མཚོ་སྔོན་གྱིས2025ལོའི་དམངས་འཚོའི་དོན་དངོས་ལས་གཞི་ཆེན་པོ་བཅུའི་རྣམ་གྲངས45ཁྱབ་བསྒྲགས་བྱས།
ཟླ4པའི་ཚེས14ཉིན། གསར་འགོད་པས2025ལོའི་དམངས་འཚོའི་དོན་དངོས་ལས་གཞིའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོར། མཚོ་སྔོན་གྱིས་དམངས་འཚོའི་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་འཁྱོལ་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། དམངས་འཚོའི་ལས་གཞི་ཁག་ཆེན་པོ་བཅུ་དང་རྣམ་གྲངས45ལག་བསྟར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་སྨོན་རྒྱུན་ཆད་མེད་པར་བསྐོང་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། 2025ལོའི་དམངས་འཚོའི་དོན་དངོས་ལས་གཞིའི་རྣམ་གྲངས་བཀོད་སྒྲིག་ཐད་ཀྱི་སྤྱི་ཁྱབ་བསམ་གཞིག་ནི་སྤྱི་ཕན་མཉམ་སྤྱོད་རྒྱུན་འཁྱོངས་དང་། ཞབས་འདེགས་ཞུ་ཡུལ་ཐད་ཕན་པ་ཐོབ་པའི་ཚོགས་པ་དེ་བས་མང་བར་ལྟ་སྐྱོང་བྱས་ནས་ལས་ཞུགས་དང་སློབ་གསོ། སྡོད་ཁང་། སྨན་བཅོས། རྒན་གསོ། བུ་བཅོལ་སོགས་དམངས་འཚོའི་ཁྱབ་ཁོངས་འཛུགས་སྐྱོང་མུ་མཐུད་དུ་ལེགས་པོར་བསྒྲུབ་པ་དང་། ཞབས་ཞུའི་ནང་དོན་ཐད་མ་དངུལ་དང་ཞབས་ཞུ་གཉིས་ཀར་མཐོང་ཆེན་དང་། དངོས་པོ་དང་བསམ་པའི་རོགས་རམ་གཉིས་ཀར་མཉམ་འདུ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བ་དང་སྣ་མང་ཅན། རང་གཤིས་ཅན་བཅས་ཀྱི་འགྲིམ་འགྲུལ་འགྲོ་སྐྱོད་དང་འཚོ་བའི་སྟབས་བདེ་སོགས་ཀྱི་དགོས་མཁོ་སྐོང་བར་སྔར་བས་མཐོང་ཆེན་བྱེད་དགོས་པ་དང་། གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་དམངས་འཚོའི་ཁྱབ་ཁོངས་སུ་མྱུར་དུ་ཐག་གཅོད་དགོས་པའི་དཀའ་ཁག་གི་གནད་དོན་ལ་དམིགས་ཏེ་མང་ཚོགས་ཉེ་འཁོར་གྱི་བྲེལ་དཀའ་ཁྲལ་རེའི་གནད་དོན་ལ་དམིགས་ནས་གནད་འཁེལ་གྱིས་ནུས་ཤུགས་འདོན་དགོས། རེ་སྒུག་ལ་ཨ་ལན་ཡོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ《ཧྲིན་ཀྲང་གི་ཡོངས་བསྒྲགས་འཕྲིན་ཡིག》ཁྱབ་བསྒྲགས་བྱས་པ་བརྒྱུད། འཚོལ་སྡུད་བྱས་པའི་དམངས་འཚོའི་རྣམ་གྲངས་ཀྱི་གྲོས་འགོ་དེ་ཡང་ལྕི་དལ་བྲེལ་དང་འཐུས་ཚང་གི་ཚད་གཞིར་གཞིགས་ནས་རེ་རེ་བཞིན་དབྱེ་འབྱེད་ཀྱིས་རྣམ་གྲངས་དེ་ཞིང་ཆེན་གྱི་གནས་ཚུལ་དང་དོན་དངོས་ལ་མཐུན་པ་དང་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པ་འགན་ལེན་བྱེད་དགོས། སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་མིན་དེ་རྣམ་གྲངས་ཀྱི་ཕན་འབྲས་ལ་ཤན་འབྱེད་བྱེད་པའི་རྩ་བའི་ཚད་གཞིར་བརྩིས་ཏེ། 2024ལོའི་བློ་ཡིད་ཚིམ་ཚད་ཅུང་དམའ་བའི་རྣམ་གྲངས་དེ2025ལོའི་རྣམ་གྲངས་གཙོ་གྲས་སུ་བརྩིས་ནས་མུ་མཐུད་སྐུལ་འདེད་བཏང་ནས། དམངས་འཚོ་ལ་ཕན་པའི་བྱ་བ་དངོས་སྒྲུབ་དང་། དམངས་སེམས་ལ་དྲོད་ཁོལ་སྦྱིན་པའི་བྱ་བ་ཞིབ་མོར་བསྒྲུབ་པ། དམངས་འདོད་དང་མཐུན་པའི་བྱ་བ་ལེགས་པོར་བསྒྲུབ་པ་བཅས་བྱེད་དགོས།
2025ལོའི་དམངས་འཚོའི་དོན་དངོས་ལས་གཞིའི་ལས་འགན་གཙོ་བོའི་ནང་དུ་འདི་དག་འདུས་ཏེ། ལས་ཞུགས་རྨང་གཞི་བརྟན་པོ་བཟོ་བའི་ལས་གཞི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་ཚོགས་སྤྱི་གཙོ་གནད་དུ་བཟུང་ནས་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་རྩ་འཛུགས་བྱས་ཏེ་སྤེལ་བ། “དཔྱིད་རླུང་འགུལ་སྐྱོད”དང“དམངས་གཉེར་ཁེ་ལས་ཞབས་ཞུའི་ཟླ་བ”། “ལས་ཞུགས་རོགས་སྐྱོར་ཟླ་བ”སོགས་སྤྱི་པའི་ཞབས་ཞུའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བའི་ལས་གཞི་ཡིས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་དང་། མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པ་སློབ་གླིང་དང་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱི་སློབ་བསྡུའི་གཞི་ཁྱོན་སྔར་བས་རྒྱ་ཆེར་གཏང་བ། བདེ་ཐང་མཚོ་སྔོན་ལས་གཞི། སྨན་བཅོས་འགན་སྲུང་ནང་ཞུགས་པའི་ཡུན་རིང་ཕན་ནུས་ལམ་སྲོལ་འཐུས་ཚང་དུ་གཏང་བ། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས་བསྐྲུན་པ། སྨན་བཅོས་ལས་ཁུངས10རུ་དུས་ཡུན་ལོ་གཅིག་གི་ནང“ལྟ་སྐྱོང་པ་མེད་པའི”ནད་ཁང་གི་ཚོད་ལྟའི་ལས་དོན་སྤེལ་བ། གྲོང་ཁྱེར་དང་ཁུལ་ནང་ཁུལ་གྱི་སྨན་བཅོས་ལས་ཁུངས་དབར་ལྟ་བཤེར་དང་ཞིབ་བཤེར་བྱས་འབྲས་ཕན་ཚུན་གྱིས་ཁས་ལེན་བྱེད་པའི་རྣམ་གྲངས་ལ་སྐུལ་འདེད་གཏང་དགོས། སྡོད་ཁང་འགན་སྲུང་ལས་གཞི། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་བསྒྱུར་བཀོད་ལག་བསྟར་དང་། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སྡོད་ཁང་འགན་སྲུང་བྱེད་ཚད་ཆེ་རུ་གཏང་བ། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ལས་གཞི་ལག་བསྟར་བཅས་བྱེད་དགོས། རྒན་གཅིག་དང་གཞོན་གཅིག་གི་ལས་གཞི། དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་རྒན་པར་འཚམ་པའི་བསྒྱུར་བཀོད་ལག་བསྟར་བྱེད་