བདེ་འཇགས་ཀྱི་ཁྱིམ་གཞིས་བསྐྲུན་ནས་དམངས་ཚིས་བདེ་སྐྱིད་ཇེ་ཆེར་བཏང་།
སྡོད་ཁང་གནད་དོན་ནི་དམངས་ཚིས་ཀྱི་དོན་ཆེན་ཞིག་ཡིན་པས། མི་དམངས་མང་ཚོགས་ལ་སེམས་བདེ་བའི་སྡོད་གནས་ཤིག་ཡོད་དུ་འཇུག་རྒྱུ་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་ཟབ་བཞེས་གནང་བཞིན་ཡོད། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་རང་བཞིན་དང་། སྤྱི་ཕན་རང་བཞིན། ཚད་མཐའི་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པའི་ཐད་དོན་དངོས་མང་ཙམ་སྒྲུབ་ནས་ཤུགས་སྣོན་དགོས་ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ། ས་གནས་སོ་སོས་སྡོད་ཁང་འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། རང་རྒྱལ་གྱི་སྡོད་ཁང་འགན་སྲུང་མ་ལག་དང་མཁོ་སྤྲོད་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པས་མང་ཚོགས་ཀྱི་བདེ་སྡོད་ཕུགས་འདུན་དོན་དངོས་སུ་འགྱུར་བཞིན་ཡོད།
ཧྲང་ཧའེ་མིན་ཧང་ས་ཁུལ“དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་གཞི”རུ་ད་ལོ་ཁྱིམ་ཚང་གསར་པ་སྐོར་ཞིག་བསྡད་ཡོད་པ་དང་། ཁོ་ཚོའི་ཁྲོད་དུ་དྲ་འབོད་གླ་འཁོར་གྱི་ཁ་ལོ་བ་དང་མྱུར་སྐྱེལ་མཁན་ཡོད་ལ། སློབ་མཐར་ཕྱིན་མ་ཐག་པའི་སློབ་ཆེན་སློབ་མ་ཡང་ཡོད། གནས་འདིའི་ཁང་པར་གོས་འཁྲུད་འཕྲུལ་ཆས་དང་དྲོད་སྙོམ་འཕྲུལ་ཆས། དྲོད་འདོན་སྒྲིག་ཆས་སོགས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་དང་། སྡེ་ཁུལ་གྱི་སྒོ་ཁར་ཐད་ཀར་ས་འོག་མེ་འཁོར་འབབ་ཚུགས་སུ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་བསྐྲུན་ཡོད་པར་མ་ཟད། འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་ཀྱང་དངོས་སུ་སྤྱོད་མགོ་བརྩམས།
ཧྲང་ཧེ་མིན་ཧང་ས་ཁུལ་དུས་རབས་གསར་བའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་གཞིས་ཀྱི་སྡོད་དམངས་ཝེ་མིང་གིས་བཤད་རྒྱུར། ང་ད་ལྟ་བསྡད་ཡོད་ས་འདིར་སྨི་ངོས་སྙོམས་གྲུ་བཞི་མ་བཞི་བཅུ་ཡོད་ལ། ཁྱམས་ར་ཆུང་ཆུང་ཞིག་ཀྱང་ཡོད། ཁོར་ཡུག་སྒྲིག་ཆས་ཀྱང་བཟང་། སེམས་སྐྱིད་པོ་འདུག་ཟེར།
2003ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མིན་ཧང་ས་ཁུལ་དུ་ཕེབས་ནས“དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་གཞི”རུ་གཟིགས་ཞིབ་མཛད་པ་དང་། གནས་འདི་རུ་སྡོད་པའི་གྲོང་ཁྱེར་གྱི་ལས་ཡུལ་དང་པོའི་བྱ་བ་སྒྲུབ་མཁན་གྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་གྲོང་ཁྱེར་ཞེས་པའི་འདུ་ཤེས་ལག་བསྟར་བྱས་ནས། མི་དམངས་མང་ཚོགས་ཀྱིས་སྡོད་ཁང་སྣ་མང་ཅན་དང་སྣ་མང་ཅན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐང་ནས། ཕྱི་ཡི་མི་ནང་དུ་ཡོང་ཐུབ་པ་དང་སྡོད་ཐུབ་པ། བདེ་སྡོད་བྱེད་པ། ལས་རིགས་འགྲུབ་ཐུབ་པ་བཅས་ལ་ཁག་ཐེག་བྱ་དགོས། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་། སྤྱི་ཁྱབ་ཧྲུའུ་ཅིས་རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན། ཚད་མཐའི་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པའི་ཐད་དོན་དངོས་མང་ཙམ་སྒྲུབ་ནས་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན། ད་ལོ། རང་རྒྱལ་གྱིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དེ་བྱ་བའི་གཙོ་གནད་ལས་འགན་དུ་བརྩི་བཞིན་ཡོད།
ད་ལོ་ཧྲང་ཧེ་ཡིས་འགན་སྲུང་རང་བཞིན་དང་གླ་གཏོང་རང་བཞིན་གྱི་སྡོད་ཁང་ཁྲི་བདུན་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཀོད་ཡོད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་མཇུག་ཏུ་ཁང་པ་འབུམ་དྲུག་ཏུ་སླེབས་པའི་དམིགས་འབེན་མངོན་འགྱུར་བྱས་ནས། “དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་གཞི”རུ་མལ་ཁྲི་ཁྲི་གསུམ་ཡན་འདོན་སྤྲོད་བྱ་རྒྱུ་རེད།
