མངོན་པ།“གསེར་སྐུད་གཅུ་དུས་ལག་ཡང་དགོས། ཤེད་དྲག་པོ་བཀོལ་མི་རུང་།”“གཅུ་བའི་གོ་རིམ་ནི་ཡུན་གྱིས་ཡོང་དགོས། ཤུགས་ཆེ་ན་གསེར་སྐུད་ཆད་འགྲོ། ཐོག་མར་གསེར་སྐུད་ཀྱི་སྣེ་གཅིག་གཏན་འཁེལ་བྱས་རྗེས། དེ་ནས་སྐམ་པས་གཅུ་དགོས་པའི་གནས་ཡང་མོར་བཙིར་ནས་ཉུང་ཙམ་ཉུང་ཙམ་གྱིས་ཟུར་ཚད་སྙོམས་སྒྲིག་བྱས་ཏེ། ཐང་གའི་རས་གཞིའི་ངོས་ཀྱི་རི་མོའི་སྐྱ་བྲིས་དང་ཡོངས་སུ་འཕྲོད་པར་བྱེད་དགོས།”སྒྲོལ་དཀར་འཚོས་ལམ་སང་གོ་བ་ལོན་ཏེ། “ངས་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ཏེ་ཁྱོད་ཀྱིས་ཁྲིད་པའི་གོ་རིམ་ལྟར་ལག་ལེན་བྱེད་ཁོ་ཐག་ཡིན། ཞིབ་ལས་ཚགས་དཀྲོལ་བྱས་ནས་བརྩམས་ཆོས་འདི་སྔར་ལས་ཇེ་བཟང་དུ་གཏོང་ངེས”ཟེར།ཀླུ་རྒྱལ་ཚེ་རིང་ནི་ཁོའི་ཁྱིམ་རྒྱུད་དུ་བོད་ལུགས་གསེར་སྐུད་བཟོ་རྩལ་གྱི་རྒྱུན་འཛིན་པ་རབས་གསུམ་པ་ཡིན། ཁོས་ངོ་སྤྲོད་བྱས་པ་ལྟར་ན། ལག་རྩལ་དེ་ནི་ཁོའི་སྤོ་བོའི་རིང་ནས་བརྒྱུད་འོང་བ་རེད།སྤོ་བོ་ནི་ལག་ཤེས་པ་ཞིག་ཡིན། སྔོན་ཆད་ལྷ་སའི་ཚོང་འདུས་སུ་སྣོད་ཅ་ལག་སྣ་ཚོགས་མཐོང་ནས་གསེར་གྱི་སྡེར་མ་དང་མེ་ཏོག་བུམ་པའི་སྟེང་འབའ་འབུར་དོད་པའི་ཁྲ་རིས་ལས་བློ་སྐྱེད་ཐོབ་པས། རྒན་པས་སྦོམ་ཕྲ་མི་གཅིག་པའི་གསེར་སྐུད་ཀྱིས་བོད་གྲིའི་གྲི་ཡུ་དང་རྟ་སྒའི་སྟེང་དུ་ཕྲ་བཏབ།བོད་གྲིའི་གྲི་ཡུའི་སྟེང་གི་གསེར་སྐུད་ཕྲ་ཞིང་འཁྱིལ་བ་དེས་གྲང་ཤུར་ཤུར་གྱི་གྲི་ལ་དྲོད་ཁོལ་ཁྱད་པར་ཅན་ཞིག་བསྣན། སྤོ་བོ་འཚོ་བཞུགས་གནང་བའི་དུས་རབས་སུ་རྟ་ནི་བོད་རིགས་མང་ཚོགས་ཀྱི་རྒྱུན་སྤྱོད་ཀྱི་འགྲིམ་འགྲུལ་ཡོ་བྱད་ཡིན་ཞིང་། གསེར་སྐུད་ཀྱིས་ཕྲ་བཏབ་པའི་རྟ་སྒ་ནི་བཀོད་མཛེས་ཡིད་འོང་དང་རྒྱས་སྤྲོས་སུ་མངོན་ལ། དེས་ཕྱུགས་འཚོ་བའི་མི་རིགས་ཀྱི་དཔའ་ཉམས་དང་འཆར་ཡན་རྗོད་བཞིན་པ་འདྲ།བོད་ལུགས་གསེར་སྐུད་ཀྱི་ལག་རྩལ་འདིས་སྤྱིར་བཏང་གི་སྣོད་ཆས་ལ་མཛེས་པ་སྦྱིན། དེས་སྣོད་ཆས་ཀྱི་ཕྱི་ཚུལ་བརྒྱན་པར་མ་ཟད། རྒན་པའི་འཆར་སྒོ་དང་སྒྱུ་རྩལ་འཚོལ་སྙེག་གཉིས་ཡོངས་སུ་འདྲེས་ཏེ། བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་ཐུན་མིན་གྱི་འགུག་ཤུགས་ཇི་མ་ཇི་བཞིན་དུ་མངོན་ཡོད།ལོ་ཟླ་རིམ་གྱིས་འདས། ཀླུ་རྒྱལ་ཚེ་རིང་གིས་ཕ་ཤུལ་བུ་ཡིས་བཟུང་། ཚོང་རའི་འཁོར་ཕྱོགས་ལ་ཚོར་བ་སྐྱེན་པ་དང་གསར་གཏོད་ཀྱི་སྙིང་སྟོབས་ཀྱང་ལྡན་པས་བོད་གྲི་དང་རྟ་སྒ་ཙམ་བརྒྱན་པ་ལས་བརྒལ་ཏེ། ལག་རྩལ་འདི་གསེར་སྐུད་ཐང་ག་དང་ལག་ཁྱེར་ཁ་པར་གྱི་ཤུབས། ཕོར་གདན། སྐེ་རྒྱན། འཁྱགས་སྒམ་སྦྱོར་དངོས་སོགས་རིག་གནས་གསར་གཏོད་ཐོན་རྫས་ཀྱི་སྟེང་རྒྱ་བསྐྱེད་པས། ལག་བཟོ་སྒྱུ་རྩལ་གྱི་བཀོལ་སྤྱོད་ཚད་ཇེ་ཡངས་སུ་བཏང་སྟེ། བོད་ལུགས་གསེར་སྐུད་ལག་བཟོ་སྒྱུ་རྩལ་ཐོན་རྫས་མི་མང་པོའི་འཚོ་བའི་ཁྲོད་དུ་བསྐྱལ།ཀླུ་རྒྱལ་ཚེ་རིང་ནི་གཅན་ཚ་རྫོང་ནང་ཁོག་ཞང་བདེ་ཆེན་སྡེ་བའི་མི་ཡིན་ཞིང་། གནས་དེའི་རང་བྱུང་གི་བཀོད་པ་མཛེས་པའི་སྐྱེ་ཁམས་ཁོར་ཡུག་གིས་ཁོར་གསར་རྩོམ་གྱི་རྒྱུ་ཆ་དང་འཆར་སྒོ་ཕུན་སུམ་ཚོགས་པ་བསྩལ། “ད་ལྟ་འགྲུབ་ལ་ཉེ་བའི་གསེར་སྐུད་བརྩམས་ཆོས་འདིའི་མིང་ལ《བཀྲ་ཤིས་པའི་ཤྭ་བ》ཞེས་བྱ་ཞིང་། འདི་ནི་ཀུང་སིའི་ཐོན་རྫས་གཙོ་བོ་ཡིན། བོད་ཀྱི་རིག་གནས་ཁྲོད་ཤྭ་བ་ནི་གཡང་ཟོག་ཡིན་པར་མ་ཟད། བཀྲ་ཤིས་པ་དང་ཁམས་བདེ་ཡི་མཚོན་རྟགས་ཡིན།དེ་ལས་གཞན་ང་ཚོས་ད་དུང་འབྲི་གཡག་དང་གཙོད། གསའ་སོགས་མཐོ་སྒང་གི་སྲོག་ཆགས་ནང་དོན་ཡིན་པའི་གསེར་སྐུད་ཐོན་རྫས་མང་པོ་བརྩམས་ཏེ་མཚོ་སྔོན་གྱི་ཐུན་མིན་གྱི་རྣམ་པ་ངོམ་རྒྱུ་ཡིན”ཟེར།གསེར་སྐུད་ཐང་ག་གཅིག་བཞེངས་པར་སྤྱིར་བཏང་དུ་བཞེངས་མཁན་གསུམ་གྱིས་མཉམ་འབྲེལ་སྒོས་ལེགས་འགྲུབ་བྱེད་དགོས། ཐོག་མར་ཐང་ག་འབྲི་བར་བྱང་ཆ་ཡོད་པའི་ལྷ་བཟོ་ཡིས་རི་མོ་འབྲི་དགོས་ཤིང་། དེ་ནས་བཞེངས་མཁན་གཞན་ཞིག་གིས་ཟངས་སྐུད་མཉེན་མོ་ཞིག་བདམས་ནས“གསེར་