མདོ་ལ་རྫོང་གིས་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་བཏང་།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས“སློབ་གསོ་ནི་འཕེལ་རྒྱས་ཀྱི་ཐོག་མ་རུ་འཇོག་པའི”འདུ་ཤེས་རྒྱུན་འཁྱོངས་དང་། “གཉིས་ཡང”སྲིད་ཇུས་ལག་བསྟར་དོན་འཁྱོལ། འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་ནི་སློབ་གསོ་འདྲ་མཉམ་སྐུལ་འདེད་དང་སློབ་གསོའི་སྤུས་ཚད་མཐོར་འདེགས། དམངས་ཀྱི་བདེ་རྩ་ལེགས་བཅོས་གཏོང་བའི་འཇུ་བྱེད་གལ་ཆེན་དུ་རྩིས་ནས་འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བཏང་།སློབ་གསོའི་དོ་དམ་ལ་རྒྱུན་མཐུད་ཤུགས་བསྣན་པ། “སློབ་ཁྲིད་ཇུས་འགོད”ལ་མཛུབ་སྟོན་དང་དངོས་ཡོད་དུ་བཟུང་ཞིང་། དགེ་རྒན་གྱིས་རྒྱུན་པར་སློབ་ཁྲིད་ལ་ཉན་པ་དང་སློབ་ཁྲིད་བརྗེ་རེས་ལ་སྐུལ་སློང་། དུས་ཚོད་ནང་ལྟར་བགྲོ་གླེང་བྱེད་སྒོ་དང་ཚོགས་སྤྱིའི་གྲ་སྒྲིག་སྤེལ་བ་བརྒྱུད་སློབ་གསོའི་ནུས་ཤུགས་སྟོབས་ལྡན་གྲུབ། “ལས་བྱ་ཇུས་འགོད”དངོས་ཡོད་དུ་བཟུང་ཞིང་། ལས་བྱ་བཀོད་སྒྲིག་དང་དག་བཅོས། ལྟ་ཞིབ། ཟུར་ཁྲིད་སོགས་ཐབས་ལམ་མང་པོ་བརྒྱུད“གཉིས་ཡང”བྱ་བ་ཟབ་ས་དང་དངོས་ཡོད་དུ་སྤེལ། དུས་མཚུངས་སུ་ཉིན་གཅིག་གི་རྟོག་འདོམས་དང་སློབ་ཁྲིད་ལ་ཉན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་གྲྭའི་སློབ་ཁྲིད་ཀྱི་རྒྱུན་ལྡན་དོ་དམ་ཚུལ་དང་ལྡན་པར་བཏང་། “བསམ་གཞིག་དང་མཉམ་ཞུགས། ཟབ་ཚད། ནུས་པ་ལྡན་པ”བཅས་ཀྱི་སློབ་ཁྲིད་དམིགས་འབེན་མངོན་འགྱུར་བྱས་ཏེ་ནུས་མཐོ་སློབ་ཁྲིད་བསྐྲུན། 2024ལོར། རྫོང་ཡོངས་ཀྱི་གྲ་སྒྲིག་སློབ་སྔོན་ཞུགས་ཚད96.66%དང་། ལོ་དགུའི་འོས་འགན་སློབ་གསོའི་ཁྱབ་སྤེལ་ཚད99.22%ཡིན། འོས་འགན་སློབ་གསོའི་ལོ་འཚམ་དབང་སྐྱོན་བྱིས་པའི་སློབ་ཞུགས་ཚད98.46%ཡིན། མཐོ་འབྲིང་སློབ་མཚམས་ཀྱི་སློབ་ཞུགས་ཚད97.86%ཡིན། མཐོ་རྒྱུགས་དངོས་གཞི་ཚད་