རྐང་ཚ་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མཚོ་འཁྱིལ་ཡུལ་ཚོའི་དགུན་དུས་གནས་སྐོར་གྱི་མགོ་ཡག་པོ་བརྩམས།
ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོས“མཚོ་སྔོན་པོར་འཁྱགས་པས་བསྡམས”ཞེས་པའི་བརྗོད་དོན་ལ་བརྟེན་ནས། ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། “ཏང་འཛུགས་སྐྱོང་དང་རིག་གནས་གནས་སྐོར”གྱི་རྣམ་པ་འཚོལ་ཞིབ་ཧུར་ཐག་སྒོས་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་སུ་བཏང་བ་དང་། མཚོ་འཁྱིལ་ཡུལ་ཚོའི“སྐྱེ་ཁམས་གྲོང་རྡལ་ཆུང་བ”དང“གནས་སྐོར་གྲོང་རྡལ་ཆུང་བ”ཞེས་པར་བརྟེན་ནས།“དུས་ཚོད”དང“བྱེད་སྒོ།”“འགན་སྲུང”བཅས་ཟུང་འབྲེལ་བྱས་ཏེ། “ཏང་ཀྲི་པུ་དང་། ཡུལ་ཚོའི་ལོ་རྒྱུས་ཁང་། ལྷ་ཆབ་ཁུག་གནས་སྐོར་སྐྱེ་ཁམས་ཉམས་ལེན་ཁུལ། ཤམ་བྷ་ལའི་གནས་སྐོར་སྤྲོ་གསེང་ཁང་།འབྲོག་ཁྱིམ་ཉམས་ལེན་ས་ཚིགས”བཅས་ཀྱི་དགུན་དུས་ཀྱི་མཚོ་སྔོན་པོའི་འགྲམ་གྱི་གནས་སྐོར་ལམ་ཐིག་ནུས་ཤུགས་ཡོད་རྒུས་བཏོད་དེ།མཚོ་འཁྱིལ་དུ“ཟ་ཁང་དང་ཞག་སྡོད། གནས་སྐོར། ཉོ་འཚོང་། སྤྲོ་སྐྱིད”བཅས་སྣ་མང་གཞི་གཅིག་ཅན་གྱི་དགུན་དུས་སྐྱེ་ཁམས་གནས་སྐོར་རྟེན་གཞི་འཛུགས་སྐྲུན་བྱས་ཡོད།
གྲོང་གསེབ་རི་ཆུའི་མཛེས་ལྗོངས་ཀྱི་སྦྲེལ་ཐག་ཏུ་བརྩིས་ནས།དགུན་དུས་གནས་སྐོར་གྱི“མཛེས་ལྗོངས”བཏོད། མཚོ་འཁྱིལ་ཡུལ་ཚོའི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་གསར་གཏོད་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ལ་རམ་འདེགས་བྱེད་པ། “ལྟེ་བ་གཅིག་དང་རུ་ཁག་ལྔའི”སྐྱེ་ཁམས་དཔལ་ཡོན་རུ་ཁག་ལ་བརྟེན་ནས“1+3”(ཡུལ་ཚོའི་ས་ཁོངས་ཀྱི་གཙོ་གནད་བགྲོད་ལམ་སྤྱི་ལེ1+གྲོང་རྡལ་དང་ཡུལ་ཚོའི་ལས་བྱེད་པ1དང་། སྡེ་བ་རིམ་པའི་ཏང་ཡོན1དང་། སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས1)སྐྱེ་ཁམས་གཙང་དག་གི་རྣམ་པ་གཏིང་ཟབ་བྱས་ཏེ། མཚོ་འཁྱིལ་ཡུལ་ཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་རྒྱུན་རྣམ་ཅན་དང་། ཡུན་རིང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་། ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་དང་། དུས་བཞིའི་ངང་དཀར་མཚེའུ་ལ་བརྟེན་ནས། གནས་སྐོར་བར“ཉི་འཆར་ལ་ལྟ་བ་དང་། འཁྱགས་བསྡམས་མཚོ་ལ་ལྟ་བ། སྲོད་ཁའི་ཉི་ཟེར་ལ་ལྟ་བ”བཅས་ཀྱི་མཐོང་སྣང་མངོན་པ། “སྲིབ་ཆུ་བྲག་རིས་དང་། མཚོ་སྣེ་གནའ་ཤུལ། ཡུལ་ཚོའི་ལོ་རྒྱུས་ཁང་། ལྕི་བའི་སྒྱུ་རྩལ་གྱང་”བཅས་ཁྱད་ཆོས་སུ་བཟུང་སྟེ། གནས་སྐོར་བར“ལོ་རྒྱུས་རྒྱུས་ལོན། དམངས་སྲོལ་འཚོལ་ཞིབ། ཕ་ཡུལ་དྲན་པ”བཅས་ཀྱི་མཐོང་ཚོར་ཉམས་ལེན་མཁོ་འདོན་བྱས་པ་དང་། མཚོ་འཁྱིལ་གྱི“མཛེས་ལྗོངས་དང་ཡུལ་སྲོལ”གྱི་ལམ་ཐིག་བཏོད་ཡོད།