སྐུད”ཀྱི་ཚབ་བྱས་ནས་སེམས་ཆུང་སྒོས་སྔར་བྲིས་ཡོད་པའི་རི་མོའི་སྐྱ་བྲིས་དེད་ནས་སྦྱར་ཏེ། ཐང་ག་ལ་ལངས་གཟུགས་ཀྱི་ཐིག་རིས་སྒྲོམ་གཞི་བཟོ་དགོས། མཇུག་མཐར། ཆེད་ལས་ལྷ་བཟོ་བས་ཐང་གའི་རི་མོར་རིན་པོ་ཆེའི་རྡོ་ཚོན་འབྱུག་དགོས།སྐུད་པ་དཀྲིས་པ་ནི་ཐང་ག་བཟོ་བའི་གོ་རིམ་ཁྲོད་ཀྱི་གནད་འགག་ཅིག་ཡིན་ཞིང་། བཞེངས་མཁན་ལ་ཆ་རྐྱེན་ཤིན་ཏུ་མཐོན་པོ་ཡོད། བཞེངས་མཁན་གྱིས་སྣེ་འཛིང་བའི་སྐུད་པའི་བར་ནས་བབ་བསྟུན་གྱིས་དཀྲིས་ཏེ་གསེར་སྐུད་རེ་རེ་རི་མོ་དང་ཡོངས་སུ་འཕྲོད་དུ་འཇུག་དགོས།ཀླུ་རྒྱལ་ཚེ་རིང་གིས་མཉམ་སྤྱོད་བྱས་པ་སྟེ། “ང་ཚོས་སྐུད་པའི་སྦོམ་ཕྲའི་དགོས་མཁོར་གཞིགས་ནས་ཚད་གཞི་མི་འདྲ་བའི་ཟངས་སྐུད་གདམ་དགོས། མི་སྣ་བཞེངས་པ་ལྟ་བུར་མཚོན་ན། མིག་མདངས་གསོན་པོ་ཇི་མ་ཇི་བཞིན་དུ་མངོན་འདོད་ན་ཟངས་སྐུད་ཆེས་ཕྲ་བ་བཀོལ་དགོས། འདི་ལས་བཞེངས་མཁན་ལ་སྒྱུ་རྩལ་གྱི་བློ་མིག་ཡོད་མེད་ཤེས་པར་མ་ཟད། བཞེངས་མཁན་གྱིས་ངང་རྒྱུད་རིང་བ་དང་བློ་རྩ་བརྟན་དགོས།”གསེར་སྐུད་ཐང་ག་བཞེངས་པའི་ཆེས་མཇུག་མཐའི་ལས་རིམ་སྟེ། ཚོན་རྩི་བྱུག་པ་ཡིས་ཀྱང་བཞེངས་མཁན་གྱི་རྨང་གཞི་ལ་ཉམས་ཚོད་ནན་མོ་ལེན། “རི་མོའི་ཁྲོད་ཀྱི་སྤྲིན་དཀར་ལྟ་བུར་མཚོན་ནའང་དེ་ནི་མདོག་དཀར་པོ་རྐྱང་བ་ཞིག་གཏན་ནས་མིན། རི་མོའི་ཚོན་མདངས་ལ་བང་རིམ་ལྡན་པའི་ཆེད་དུ་ང་ཚོས་མདོག་དཀར་པོ་དང་སེར་པོ། ལྗང་ཁུ། རྫ་མདོག་སོགས་མདོག་མང་པོ་བསྲེས་ནས་འདྲེས་སུ་འཇུག་དགོས། འདི་ལྟར་བྲིས་པའི་སྤྲིན་དཀར་ནི་ངོ་མ་དང་ཐག་ཉེ་ལ་བདེན་སྣང་དང་གསོན་ཉམས་ཀྱིས་ཕྱུག”ཅེས་ཀླུ་རྒྱལ་ཚེ་རིང་གིས་དེ་ལྟར་འགྲེལ་བཤད་བྱས།རི་མོ་འབྲི་བ་དང་སྐུད་པ་དཀྲིས་ནས་དབྱིབས་བཟོ་བ། ཚོན་རྩི་བྱུགས་ནས་མདོག་བསྒྱུར་བ་བཅས་ཀྱི་ཞིབ་ཚགས་ལྡན་པའི་ལས་རིམ་འདི་གསུམ་པོ་བརྒྱུད་རྗེས་གསེར་སྐུད་ཐང་ག་ཞིག་སྤྱིའི་ཆ་ནས་འགྲུབ་ཡོད། གསེར་སྐུད་ཀྱིས་བརྒྱན་པ་