རིམ་དང་པོའི་འཕྲོད་ཚད58.29%དང་དངོས་གཞིའི་འཕྲོད་ཚད70.43%ཡིན་ཞིང་། ལོ་སྔོན་མ་དང་བསྡུར་ན་སོ་སོ་ནས2.9%དང4%ཡི་འཕར། འབྲིང་རྒྱུགས་སྦྱངས་འབྲས་ཀྱི་ཆ་སྙོམས་སྐར་གྲངས་ཀྱིས་ཁུལ་ཡོངས་ཀྱི་ཨང་དང་པོའི་འབྲས་བཟང་བླངས།སློབ་ཐུན་སློབ་གསོ་ཟམ་མ་ཆད་པར་ལེགས་སྒྱུར་བྱས་པ། དྲ་ལམ་འཛིན་གྲྭའི་སློབ་གསོ་དང“ཡུགས་འབྲེལ་སློབ་གསོ་ཞིབ་འཇུག”ལག་བསྟར་སྒོས་སློབ་ཆུང་དང་དམའ་འབྲིང་རྐང་འཛིན(དགེ་རྒན་གྲགས་ཅན)ལས་སྒྲུབ་ཁང་། མཐོ་འབྲིང་སློབ་མའི་འཕེལ་རྒྱས་ལྟེ་གནས། “རྨང་གཞི་སྲ་བརྟན། ཕུལ་བྱུང་གསོ་སྐྱོང”རྟེན་གཞི་སོགས་འཚོལ་ཞིབ་འཛུགས་སྐྱོང་བྱས། ཕུལ་དུ་བྱུང་བའི་འཐབ་ས་དང་པོའི་དགེ་རྒན་དང་རྐང་འཛིན་དགེ་རྒན་སྐོར་ཞིག་གཅིག་བསྡུས་སྒོས་སློབ་གསོ་ཞིབ་འཇུག་ལས་དོན་གྱི་ལྟེ་བ་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་བཏང་ལ། སློབ་ཐུན་སློབ་གསོའི་ལྟ་རྟོག་སྐུལ་ཁྲིད་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ། དཔེ་སྟོན་སློབ་ཐུན་འགྲེམ་སྟོན་དང་སློབ་གསོ་གཞི་རིམ་དུ་སྐྱེལ་བ། ཁྲིད་དཔེ་མཉམ་སྤྱོད། ཞིབ་འཇུག་སློབ་ཐུན་དང་ཁྲིད་གཞི། ལས་བྱ་འགྲེམ་སྟོན་སོགས་ཀྱི་རྣམ་པ་བེད་སྤྱད་ནས། དགེ་རྒན་ལ་རམ་འདེགས་སྒོས་སློབ་ཁྲིད་ཀྱི་དཀའ་གནད་གཙོ་གནད་ལ་རྒྱུས་ལོན་དུ་བཅུག་པ་དང་། སློབ་ཁྲིད་བྱེད་ཐབས་ལེགས་བཅོས་དང་སློབ་ཐུན་གྱི་ཕན་འབྲས་མཐོར་འདེགས་སུ་བཏང་། དུས་མཚུངས་སུ། པིན་ཀྲོའུ་དང་མདོ་ལའི“སྤྲིན་སྣེ”དང་རྫོང་ཁོངས་ཀྱི“ཡུགས་ཁུལ” གྲོང་ཞིང“གནས་སྦྲེལ”སོགས་སློབ་གསོ་ཞིབ་འཇུག་བྱེད་སྒོ་ཟམ་མ་ཆད་པར་སྲ་བརྟན་དུ་སྤེལ་ནས། རོགས་རེས་མཉམ་སྐྱོད་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་སློབ་གསོ་ཞིབ་འཇུག་གི་ཐབས་ལམ་གསར་བ་འཚོལ་སྙེག་བྱས་པས། སློབ་གསོའི་སྤུས་ཀ་བརྟན་འཇགས་ངང་མཐོར་འདེགས་ཡོང་བར་ཕྱོགས་ཐམས་ཅད་ནས་ནུས་ཤུགས་བཏོན། 