ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་སྲོལ་ཡིག་ཁྲིམས་བསྟར་ཞིབ་བཤེར་བྱ་བ་ཕྱོགས་ཡོངས་ནས་སྒྲུབ་མགོ་བརྩམས།

ལོ་རེའི་ལྟ་སྐུལ་སྤྱི་འདོམས་ཀྱི་བྱ་བའི་འཆར་འགོད་ལྟར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས2025ལོའི་ཟླ4པའི་ཟླ་དཀྱིལ་ནས་བཟུང་ཕྱོགས་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་བསྟར་སྲོལ་ཡིག་གི་ཁྲིམས་བསྟར་ཞིབ་བཤེར་བྱ་བ་སྒྲུབ་མགོ་བརྩམས།

ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ་ནན་གྱིས་བསྟན་དོན། ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁྲི་དངོས་འབེབས་དང་ལམ་ལུགས་ལག་བསྟར། སྐྱེ་ཁམས་སླར་གསོ་སོགས་ཀྱི་འགག་རྩའི་ལས་རིམ་ལ་དམིགས་ནས། དཀའ་གནད་དོགས་གནད་ལ་ཁ་གཏད་གཅོག་པ་དང་། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་གནད་དོན་ཡོ་བསྲང་བྱེད་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་གཞོགས་འདེགས་བྱེད་དགོས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། དོན་ཚན་གཙོ་བོར་དམིགས་ནས། ཁྲིམས་ལུགས་དེ་ཚད་གཞིར་བརྩིས་ཏེ་ལྟ་སྐུལ་སྤྱི་འདོམས་རྒྱུན་འཁྱོངས་བྱེད་པ་དང་། ཞིབ་བཤེར་གྱི་ཁ་ཕྱོགས་མ་ནོར་བར་བྱེད་དགོས། བཅའ་ཁྲིམས་ལ་བརྟེན་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། དུས་ཐོག་ཏུ་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་བྱས་ཏེ། གནད་དོན་གྱི་མི་འདང་ས་གསེད་བཀྲོལ་བྱེད་པ་དང་། སྲོལ་ཡིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་ནན་མོ་རྒྱུན་འཁྱོངས་བྱས་ཏེ། གྲུབ་འབྲས་དང་ལེགས་ཆ་ལ་ལྟ་བར་མ་ཟད་མི་འདང་ས་དང་ཞན་སར་ཞིབ་བཤེར་བྱེད་པ་དང་། སྲིད་གཞུང་གི་སྙན་ཞུར་ཉན་པར་མ་ཟད་མང་ཚོགས་ཀྱི་འབོད་སྒྲར་ཉན་ནས། ཞིབ་བཤེར་གཏིང་ཟབ་དང་གནད་འཁེལ་ཡིན་པར་ཁག་ཐེག་བྱེད་དགོས། བྱ་བའི་མཉམ་ཤུགས་གཅིག་སྡུད་བྱས་ཏེ། ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་དང་ཆུ་བེད་ཆེད་མཁས་པ། དམངས་ཆེན་གྱི་འཐུས་མི། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག རིམ་པ་སོ་སོའི་དམངས་ཆེན་དང་གསར་འགྱུར་སྨྱན་བྱད་བཅས་ཀྱིས་རང་འགན་རང་གིས་ཁུར་ནས་བྱེད་ནུས་འདོན་པ་དང་། ཞིབ་བཤེར་མཐུན་སྦྱོར་ནུས་མཐོ་ཡིན་པར་ཁག་ཐེག་བྱེད་དགོས།

ཟླ4པའི་ཚེས16ཉིན་ནས་ཚེས17ཉིན། ཞིབ་བཤེར་ཚན་ཆུང་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཞི་ཁྲོན་ཆུ་གློག་ས་ཚིགས་དང་ལི་ཏུའུ་ས་ཁུལ་གྱི་སན་ཧི་བརླན་སའི་སྤྱི་གླིང་། བཙོག་ཆུ་གཙང་སེལ་བཟོ་གྲྭ་སོགས་སུ་སོང་ནས། ཡུལ་དངོས་འདྲི་རྩད་དང་རྒྱུ་ཆར་ཞིབ་ཀློག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཕྱོགས་ཡོངས་ནས་མཚོ་དཔོན་དང་ཆུ་དཔོན་ལམ་ལུགས་ཀྱི་འགན་འཁྲི་དངོས་འབེབས་དང་སྐྱེ་ཁམས་སླར་གསོ། དམངས་ཚིས་འགན་སྲུང་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད་དག་ཐེར་ལེགས་བཅོས་ཀྱི་བསམ་འཆར་དང་གྲོས་གཞི་བཏོན།

བྱ་བའི་ཇུས་གཞི་ལྟར། ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་མུ་མཐུད་དུ་ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་ཁུལ་དུ་སོང་ནས་ཡུལ་དངོས་ཞིབ་བཤེར་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་གཞན་པས་རང་ངོས་ཞིབ་བཤེར་བྱེད་པར་མངགས་བཅོལ་བྱས་པར་མ་ཟད་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུ་དེ་ཟླ་བདུན་པར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号