ན་ཐང་གའི་རི་མོ་གཙོ་བོར་ལངས་གཟུགས་མངོན་ཞིང་རྒྱས་སྤྲོས་ཀྱི་ཉམས་འགྱུར་ཡོངས་སུ་མངོན། བཞེངས་མཁན་གྱིས་བཞེངས་པའི་གོ་རིམ་ཁྲོད་རྡོ་ཚོན་བྱུགས་པ་ན། རི་མོའི་ཁ་དོག་བཀྲགས་མདངས་བཀྲ་ཞིང་མིག་དབང་ཕྲོགས་ལ། ལྷག་པར་ཐང་ག་ལ་ནམ་ཡང་ཡལ་རྒྱུ་མེད་པའི་འགུག་ཤུགས་བསྩལ་ཡོད།མིག་སྔར། ཀུང་སིས་རང་སྡེ་བའི་སྡེ་མི20དང་གདོང་སྣའི་སྡེ་མི8ལ་ལས་གནས་འདོན་སྤྲོད་བྱས་པ་མ་ཟད། མ་ལག་ཅན་གྱི་ལག་རྩལ་ཟབ་སྦྱོང་སྟེགས་བུ་བསྐྲུན་པ་དང་ཚོང་ཟོག་མངག་ཐོ་ཡི་ཚོང་གཉེར་རྣམ་པར་བརྟེན་ནས། ཚང་མའི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་བྱེད་བཞིན་ཡོད་ལ། གྲོང་གསེབ་དར་སྤེལ་ལ་སྒུལ་ནུས་དྲག་པོ་སྩོལ་བཞིན་ཡོད།བོད་ལུགས་གསེར་སྐུད་ཐང་གའི་སྒྱུ་རྩལ་གྱིས་ཐུན་མིན་གྱི་འགུག་ཤུགས་ལ་བརྟེན་ནས་དཔལ་འབྱོར་ཡོང་འབབ་འཕར་བའི་ལམ་བུ་གསར་པ་ཞིག་བཏོད་དེ་ས་གནས་དེ་གའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་བཞིན་ཡོད། རྒྱུན་འཛིན་དང་གསར་གཏོད་ཀྱི་ལམ་ཁ་རུ་གནའ་བོའི་སྒྱུ་རྩལ་འདི་ལ་ཡང་བསྐྱར་གསོན་ཤུགས་བསྩལ་ནས་བོད་ཀྱི་རིག་གནས་ཀྱི་མཚར་སྡུག་རྒྱུན་མཐུད་ཅིང་མི་རིགས་རིག་གནས་དར་རྒྱས་ཀྱི་འཆར་གཞི་རགས་བྲིས་བྱས།
ཟླ4པའི་ཚེས5ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་དུ་གནས་པའི་མཚོ་སྔོན་མེ་ལོང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་རུ་ལས་བཟོ་བ་རྣམས་ཀྱིས་བློ་རིག་བསྒྲིམས་ཏེ་གསེར་སྐུད་ཕྲ་མོའི་ལག་ཤེས་ཐོན་རྫས་སྣ་ཚོགས་བཟོ་བཞིན་ཡོད།
སྐམ་པ་གཅུ་བའི་བར་ནས་ཉག་མ་ལྟར་ཕྲ་བའི་གསེར་སྐུད་ནི་བྲིས་ནས་འགྲུབ་ཡོད་པའི་སྐྱ་བྲིས་སྟེང་ཚགས་དམ་པོར་སྦྱར་བ་ན། གསོན་ཉམས་ལྡན་ཞིང་མིག་དབང་འཕྲོག་པའི་གསེར་མདོག་གི་ཐིག་རིས་རེ་རེ་གྲུབ། ཉེ་བར་བཅར་ཏེ་ཞིབ་ལྟ་བྱས་པ་ན། གསེར་སྐུད་དུམ་བུ་རེ་རེའི་མཐུད་མཚམས་ནི་རང་བྱུང་ལྷུན་གྱིས་གྲུབ་ཡོད་ལ། བྱང་ཆུབ་པའི་ལག་རྩལ་གྱིས་མི་ལ་སེམས་གཏིང་ནས་གུས་པ་སྐྱེ་བར་བྱེད།
