ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་ཐབས་རིག་ནུས་དང་ལྗང་མདོག་རྩིས་ནུས་སྣོལ་སྦྲེལ་མཉམ་འདྲེས་ཀྱི་ཆེད་དོན་བཞུགས་མོལ་གྲོས་ཚོགས་བསྡུས།
ཟླ4བའི་ཚེས17ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་རྒྱས་འཛོམས་གྲོས་ཚོགས་བསྡུས། ཞིང་ཆེན་ལྗང་མདོག་རྩིས་ནུས་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། དགེ་རྒན་ཆེན་མོ་ཧོང་ཅན་ཆཱང་གདན་ཞུ་བྱས་ཏེ། དཔེ་དབྱིབས་ཆེན་མོའི་དུས་རབས་ཀྱི་མི་ཐབས་རིག་ནུས་དང་ལྗང་མདོག་རྩིས་ནུས་སྣོལ་སྦྲེལ་མཉམ་འདྲེས་སྐོར་ནས་ཆེན་དོན་ཟུར་ཁྲིད་དང་འཆད་ཁྲིད་བྱས།
དགེ་རྒན་ཆེན་མོ་ཧོང་ཅན་ཆང་གིས་དཔེ་དབྱིབས་ཆེན་མོའི་འཕེལ་རྒྱས་བརྒྱུད་རིམ་དང་། མཚོ་སྔོན་འཕེལ་རྒྱས་ལྗང་མདོག་རྩིས་ནུས་ཀྱི་དགེ་མཚན། DeepSeekདེ་སྲིད་དོན་ཁྱབ་ཁོངས་སུ་བེད་སྤྱོད་བྱེད་པའི་སྐོར་ལ་ཁྱོན་ཡོངས་རང་བཞིན་གྱི་གསལ་བཤད་བྱས་ལ། གཏིང་ཟབ་ལ་གོ་སླ་བའི་སྒོ་ནས་མི་ཐབས་རིག་ནུས་ལག་རྩལ་གྱི་སྲོག་ཤིང་བྱེད་ནུས་དང་དེའི་ལྗང་མདོག་རྩིས་ནུས་ཁྲོད་གསར་གཏོད་རང་བཞིན་གྱི་བཀོལ་སྤྱོད་ལ་གསལ་བཤད་བྱས་ཏེ། DeepSeek དེ་རིག་ནུས་གཞི་གྲངས་དབྱེ་ཞིབ་དང་རང་ཤུགས་དོ་དམ་སོགས་ཀྱི་ནུས་པ་ཆེན་པོ་གསོན་ཉམས་ལྡན་པའི་ངང་མངོན་པར་བསྟན། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་གཞུང་ལུགས་བསམ་གཞིག་གཏིང་ཟབ་ལ་གསལ་བཤད་ཀྱི་ཁོད་ཡངས་བ་བཅས་ཀྱི་ཁྱད་ཆོས་ཡོད་པས་ཡུལ་དངོས་ཀྱི་ཏང་ཡོན་ལས་བྱེད་པའི་མཐོང་རྒྱ་བསྐྱེད་ཡོད། ཏང་ཡོན་ལས་བྱེད་པའི་ལག་རྩལ་གསར་བའི་སློབ་སྦྱོང་དང་བཀོལ་སྤྱོད་ནུས་པ་མཐོར་འདེགས་བཏང་བར་མ་ཟད། ལས་དོན་གསར་སྤེལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་སྐྱེད་དང་རོགས་རམ་མཁོ་སྤྲོད་བྱས་ཡོད།
ཆེད་དོན་ཟུར་ཁྲིད་བརྒྱུད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ལས་བྱེད་པར་ཚན་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་ཀྱིས་གསར་གཏོན་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་པ་དང་། མིའི་ཐབས་རིག་ནུས་ཀྱི་དུས་རབས་ནི་མངོན་བརྩོན་པའི་དུས་རབས་འཕེལ་ཕྱོགས་ཡིན་པ་ལས་ཟུར་ལྟ་བའི་དུས་རབས་མིན་པའི་ངེས་ཟིན་ཟབ་མོ་ཐོབ། ཁོ་ཚོས་བཤད་རྒྱུར། ཧུར་བརྩོན་དང་རང་འགུལ་སྒོས་ལག་རྩལ་གསར་བ་དང་ལེན་དང་ནུས་རྩལ་གསར་བ་འཕེལ་རྒྱས། ཆ་འཕྲིན་ལག་རྩལ་དང་མིའི་ཐབས་རིག་ནུས་ཀྱི་སློབ་སྦྱོང་དང་ཞིབ་འཇུག་ལ་ཤུགས་སྣོན་བྱས་ཏེ། ཚན་རིག་བསམ་གཞིག་དང་བར་བརྒལ་བསམ་གཞིག གསར་གཏོད་བསམ་གཞིག་བཅས་གསོ་སྐྱོང་བྱེད་དགོས་ལ། དངོས་ཡོད་བྱ་བ་དང་ཟུང་འབྲེལ་བྱས་ཏེ། ལག་རྩལ་གསར་བ་དང་བསམ་གཞིག་གསར་བས་ལས་དོན་ལ་ནུས་ཤུགས་བསྩོལ་བ་དང་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པ་མ་ཟད། མི་ཐབས་རིག་ནུས་ཀྱི་ལག་རྩལ་དེ་ལས་ཁུངས་ཀྱི་ཏང་འཛུགས་ཁྱབ་ཁོངས་སུ་གཞི་རྒྱ་ཆེ་བའི་སྒོ་ནས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ལ་ཡང་དག་པའི་སྒོ་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་ཞབས་ཞུའི་འགན་སྲུང་དུ་བསྒྱུར་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྒུལ་ཤུགས་སྣོན་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注