ས་གནས་སོ་སོས་ཏན་ཏིག་གིས་སློབ་སྦྱོང་སློབ་གསོ་སྤེལ་ནས་སློབ་སྦྱོང་དང་ཞིབ་བཤེར། བཅོས་སྒྱུར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་།
བསྟུད་མར་ཉིན་འགའི་རིང་ལ། ཐེན་ཅིན་དང་ཁྲུང་ཆིན། ཅི་ལིན། ཧི་པེ་སོགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ནས། སློབ་སྦྱོང་དང་ཞིབ་བཤེར། བཅོས་སྒྱུར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་ཕན་འབྲས་སུ་བསྒྱུར།
ཐེན་ཅིན་གྲོང་ཁྱེར་ཏང་ཨུས་སྣེ་ཁྲིད་དེ་མི་སྒེར་གྱི་རང་སྦྱོང་དང་ཆེད་དོན་ཟུར་ཁྲིད། བརྗེ་རེས་དང་གྲོས་སྡུར་བཅས་ཟུང་འབྲེལ་བྱེད་སྟངས་སྤྱད་དེ། ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་ཁྲིད་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་དང་གཞི་རིམ་གྱིས་མྱུར་དུ་ཐག་གཅོད་བྱེད་དགོས་པའི་འབུར་ཐོན་གནད་དོན་བཙལ་ནས། སློབ་སྦྱོང་དང་ཞིབ་བཤེར། བཅོས་སྒྱུར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་།
ཁྲུང་ཆིན་གྲོང་ཁྱེར་ཏང་ཨུས་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱས་པ་དང་། འགན་འཁྲི་ནན་དཀྲི་དང་སྤྱོད་ངན་བཞི་བཅོས་སྒྱུར་བྱས་ནས། བྱ་བ་མི་སྒྲུབ་པ་དང་གང་འདོད་དུ་སྒྲུབ་པ། འགོར་འགྱངས་བྱས་ནས་སྒྲུབ་པ། དངོས་གནས་མི་སྒྲུབ་པ་བཅས་ཀྱི་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱས།
ཅི་ལིན་ཞིང་ཆེན་གྱིས་སློབ་སྦྱོང་སློབ་གསོ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་མགོ་བརྩམས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཁྲི9ལྷག་ཙམ་ལ་ཁྱབ་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་གནས་པའི་གནད་དོན་མ་ལག་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་། མངོན་གསལ་དུ་སློབ་གསོ་བཏང་སྟེ་ཕན་འབྲས་ཐོབ་པར་བྱས།
ཧི་པེ་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་པ་དང་། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། ལག་ལེན་ནན་ཏན་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། ཕྱོགས་ཡོངས་ནས་ནན་ཏན་སྒོས་གནད་དོན་འཚོལ་ཞིབ་བྱས་ནས། གཅིག་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྤྱོད་ངན་དང་རུལ་སུངས་ཀྱི་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注