པ་དང་། “སྤྱན་གསལ་ལས་གཞི”ལག་བསྟར་བྱས་ཏེ་སྤྱི་ཕན་བུ་བཅོལ་ཞབས་ཞུའི་མཁོ་སྤྲོད་ཇེ་མང་དུ་གཏང་དགོས། གྲོང་ཁྱེར་གསར་སྒྱུར་ལས་གཞི། གྲོང་ཁྱེར་དང་རྫོང་མཁར་འཛུགས་སྐྲུན་ཁུལ་གྱི་ཆུ་སྙིགས་དྲི་མ་ཅན་ལ་ཞིབ་བཤེར་བྱེད་པ་དང་ཟི་ལིང་གྲོང་ཁྱེར་སྲང་ལམ་གྱི་མཚན་མོའི་གློག་འོད་ཆ་རྐྱེན་ཇེ་ལེགས་སུ་གཏང་དགོས། འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་ལས་གཞི། འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ལས་གཞི་ལག་བསྟར་དང་། གྲོང་གསེབ་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དམ་གསར་བསྐྲུན། ཞིང་གྲོང་དང་འབྲོག་ཁུལ་གྱི་འཚོ་བའི་ཆུ་སྙིགས་བཅོས་སྐྱོང་དང་འབབ་རྒྱུན་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་རྣམ་གྲངས་ལག་བསྟར་བྱེད་དགོས། གཅེས་སྐྱོང་རོགས་སྐྱོར་ལས་གཞི། རིམ་དབྱེ་དང་ཁག་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་ལེགས་སྒྲིག་དང་མཐོ་རུ་གཏང་དགོས། དམངས་ཕན་ཞབས་ཞུའི་ལས་གཞི། འཛད་སྤྱོད་སྐུལ་འདེད་ཀྱི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ཏེ་སྤྱི་པའི་ལུས་རྩལ་ཁང་རིན་མེད་དམ་གྲོན་དངུལ་དམའ་བས་སྒོ་འབྱེད་ཐུབ་པ་བྱེད་དགོས། འགྲིམ་འགྲུལ་འགྲོ་སྐྱོད་ལས་གཞི། གྲོང་གསེབ་གཞུང་ལམ་མཐོར་འདེགས་ཀྱི་འགུལ་སྐྱོད་རེས་སྐོར་གསར་པ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱིས་དྲ་སྦྲེལ་སྤ་སེ་འཚོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས།
མིག་སྔར། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས《2025ལོའི་དམངས་འཚོའི་དོན་དངོས་ལས་གཞིའི་ལས་འགན་ལས་བགོས》དཔར་འགྲེམ་བྱས་པ་དང་། རྣམ་གྲངས་རེ་རེར་འགན་འཁུར་ལས་ཁུངས་གསར་བོ་བྱས་ཏེ། ནོར་སྲིད་མ་དངུལ་དང་འབྲེལ་བ་ཡོད་པ་མཐའ་དག་ལོ་འཁོར་གྱི་སྔོན་རྩིས་ནང་དུ་བཅུག མཚོ་སྔོན་གྱིས་ནུས་ཤུགས་ལྡན་པ་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱིས་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་བྱས་ནས་དོན་བཟང་ལེགས་འགྲུབ། དོན་དངོས་དངོས་འབེབས། དོན་དཀའ་མོ་སྒྲུབ་ཐུབ་པ་བཅས་ཀྱིས་དམངས་ཀྱི་དཀའ་སྡུག་སེལ་བ་དང་དམངས་ཕན་སྒྲུབ་པ། དམངས་སེམས་གསོ་བའི་བྱ་བ་ཐམས་ཅད་དམངས་ཀྱི་བསམ་འདུན་ལྟར་འགྲུབ་པར་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注