“སྤྱིན་ཆུའི་བཀོལ་ཚད་ཚད་དང་རན་པ་ཞིག་ཡིན་དགོས། མང་ཚེ་རི་མོའི་ངོས་མི་གཙང་ཞིང་། ཉུང་ཚེ་གསེར་སྐུད་སྦྱར་བ་དམ་པོ་མིན”ཞེས་ཀུང་སིའི་སྤྱི་གཉེར་པ་ཀླུ་རྒྱལ་ཚེ་རིང་གིས་ལས་བཟོ་པར་ནན་གྱིས་བཅོལ་གདམས་བྱས།
ཀླུ་རྒྱལ་ཚེ་རིང་གིས་ཚོགས་པའི་བརྩམས་ཆོས་ལེགས་ཤོས《བཀྲ་ཤིས་པའི་ཤྭ་བ》ཞེས་པ་འགྲེམ་སྟོན་བྱེད་པ།
བོད་ཀྱི་གསེར་སྐུད་ཐང་གའི་སྟེང་གི་རི་དྭགས་གཙོད་ཀྱིས་མཚོ་སྔོན་གྱི་ཁྱད་ཆོས་མངོན་པ།
“གསེར་སྐུད་གཅུ་དུས་ལག་ཡང་དགོས། ཤེད་དྲག་པོ་བཀོལ་མི་རུང་།”“གཅུ་བའི་གོ་རིམ་ནི་ཡུན་གྱིས་ཡོང་དགོས། ཤུགས་ཆེ་ན་གསེར་སྐུད་ཆད་འགྲོ། ཐོག་མར་གསེར་སྐུད་ཀྱི་སྣེ་གཅིག་གཏན་འཁེལ་བྱས་རྗེས། དེ་ནས་སྐམ་པས་གཅུ་དགོས་པའི་གནས་ཡང་མོར་བཙིར་ནས་ཉུང་ཙམ་ཉུང་ཙམ་གྱིས་ཟུར་ཚད་སྙོམས་སྒྲིག་བྱས་ཏེ། ཐང་གའི་རས་གཞིའི་ངོས་ཀྱི་རི་མོའི་སྐྱ་བྲིས་དང་ཡོངས་སུ་འཕྲོད་པར་བྱེད་དགོས།”
སྒྲོལ་དཀར་འཚོས་ལམ་སང་གོ་བ་ལོན་ཏེ། “ངས་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ཏེ་ཁྱོད་ཀྱིས་ཁྲིད་པའི་གོ་རིམ་ལྟར་ལག་ལེན་བྱེད་ཁོ་ཐག་ཡིན། ཞིབ་ལས་ཚགས་དཀྲོལ་བྱས་ནས་བརྩམས་ཆོས་འདི་སྔར་ལས་ཇེ་བཟང་དུ་གཏོང་ངེས”ཟེར།
ཀླུ་རྒྱལ་ཚེ་རིང་ནི་ཁོའི་ཁྱིམ་རྒྱུད་དུ་བོད་ལུགས་གསེར་སྐུད་བཟོ་རྩལ་གྱི་རྒྱུན་འཛིན་པ་རབས་གསུམ་པ་ཡིན། ཁོས་ངོ་སྤྲོད་བྱས་པ་ལྟར་ན། ལག་རྩལ་དེ་ནི་ཁོའི་སྤོ་བོའི་རིང་ནས་བརྒྱུད་འོང་བ་རེད།
སྤོ་བོ་ནི་ལག་ཤེས་པ་ཞིག་ཡིན། སྔོན་ཆད་ལྷ་སའི་ཚོང་འདུས་སུ་སྣོད་ཅ་ལག་སྣ་ཚོགས་མཐོང་ནས་གསེར་གྱི་སྡེར་མ་དང་མེ་ཏོག་བུམ་པའི་སྟེང་འབའ་འབུར་དོད་པའི་ཁྲ་རིས་ལས་བློ་སྐྱེད་ཐོབ་པས། རྒན་པས་སྦོམ་ཕྲ་མི་གཅིག་པའི་གསེར་སྐུད་ཀྱིས་བོད་གྲིའི་གྲི་ཡུ་དང་རྟ་སྒའི་སྟེང་དུ་ཕྲ་བཏབ།