ཁྱད་ཆོས་རོགས་སྐྱོར་གྱི་ལྡེ་མིག་བྱས་ནས།ཕྱོགས་བཞིའི་གནས་སྐོར་བར“སྣང་བརྙན”བསྟན།རང་ཡུལ་གྱི་སྐྱེ་ཁམས་གནས་སྐོར་ཐོན་ཁུངས་སྔོག་འདོན་བྱས་ཏེ། སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་དང་ཉེ་འཁོར་གྱི་འབྲོག་པའི་ཁྱིམ་ཚང་ས་ཚིགས་བྱས་ཏེ། རྟ་ཐོག་ནས་གནས་སྐོར་དང་དེ་བཞིན་འབྲོག་པའི་འཚོ་བ་ཉམས་སུ་མྱོང་བའི་བྱེད་སྒོ་སྤེལ། གནས་སྐོར་བ་སྡེ་བའི་བོད་ཁྱིམ་དུ་ཞག་སྡོད་བྱས་ནས་ཕྱུགས་འཚོ་བ་དང་འབྲི་བཞོ་བ། རྩམ་པ་བརྫི་བ། མར་ལེན་པ་སོགས་འབྲོག་པའི་ཉིན་རྒྱུན་འཚོ་བ་དང་ཕྱུགས་འཚོ་སྟངས་ལ་ཟབ་ཞུགས་བྱེད་དུ་འཇུག་པ་དང་། འབྲོག་ཕྱོགས་ཀྱི་བཟའ་རིགས་ཉམས་སུ་མྱོང་བའི་རྣམ་གྲངས་བཙུགས་ཏེ། གནས་སྐོར་བས་ཟས་རིགས་ལས་སྣོན་དང་ཟས་མཆོག་ལ་རོལ་ནས། བོད་ཀྱི་རིག་གནས་དངོས་ཉམས་ལེན་བྱེད་དུ་བཅུག “ཤམ་བྷ་ལའི་གནས་སྐོར་སྤྲོ་གསེང་ཁང་དང་། ལྷ་ཆབ་ཁུག་སྒར་གནས་རྟེན་གཞིའི”མཛེས་ལྗོངས་དང་མཚོ་འགྲམ་གྱི་ས་བབས་ལ་བརྟེན་ནས། སྤྲིན་གྱི་རྒྱ་མཚོ་དང་། ཉི་འཆར་ལ་བལྟ་བའི་གནས་སྐོར་བར་དམངས་སྲོལ་མགྲོན་ཁང་ལེགས་ཤོས་དང་། སྟབས་བདེའི་ཚོང་ཁྲོམ། ཁྱད་ཐོན་བཟའ་བཏུང་བཅས་མཁོ་སྤྲོད་བྱེད་པ་དང་། སྒྲིག་འཛུགས་ཡོད་པའི་སྒོ་ནས་ཚད་ལྡན་གྱི་ཚོང་གཉེར་སྤེལ་ཏེ། མང་ཚོགས་ཀྱི་ཐབས་ལམ་སྔར་ལས་རྒྱ་སྐྱེད་ནས་མཚོ་སྔོན་པོའི་མཐའ་སྐོར་གྱི་མང་ཚོགས་ལ“སྐྱེ་ཁམས་གནས་སྐོར་གྱི་ཡོང་འབབ”ལོངས་སྤྱོད་ཐུབ་པ་བྱས་ཡོད།
ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞིར་བྱས་ནས།མང་ཚོགས་ལ“མདུན་ལམ”བསྐྲུན། མཚོ་འཁྱིལ་ཡུལ་ཚོ་ཏང་ཨུས“སྤྲོ་གསེང་སྡེ་བ་དང་། ཏང་ཀྲི་པུ། རོང་འབྲོག་པ”བཅས་ཟུང་འབྲེལ་ཡིན་པའི་འཕེལ་རྒྱས་རྣམ་པར་བརྟེན་ནས། ཡུལ་ཚོ་ཡོངས་ཀྱི་རོང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ“སྐོར་བྲོ་དང་། ཤོམ་འགྲོ། དམངས་གླུ”སོགས་ཀྱི་གསོ་སྦྱོང་སྤེལ། ཤམྦྷ་ལའི་གནས་སྐོར་སྤྲོ་གསེང་ཁང་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་དང་། “མེ་ཕུང་སྐོར་བྲོའི”དམངས་སྲོལ་ཉམས་ལེན་གྱི་རྣམ་གྲངས་གཏོད། ཁེ་ལས་དང་མང་ཚོགས་ཀྱི་དབར་ལ་འཁྲབ་སྟོན་མཉམ་ལས་ཀྱི་གྲོས་མཐུན་འཇོག་པ་སོགས་ཀྱི་རྣམ་པའི་ཐོག་ནས་གནས་སྐོར་བར་འབྲོག་པའི་རིག་གནས་ཉམས་ལེན་བྱེད་དུ་བཅུག་ནས། གནས་སྐོར་བར་བགས་ཆགས་ཟབ་མོ་འཇོག་པ་དང་། གནས་སྐོར་བའི་མྱོང་ཚོར་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་གཉིས་ཀའི་ཐོག་ནས་ཕན་འབྲས་ཆེན་པོ་ཐོན་དུ་བཅུག རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་སྤེལ་དང་ཕྱིར་འཚོང་གི་བརྒྱུད་རིམ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་མ་ཟད། “ཏང་ཀྲི་པུ+མཉམ་ལས་ཁང+ཡུལ་ཚོའི་ལོ་རྒྱུས་ཁང”བཅས་གཞིར་བྱས་ཏེ། མཚོ་འཁྱིལ་ཡུལ་ཚོའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དག་གིས་མཚོ་འཁྱིལ་ཡུལ་ཚོའི་ལོ་རྒྱུས་ཁང་དེ་ཕྱིར་འཚོང་བྱ་ཡུལ་བྱས་ཏེ། འབྲོག་པའི་སྐམས་ལུག་ཤའི་ཐོན་རྫས་དྲིལ་སྒྲོག་དང་ཕྱིར་འཚོང་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注