ཧྲང་ཧེ་མིན་ཧང་ས་ཁུལ་དུས་རབས་གསར་བའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་གཞིས་ཀྱི་སྡོད་དམངས་ཀྲང་སུང་ཝེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་འཚོ་བ་དང་བྱ་བའི་གནས་ཚུལ་ལ་ཤིན་ཏུ་ཐུགས་ཁུར་གནང་བཞིན་འདུག ང་ཚོ་ཡུལ་དངོས་སུ་ཡོད་པའི་མི་རེ་རེའི་སེམས་ངོ་མ་དྲོ། ང་ཚོས་བདེ་སྡོད་ལས་བརྩོན་གྱི་འཚོ་བ་སྐྱིད་པོ་ཞིག་རོལ་བཞིན་ཡོད། རྗེས་ཕྱོགས་ནུས་ཤུགས་ཡོད་ཚད་བྱ་བའི་སྟེང་བཀོལ་ནས། མཛེས་སྡུག་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྔར་ལས་བྱས་རྗེས་འཇོག་རྩིས་ཡོད་ཟེར།
སྡོད་ཁང་འགན་སྲུང་བྱེད་པ་ནས་འདོན་སྤྲོད་མ་ལག་འཛུགས་སྐྲུན་བྱེད་པའི་བར་དང་། ས་གནས་གཞན་ནས་དབུལ་སྐྱོར་གནས་སྤོར་གྱི་སྤྱིལ་ཁང་སྒྱུར་བཀོད་བྱེད་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་སྡོད་ལ་ཐུགས་ཁུར་གནང་ནས། ཞིང་པའི་ཁྱིམ་ཚང་དང་གྲོང་ཁྱེར་གྱི་སྡེ་ཁུལ་དུ་ཕེབས་ནས། མང་ཚོགས་སྡོད་ཁང་དུ་ལོབས་མིན་དང་སྡོད་ཁང་བཟང་མིན། ཁང་བ་དྲོད་མིན་སོགས་ཀྱི་གནས་ཚུལ་དྲིས།
མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནི་ལིའུ་ཕན་རི་བོའི་འདབས་སུ་གནས་པའི་དབུལ་ཕོངས་ས་ཁུལ་ཞིག་ཡིན་པ་དང་། 2016ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་དེར་ཕེབས་ནས་དབུལ་སྐྱོར་གནས་སྤོར་བྱས་པའི་པན་ཡན་སྡེ་བར་གཟིགས་ཞིབ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྡེ་གསར་འཛུགས་སྐྲུན་བྱ་རྒྱུ་དེ་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བར་ཟུང་འབྲེལ་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་ཟུང་འབྲེལ་བྱེད་དགོས་ལ། མི་རིགས་དང་ས་ཁོངས། རིག་གནས་ཀྱི་ཁྱད་ཆོས་དང་རྣམ་པ་བཅས་ལ་སྲུང་སྐྱོང་བྱེད་པར་ཟུང་འབྲེལ་བྱེད་དགོས་ཞེས་གསུངས། ད་ལྟའི་པན་ཡན་སྡེ་བའི་སྒོ་རའི་ཁྱད་ཆོས་མངོན་གསལ་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་མཛེས་པ། རྨང་གཞིའི་སྒྲིག་ཆས་ཆ་ཚང་བཅས་ཡིན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྡོད་གནས་ཁུལ་དང་ཐོན་ལས་ཁུལ། སྤྲོ་གསེང་ཁུལ་སོགས་ཀྱི་བྱེད་ནུས་ས་ཁོངས་དབྱེ་འབྱེད་བྱས་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པད་ཡན་སྡེ་བའི་སྡེ་མི་ལིའུ་ལོས་རོང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ལགས་ཐུགས་བདེ་ཆོག་སྟེ། ང་ཚོས་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད། ཁྱིམ་དུ་སོལ་རླངས་འཐེན་ཡོད་ལ། འཐུང་ཆུ་ནི་རང་འབབ་ཆུ་འཐུང་བཞིན་ཡོད། ལག་ཏུ་རིག་ནུས་ཁ་པར་བཟུང་ཡོད། ངོ་མ་སྟབས་བདེ་རེད་ཟེར།
ད་ལོ། མཚོ་སྔོན་གྱིས་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བཅོས་བཟོ་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བཞིན་པ་དང་། སྡོད་ཁང་གི་དྲོད་སྲུང་ནུས་པ་ཇེ་ཆེར་གཏོང་བ་དང་ཁང་པའི་ནང་གི་ཆ་ཚང་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རོང་འབྲོག་པའི་སྡོད་ཁང་གི་བདེ་འཇགས་རང་བཞིན་དང་འཚམ་མཐུན་རང་བཞིན། སྡོད་ཁང་གི་སྤུས་ཚད་བཅས་སྔར་ལས་ཇེ་མཐོར་གཏོང་རྒྱུ་རེད།
ད་ལོར། རང་རྒྱལ་གྱིས་ད་དུང་དམངས་ཚིས་ལ་ཕན་འདོགས་པ་དང་། འཕེལ་རྒྱས་ལ་སྐུལ་འདེད། ཉེན་ཁ་སྔོན་འགོག་བཅས་བྱེད་པའི་གྲོང་ཁྱེར་གསར་སྒྱུར་ལས་གཞི་སྐོར་ཞིག་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། 2000ལོའི་སྔོན་དུ་བསྐྲུན་པའི་གྲོང་ཁྱེར་གྱི་སྡོད་ཁུལ་རྙིང་པ་ཚང་མ་གྲོང་ཁྱེར་གསར་སྒྱུར་གྱི་སྒྱུར་བཀོད་ཁྱབ་ཁོངས་སུ་བཞག་ཡོད་ལ། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ། མི་སྡོད་ཁོར་ཡུག་བཅས་ཇེ་ལེགས་སུ་བཏང་ནས། གནས་སྡོད་དང་ལས་ཞུགས་ལ་འཚམ་པའི་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注