བོད་གྲིའི་གྲི་ཡུའི་སྟེང་གི་གསེར་སྐུད་ཕྲ་ཞིང་འཁྱིལ་བ་དེས་གྲང་ཤུར་ཤུར་གྱི་གྲི་ལ་དྲོད་ཁོལ་ཁྱད་པར་ཅན་ཞིག་བསྣན། སྤོ་བོ་འཚོ་བཞུགས་གནང་བའི་དུས་རབས་སུ་རྟ་ནི་བོད་རིགས་མང་ཚོགས་ཀྱི་རྒྱུན་སྤྱོད་ཀྱི་འགྲིམ་འགྲུལ་ཡོ་བྱད་ཡིན་ཞིང་། གསེར་སྐུད་ཀྱིས་ཕྲ་བཏབ་པའི་རྟ་སྒ་ནི་བཀོད་མཛེས་ཡིད་འོང་དང་རྒྱས་སྤྲོས་སུ་མངོན་ལ། དེས་ཕྱུགས་འཚོ་བའི་མི་རིགས་ཀྱི་དཔའ་ཉམས་དང་འཆར་ཡན་རྗོད་བཞིན་པ་འདྲ།
བོད་ལུགས་གསེར་སྐུད་ཀྱི་ལག་རྩལ་འདིས་སྤྱིར་བཏང་གི་སྣོད་ཆས་ལ་མཛེས་པ་སྦྱིན། དེས་སྣོད་ཆས་ཀྱི་ཕྱི་ཚུལ་བརྒྱན་པར་མ་ཟད། རྒན་པའི་འཆར་སྒོ་དང་སྒྱུ་རྩལ་འཚོལ་སྙེག་གཉིས་ཡོངས་སུ་འདྲེས་ཏེ། བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་ཐུན་མིན་གྱི་འགུག་ཤུགས་ཇི་མ་ཇི་བཞིན་དུ་མངོན་ཡོད།
ལོ་ཟླ་རིམ་གྱིས་འདས། ཀླུ་རྒྱལ་ཚེ་རིང་གིས་ཕ་ཤུལ་བུ་ཡིས་བཟུང་། ཚོང་རའི་འཁོར་ཕྱོགས་ལ་ཚོར་བ་སྐྱེན་པ་དང་གསར་གཏོད་ཀྱི་སྙིང་སྟོབས་ཀྱང་ལྡན་པས་བོད་གྲི་དང་རྟ་སྒ་ཙམ་བརྒྱན་པ་ལས་བརྒལ་ཏེ། ལག་རྩལ་འདི་གསེར་སྐུད་ཐང་ག་དང་ལག་ཁྱེར་ཁ་པར་གྱི་ཤུབས། ཕོར་གདན། སྐེ་རྒྱན། འཁྱགས་སྒམ་སྦྱོར་དངོས་སོགས་རིག་གནས་གསར་གཏོད་ཐོན་རྫས་ཀྱི་སྟེང་རྒྱ་བསྐྱེད་པས། ལག་བཟོ་སྒྱུ་རྩལ་གྱི་བཀོལ་སྤྱོད་ཚད་ཇེ་ཡངས་སུ་བཏང་སྟེ། བོད་ལུགས་གསེར་སྐུད་ལག་བཟོ་སྒྱུ་རྩལ་ཐོན་རྫས་མི་མང་པོའི་འཚོ་བའི་ཁྲོད་དུ་བསྐྱལ།
ཀླུ་རྒྱལ་ཚེ་རིང་ནི་གཅན་ཚ་རྫོང་ནང་ཁོག་ཞང་བདེ་ཆེན་སྡེ་བའི་མི་ཡིན་ཞིང་། གནས་དེའི་རང་བྱུང་གི་བཀོད་པ་མཛེས་པའི་སྐྱེ་ཁམས་ཁོར་ཡུག་གིས་ཁོར་གསར་རྩོམ་གྱི་རྒྱུ་ཆ་དང་འཆར་སྒོ་ཕུན་སུམ་ཚོགས་པ་བསྩལ། “ད་ལྟ་འགྲུབ་ལ་ཉེ་བའི་གསེར་སྐུད་བརྩམས་ཆོས་འདིའི་མིང་ལ《བཀྲ་ཤིས་པའི་ཤྭ་བ》ཞེས་བྱ་ཞིང་། འདི་ནི་ཀུང་སིའི་ཐོན་རྫས་གཙོ་བོ་ཡིན། བོད་ཀྱི་རིག་གནས་ཁྲོད་ཤྭ་བ་ནི་གཡང་ཟོག་ཡིན་པར་མ་ཟད། བཀྲ་ཤིས་པ་དང་ཁམས་བདེ་ཡི་མཚོན་རྟགས་ཡིན།དེ་ལས་གཞན་ང་ཚོས་ད་དུང་འབྲི་གཡག་དང་གཙོད། གསའ་སོགས་མཐོ་སྒང་གི་སྲོག་ཆགས་ནང་དོན་ཡིན་པའི་གསེར་སྐུད་ཐོན་རྫས་མང་པོ་བརྩམས་ཏེ་མཚོ་སྔོན་གྱི་ཐུན་མིན་གྱི་རྣམ་པ་ངོམ་རྒྱུ་ཡིན”ཟེར།
གསེར་སྐུད་ཐང་ག་གཅིག་བཞེངས་པར་སྤྱིར་བཏང་དུ་བཞེངས་མཁན་གསུམ་གྱིས་མཉམ་འབྲེལ་སྒོས་ལེགས་འགྲུབ་བྱེད་དགོས། ཐོག་མར་ཐང་ག་འབྲི་བར་བྱང་ཆ་ཡོད་པའི་ལྷ་བཟོ་ཡིས་རི་མོ་འབྲི་དགོས་ཤིང་། དེ་ནས་བཞེངས་མཁན་གཞན་ཞིག་གིས་ཟངས་སྐུད་མཉེན་མོ་ཞིག་བདམས་ནས“གསེར་སྐུད”ཀྱི་ཚབ་བྱས་ནས་སེམས་ཆུང་སྒོས་སྔར་བྲིས་ཡོད་པའི་རི་མོའི་སྐྱ་བྲིས་དེད་ནས་སྦྱར་ཏེ། ཐང་ག་ལ་ལངས་གཟུགས་ཀྱི་ཐིག་རིས་སྒྲོམ་གཞི་བཟོ་དགོས། མཇུག་མཐར། ཆེད་ལས་ལྷ་བཟོ་བས་ཐང་གའི་རི་མོར་རིན་པོ་ཆེའི་རྡོ་ཚོན་འབྱུག་དགོས།
སྐུད་པ་དཀྲིས་པ་ནི་ཐང་ག་བཟོ་བའི་གོ་རིམ་ཁྲོད་ཀྱི་གནད་འགག་ཅིག་ཡིན་ཞིང་། བཞེངས་མཁན་ལ་ཆ་རྐྱེན་ཤིན་ཏུ་མཐོན་པོ་ཡོད། བཞེངས་མཁན་གྱིས་སྣེ་འཛིང་བའི་སྐུད་པའི་བར་ནས་བབ་བསྟུན་གྱིས་དཀྲིས་ཏེ་གསེར་སྐུད་རེ་རེ་རི་མོ་དང་ཡོངས་སུ་འཕྲོད་དུ་འཇུག་དགོས།
ཀླུ་རྒྱལ་ཚེ་རིང་གིས་མཉམ་སྤྱོད་བྱས་པ་སྟེ། “ང་ཚོས་སྐུད་པའི་སྦོམ་ཕྲའི་དགོས་མཁོར་གཞིགས་ནས་ཚད་གཞི་མི་འདྲ་བའི་ཟངས་སྐུད་གདམ་དགོས། མི་སྣ་བཞེངས་པ་ལྟ་བུར་མཚོན་ན། མིག་མདངས་གསོན་པོ་ཇི་མ་ཇི་བཞིན་དུ་མངོན་འདོད་ན་ཟངས་སྐུད་ཆེས་ཕྲ་བ་བཀོལ་དགོས། འདི་ལས་བཞེངས་མཁན་ལ་སྒྱུ་རྩལ་གྱི་བློ་མིག་ཡོད་མེད་ཤེས་པར་མ་ཟད། བཞེངས་མཁན་གྱིས་ངང་རྒྱུད་རིང་བ་དང་བློ་རྩ་བརྟན་དགོས།”