2024ལོར། སྐད་ཡིག་དང་གྲངས་རིག ཕྱི་སྐད། བསམ་བློ་ཆབ་སྲིད་སོགས་བསླབ་ཚན་སློབ་ཁྲིད་འགྲན་སྡུར་ཐེངས4སྤེལ་བ་དང་། ཆ་འཕྲིན་ལག་རྩལ་དང་སློབ་ཐུན་གཏིང་ཟབ་ཏུ་འདྲེས་པའི་ཁྲིད་བཤད་འགྲན་སྡུར་ཐེངས1དང་། སློབ་ཁྲིད་གཞི་རིམ་དུ་སྐྱེལ་བ་ཐེངས10སྤེལ་བར་དགེ་སློབ560ལ་ཕན་བདེ་བསྐྲུན་ཅིང་། རྫོང་ཡོངས་ཀྱི“སྤུས་ལེགས་སློབ་ཐུན”གྱི་འདུས་འགྲིལ་ནུས་ཤུགས་རྒྱུན་མ་ཆད་པར་འབུར་དུ་དོད།སློབ་གསོའི་དཔྱད་འཇོག་སྔར་བས་ཕུན་སུམ་ཚོགས་པ། ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་གཞི་གཅིག་ཏུ་དཔྱད་འཇོག་མ་ལག་ཁྲོད་བསྡུས་པ་དང་། དཔྱད་འཇོག་བྱེད་སྟངས“མཇུག་སྡོམ་རང་བཞིན”ནས“བརྒྱུད་རིམ་རང་བཞིན”དུ་འཕེལ་བ་མངོན་འགྱུར་བྱུང་ལ། སྣ་མང་དཔྱད་འཇོག་གིས་སློབ་མའི་ཀུན་སྤྱོད་འཕེལ་རྒྱས་དང་སློབ་སྦྱོང་འཕེལ་རྒྱས། ལུས་སེམས་བདེ་ཐང་། དགའ་མོས་འཇོན་ནུས། ངལ་རྩོལ་ལག་ལེན་བཅས་འབུར་དུ་དོད་པ་དང་། སློབ་གྲྭ་ཡོངས་ཀྱི་དགེ་སློབ་དག་གི་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་ཡོང་བར་སྔར་བས་ལྷག་པར་སྐུལ་འདེད་བཏང་། དཔེར་ན་སྐད་ཡིག་སློབ་ཁྲིད་སྐབས་སློབ་ཚན་འཁྲབ་གཞུང་འཁྲབ་སྟོན་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས་སློབ་མའི་མིག་རྒྱང་རྒྱ་སྐྱེད་པ་དང་། གྲངས་རིག་སློབ་ཁྲིད་སྐབས་ཨང་རྩིས་རོལ་རྩེད་དང་ཚོང་ཁྲོམ་དུ་དངོས་པོ་ཉོ་བ་སོགས་ཀྱི་འཚོ་བའི་རྣམ་པར་བརྟེན་ནས་སློབ་མའི་གནད་དོན་དབྱེ་ཞིབ་དང་གནད་དོན་ཐག་གཅོད་ཀྱི་ནུས་པ་སྦྱོང་བརྡར་བྱས། ལས་བྱ་ཞུས་དག་དང་དཔྱད་འཇོག་བྱེད་སྟངས་སྣ་མང་ཡིན་པ་སྟེ། དཔེར་ན་སློབ་མར་སྐར་མ་རྩེ་ལྔ་དང་འཛུམ་མདངས་སྩོལ་བ་སོགས་སྐུལ་ལྕག་གི་བརྡ་རྟགས་སྦྱོར་བ་དང་། འཛིན་གྲྭའི་ཕུལ་བྱུང་ལས་བྱ་འགྲེམ་སྟོན་སྟེགས་བུ་སོགས་ཀྱིས། སློབ་མས་སྤུས་ཀ་ལེགས་པའི་སྒོ་ནས་ལས་བྱ་ཡོངས་འགྲུབ་བྱེད་པའི་སྤྲོ་སྣང་ཤུགས་ཆེར་གོང་དུ་སྤེལ།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས“སློབ་གསོ་ནི་འཕེལ་རྒྱས་ཀྱི་ཐོག་མ་རུ་འཇོག་པའི”འདུ་ཤེས་རྒྱུན་འཁྱོངས་དང་། “གཉིས་ཡང”སྲིད་ཇུས་ལག་བསྟར་དོན་འཁྱོལ། འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་ནི་སློབ་གསོ་འདྲ་མཉམ་སྐུལ་འདེད་དང་སློབ་གསོའི་སྤུས་ཚད་མཐོར་འདེགས། དམངས་ཀྱི་བདེ་རྩ་ལེགས་བཅོས་གཏོང་བའི་འཇུ་བྱེད་གལ་ཆེན་དུ་རྩིས་ནས་འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
སློབ་གསོའི་དོ་དམ་ལ་རྒྱུན་མཐུད་ཤུགས་བསྣན་པ། “སློབ་ཁྲིད་ཇུས་འགོད”ལ་མཛུབ་སྟོན་དང་དངོས་ཡོད་དུ་བཟུང་ཞིང་། དགེ་རྒན་གྱིས་རྒྱུན་པར་སློབ་ཁྲིད་ལ་ཉན་པ་དང་སློབ་ཁྲིད་བརྗེ་རེས་ལ་སྐུལ་སློང་། དུས་ཚོད་ནང་ལྟར་བགྲོ་གླེང་བྱེད་སྒོ་དང་ཚོགས་སྤྱིའི་གྲ་སྒྲིག་སྤེལ་བ་བརྒྱུད་སློབ་གསོའི་ནུས་ཤུགས་སྟོབས་ལྡན་གྲུབ། “ལས་བྱ་ཇུས་འགོད”དངོས་ཡོད་དུ་བཟུང་ཞིང་། ལས་བྱ་བཀོད་སྒྲིག་དང་དག་བཅོས། ལྟ་ཞིབ། ཟུར་ཁྲིད་སོགས་ཐབས་ལམ་མང་པོ་བརྒྱུད“གཉིས་ཡང”བྱ་བ་ཟབ་ས་དང་དངོས་ཡོད་དུ་སྤེལ། དུས་མཚུངས་སུ་ཉིན་གཅིག་གི་རྟོག་འདོམས་དང་སློབ་ཁྲིད་ལ་ཉན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་གྲྭའི་སློབ་ཁྲིད་ཀྱི་རྒྱུན་ལྡན་དོ་དམ་ཚུལ་དང་ལྡན་པར་བཏང་། “བསམ་གཞིག་དང་མཉམ་ཞུགས། ཟབ་ཚད། ནུས་པ་ལྡན་པ”བཅས་ཀྱི་སློབ་ཁྲིད་དམིགས་འབེན་མངོན་འགྱུར་བྱས་ཏེ་ནུས་མཐོ་སློབ་ཁྲིད་བསྐྲུན། 2024ལོར། རྫོང་ཡོངས་ཀྱི་གྲ་སྒྲིག་སློབ་སྔོན་ཞུགས་ཚད96.66%དང་། ལོ་དགུའི་འོས་འགན་སློབ་གསོའི་ཁྱབ་སྤེལ་ཚད99.22%ཡིན། འོས་འགན་སློབ་གསོའི་ལོ་འཚམ་དབང་སྐྱོན་བྱིས་པའི་སློབ་ཞུགས་ཚད98.46%ཡིན། མཐོ་འབྲིང་སློབ་མཚམས་ཀྱི་སློབ་ཞུགས་ཚད97.86%ཡིན། མཐོ་རྒྱུགས་དངོས་གཞི་ཚད་རིམ་དང་པོའི་འཕྲོད་ཚད58.29%དང་དངོས་གཞིའི་འཕྲོད་ཚད70.43%ཡིན་ཞིང་། ལོ་སྔོན་མ་དང་བསྡུར་ན་སོ་སོ་ནས2.9%དང4%ཡི་འཕར། འབྲིང་རྒྱུགས་སྦྱངས་འབྲས་ཀྱི་ཆ་སྙོམས་སྐར་གྲངས་ཀྱིས་ཁུལ་ཡོངས་ཀྱི་ཨང་དང་པོའི་འབྲས་བཟང་བླངས།