གསེར་སྐུད་ཐང་ག་བཞེངས་པའི་ཆེས་མཇུག་མཐའི་ལས་རིམ་སྟེ། ཚོན་རྩི་བྱུག་པ་ཡིས་ཀྱང་བཞེངས་མཁན་གྱི་རྨང་གཞི་ལ་ཉམས་ཚོད་ནན་མོ་ལེན། “རི་མོའི་ཁྲོད་ཀྱི་སྤྲིན་དཀར་ལྟ་བུར་མཚོན་ནའང་དེ་ནི་མདོག་དཀར་པོ་རྐྱང་བ་ཞིག་གཏན་ནས་མིན། རི་མོའི་ཚོན་མདངས་ལ་བང་རིམ་ལྡན་པའི་ཆེད་དུ་ང་ཚོས་མདོག་དཀར་པོ་དང་སེར་པོ། ལྗང་ཁུ། རྫ་མདོག་སོགས་མདོག་མང་པོ་བསྲེས་ནས་འདྲེས་སུ་འཇུག་དགོས། འདི་ལྟར་བྲིས་པའི་སྤྲིན་དཀར་ནི་ངོ་མ་དང་ཐག་ཉེ་ལ་བདེན་སྣང་དང་གསོན་ཉམས་ཀྱིས་ཕྱུག”ཅེས་ཀླུ་རྒྱལ་ཚེ་རིང་གིས་དེ་ལྟར་འགྲེལ་བཤད་བྱས།
རི་མོ་འབྲི་བ་དང་སྐུད་པ་དཀྲིས་ནས་དབྱིབས་བཟོ་བ། ཚོན་རྩི་བྱུགས་ནས་མདོག་བསྒྱུར་བ་བཅས་ཀྱི་ཞིབ་ཚགས་ལྡན་པའི་ལས་རིམ་འདི་གསུམ་པོ་བརྒྱུད་རྗེས་གསེར་སྐུད་ཐང་ག་ཞིག་སྤྱིའི་ཆ་ནས་འགྲུབ་ཡོད། གསེར་སྐུད་ཀྱིས་བརྒྱན་པ་ན་ཐང་གའི་རི་མོ་གཙོ་བོར་ལངས་གཟུགས་མངོན་ཞིང་རྒྱས་སྤྲོས་ཀྱི་ཉམས་འགྱུར་ཡོངས་སུ་མངོན། བཞེངས་མཁན་གྱིས་བཞེངས་པའི་གོ་རིམ་ཁྲོད་རྡོ་ཚོན་བྱུགས་པ་ན། རི་མོའི་ཁ་དོག་བཀྲགས་མདངས་བཀྲ་ཞིང་མིག་དབང་ཕྲོགས་ལ། ལྷག་པར་ཐང་ག་ལ་ནམ་ཡང་ཡལ་རྒྱུ་མེད་པའི་འགུག་ཤུགས་བསྩལ་ཡོད།
མིག་སྔར། ཀུང་སིས་རང་སྡེ་བའི་སྡེ་མི20དང་གདོང་སྣའི་སྡེ་མི8ལ་ལས་གནས་འདོན་སྤྲོད་བྱས་པ་མ་ཟད། མ་ལག་ཅན་གྱི་ལག་རྩལ་ཟབ་སྦྱོང་སྟེགས་བུ་བསྐྲུན་པ་དང་ཚོང་ཟོག་མངག་ཐོ་ཡི་ཚོང་གཉེར་རྣམ་པར་བརྟེན་ནས། ཚང་མའི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་བྱེད་བཞིན་ཡོད་ལ། གྲོང་གསེབ་དར་སྤེལ་ལ་སྒུལ་ནུས་དྲག་པོ་སྩོལ་བཞིན་ཡོད།
བོད་ལུགས་གསེར་སྐུད་ཐང་གའི་སྒྱུ་རྩལ་གྱིས་ཐུན་མིན་གྱི་འགུག་ཤུགས་ལ་བརྟེན་ནས་དཔལ་འབྱོར་ཡོང་འབབ་འཕར་བའི་ལམ་བུ་གསར་པ་ཞིག་བཏོད་དེ་ས་གནས་དེ་གའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་བཞིན་ཡོད། རྒྱུན་འཛིན་དང་གསར་གཏོད་ཀྱི་ལམ་ཁ་རུ་གནའ་བོའི་སྒྱུ་རྩལ་འདི་ལ་ཡང་བསྐྱར་གསོན་ཤུགས་བསྩལ་ནས་བོད་ཀྱི་རིག་གནས་ཀྱི་མཚར་སྡུག་རྒྱུན་མཐུད་ཅིང་མི་རིགས་རིག་གནས་དར་རྒྱས་ཀྱི་འཆར་གཞི་རགས་བྲིས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注