སློབ་ཐུན་སློབ་གསོ་ཟམ་མ་ཆད་པར་ལེགས་སྒྱུར་བྱས་པ། དྲ་ལམ་འཛིན་གྲྭའི་སློབ་གསོ་དང“ཡུགས་འབྲེལ་སློབ་གསོ་ཞིབ་འཇུག”ལག་བསྟར་སྒོས་སློབ་ཆུང་དང་དམའ་འབྲིང་རྐང་འཛིན(དགེ་རྒན་གྲགས་ཅན)ལས་སྒྲུབ་ཁང་། མཐོ་འབྲིང་སློབ་མའི་འཕེལ་རྒྱས་ལྟེ་གནས། “རྨང་གཞི་སྲ་བརྟན། ཕུལ་བྱུང་གསོ་སྐྱོང”རྟེན་གཞི་སོགས་འཚོལ་ཞིབ་འཛུགས་སྐྱོང་བྱས། ཕུལ་དུ་བྱུང་བའི་འཐབ་ས་དང་པོའི་དགེ་རྒན་དང་རྐང་འཛིན་དགེ་རྒན་སྐོར་ཞིག་གཅིག་བསྡུས་སྒོས་སློབ་གསོ་ཞིབ་འཇུག་ལས་དོན་གྱི་ལྟེ་བ་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་བཏང་ལ། སློབ་ཐུན་སློབ་གསོའི་ལྟ་རྟོག་སྐུལ་ཁྲིད་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ། དཔེ་སྟོན་སློབ་ཐུན་འགྲེམ་སྟོན་དང་སློབ་གསོ་གཞི་རིམ་དུ་སྐྱེལ་བ། ཁྲིད་དཔེ་མཉམ་སྤྱོད། ཞིབ་འཇུག་སློབ་ཐུན་དང་ཁྲིད་གཞི། ལས་བྱ་འགྲེམ་སྟོན་སོགས་ཀྱི་རྣམ་པ་བེད་སྤྱད་ནས། དགེ་རྒན་ལ་རམ་འདེགས་སྒོས་སློབ་ཁྲིད་ཀྱི་དཀའ་གནད་གཙོ་གནད་ལ་རྒྱུས་ལོན་དུ་བཅུག་པ་དང་། སློབ་ཁྲིད་བྱེད་ཐབས་ལེགས་བཅོས་དང་སློབ་ཐུན་གྱི་ཕན་འབྲས་མཐོར་འདེགས་སུ་བཏང་། དུས་མཚུངས་སུ། པིན་ཀྲོའུ་དང་མདོ་ལའི“སྤྲིན་སྣེ”དང་རྫོང་ཁོངས་ཀྱི“ཡུགས་ཁུལ” གྲོང་ཞིང“གནས་སྦྲེལ”སོགས་སློབ་གསོ་ཞིབ་འཇུག་བྱེད་སྒོ་ཟམ་མ་ཆད་པར་སྲ་བརྟན་དུ་སྤེལ་ནས། རོགས་རེས་མཉམ་སྐྱོད་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་སློབ་གསོ་ཞིབ་འཇུག་གི་ཐབས་ལམ་གསར་བ་འཚོལ་སྙེག་བྱས་པས། སློབ་གསོའི་སྤུས་ཀ་བརྟན་འཇགས་ངང་མཐོར་འདེགས་ཡོང་བར་ཕྱོགས་ཐམས་ཅད་ནས་ནུས་ཤུགས་བཏོན། 2024ལོར། སྐད་ཡིག་དང་གྲངས་རིག ཕྱི་སྐད། བསམ་བློ་ཆབ་སྲིད་སོགས་བསླབ་ཚན་སློབ་ཁྲིད་འགྲན་སྡུར་ཐེངས4སྤེལ་བ་དང་། ཆ་འཕྲིན་ལག་རྩལ་དང་སློབ་ཐུན་གཏིང་ཟབ་ཏུ་འདྲེས་པའི་ཁྲིད་བཤད་འགྲན་སྡུར་ཐེངས1དང་། སློབ་ཁྲིད་གཞི་རིམ་དུ་སྐྱེལ་བ་ཐེངས10སྤེལ་བར་དགེ་སློབ560ལ་ཕན་བདེ་བསྐྲུན་ཅིང་། རྫོང་ཡོངས་ཀྱི“སྤུས་ལེགས་སློབ་ཐུན”གྱི་འདུས་འགྲིལ་ནུས་ཤུགས་རྒྱུན་མ་ཆད་པར་འབུར་དུ་དོད།
སློབ་གསོའི་དཔྱད་འཇོག་སྔར་བས་ཕུན་སུམ་ཚོགས་པ། ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་གཞི་གཅིག་ཏུ་དཔྱད་འཇོག་མ་ལག་ཁྲོད་བསྡུས་པ་དང་། དཔྱད་འཇོག་བྱེད་སྟངས“མཇུག་སྡོམ་རང་བཞིན”ནས“བརྒྱུད་རིམ་རང་བཞིན”དུ་འཕེལ་བ་མངོན་འགྱུར་བྱུང་ལ། སྣ་མང་དཔྱད་འཇོག་གིས་སློབ་མའི་ཀུན་སྤྱོད་འཕེལ་རྒྱས་དང་སློབ་སྦྱོང་འཕེལ་རྒྱས། ལུས་སེམས་བདེ་ཐང་། དགའ་མོས་འཇོན་ནུས། ངལ་རྩོལ་ལག་ལེན་བཅས་འབུར་དུ་དོད་པ་དང་། སློབ་གྲྭ་ཡོངས་ཀྱི་དགེ་སློབ་དག་གི་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་ཡོང་བར་སྔར་བས་ལྷག་པར་སྐུལ་འདེད་བཏང་། དཔེར་ན་སྐད་ཡིག་སློབ་ཁྲིད་སྐབས་སློབ་ཚན་འཁྲབ་གཞུང་འཁྲབ་སྟོན་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས་སློབ་མའི་མིག་རྒྱང་རྒྱ་སྐྱེད་པ་དང་། གྲངས་རིག་སློབ་ཁྲིད་སྐབས་ཨང་རྩིས་རོལ་རྩེད་དང་ཚོང་ཁྲོམ་དུ་དངོས་པོ་ཉོ་བ་སོགས་ཀྱི་འཚོ་བའི་རྣམ་པར་བརྟེན་ནས་སློབ་མའི་གནད་དོན་དབྱེ་ཞིབ་དང་གནད་དོན་ཐག་གཅོད་ཀྱི་ནུས་པ་སྦྱོང་བརྡར་བྱས། ལས་བྱ་ཞུས་དག་དང་དཔྱད་འཇོག་བྱེད་སྟངས་སྣ་མང་ཡིན་པ་སྟེ། དཔེར་ན་སློབ་མར་སྐར་མ་རྩེ་ལྔ་དང་འཛུམ་མདངས་སྩོལ་བ་སོགས་སྐུལ་ལྕག་གི་བརྡ་རྟགས་སྦྱོར་བ་དང་། འཛིན་གྲྭའི་ཕུལ་བྱུང་ལས་བྱ་འགྲེམ་སྟོན་སྟེགས་བུ་སོགས་ཀྱིས། སློབ་མས་སྤུས་ཀ་ལེགས་པའི་སྒོ་ནས་ལས་བྱ་ཡོངས་འགྲུབ་བྱེད་པའི་སྤྲོ་སྣང་ཤུགས་ཆེར་གོང་དུ་སྤེལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注