མདོ་ལ་རྫོང་གིས་བྱེད་ཐབས་སྣ་གསུམ་མཉམ་སྤྱད་ཀྱིས་ལས་ཞུགས་སྐུལ།

ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཞུགས་ལས་དོན་སྐོར་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་ལས་ཞུགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ཏུ་བསྟར། “ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ”ཡི་གནས་བབ་གལ་ཆེན་ལ་གཞི་ཚུགས་པ་དང་། “སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ལ་སྐུལ་འདེད་གཏོང་བ”གལ་ཆེའི་དམིགས་འབེན་དུ་བཟུང་ཞིང་། ལས་ཞུགས་སྔོན་ཐོན་ཐབས་ཇུས་གཏིང་ཟབ་ལག་བསྟར། ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་བརྟན་ལྷིང་དང་སྐུལ་འདེད་བཏང་ནས་རྫོང་ཡོངས་ཀྱི་ལས་ཞུགས་རྣམ་པ་སྤྱིའི་ཆ་ནས་བརྟན་པོ་ཡིན། མིག་སྔར། མཁར་གྲོང་གསར་སྣོན་ལས་ཞུགས་མི404མངོན་འགྱུར་བྱས་ཤིང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་མི་ཐེངས5336དང་། མཁར་གྲོང་ལས་ཤོར་ཐོ་འགོད་ཚད2.4%ཡིན། 

གནད་སྨིན་རོགས་སྐྱོར་ཤུགས་དྲག་ཏུ་བཏང་ནས“ལས་ཞུགས་བརྟན་ལྷིང”བྱུང་། གནད་སྨིན་ཐབས་ཇུས་ལག་བསྟར་རྒྱུན་འཁྱོངས་སྒོས་ལས་ཞུགས་རོགས་སྐྱོར་ཁྱབ་ཁོངས་ཧུར་ཐག་གིས་རྒྱ་བསྐྱེད་བཏང་། གཙོ་གནད་ཚོགས་ཁག་གི་ལས་ཞུགས་མཐའ་སྲུང་འགན་ལེན་བྱ་སྤྱོད་ཏན་ཏིག་གིས་སྤེལ། ལས་ཞུགས་རོགས་སྐྱོར་དང་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། སྤྱི་ཕན་རང་བཞིན་གྱི་ལས་གནས་མི761བཀོད་སྒྲིག་བྱས་ཤིང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་སྡོམ་པའི་སྒོར་ཁྲི1438.28བཏང་། སྤྱི་ཚོགས་འགན་སྲུང་ཁ་གསབ་སྒོར་ཁྲི657.92བཏང་། ལས་ཞུགས་དངོས་སྦྱོང་རྟེན་གཞིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ11བསྐོ་འཐེན་བྱས། ལས་ཞུགས་དངོས་སྦྱོང་ཁ་གསབ་སྒོར་ཁྲི2.3བཏང་། ལས་བཟོ་འཁོར་ཁང5ཡིས་ལས་ཞུགས་རོགས་སྐྱོར་གྱི་ལས་དོན་མི་སྣ་མི241བསྐོ་འཐེན་བྱས་ལ། དེའི་ཁྲོད་དབུལ་ཐར་ངལ་རྩོལ་ནུས་ཤུགས་མི61ལས་ཞུགས་བྱས། དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་ཞིང་ཆེན་བརྒལ་ནས་ལས་ཞུགས་བརྟན་ལྷིང་འགྲིམ་འགྲུལ་ཁ་གསབ་དུས་ཐོག་ཏུ་དངོས་འབེབས་བྱས་ཤིང་། མི194ལ་སྒོར་ཁྲི19.4བཏང་ལ། འཕྲོད་ཚད97%ཡིན། 

ཞབས་ཞུ་ལེགས་སྒྱུར་ལ་ཤུགས་ཆེན་པོས“ལས་ཞུགས་རོགས་འདེགས”བྱས། ཀུན་གྱིས་ལས་གཏོད་ཡོངས་ཀྱིས་གསར་གཏོད་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། ཐོན་ལས་གསར་བ་དང་ལས་རྣམ་གསར་བ་དར་འཕེལ་འགྲོ་བར་སྐུལ་འདེད་བཏང་། ལས་གཏོད་ཁག་ཐེག་སྐྱེད་གསབ་དངུལ་བུན་རོགས་འདེགས་སྲིད་ཇུས་ཧུར་ཐག་གིས་དོན་འཁྱོལ་བྱས་ཤིང་། ལས་གཏོད་ཁག་ཐེག་དངུལ་བུན10ཡི་སྒོར་ཁྲི230བཏང་བ་ལ་བཤེར་འབེབས་དང་། མི21གི་ལས་ཞུགས་ལ་རོགས་ཁྲིད་བྱས། ཐེངས་གཅིག་ཅན་གྱི་ལས་གཏོད་ཁ་གསབ་མི2ལ་སྒོར་ཁྲི2བཏང་། གསོ་སྦྱོང་གི་འདུན་པ་ཆེ་བའི་གྲོང་ཤང་ངལ་རྩོལ་ནུས་ཤུགས་ལ་མཐིལ་རྟོགས་ཞིབ་བཤེར་བྱས་ཤིང་། ཁྲོམ་རའི་དངོས་ཡོད་དང་བསྟུན་ནས་སྲོལ་རྒྱུན་རྩལ་ནུས་དང་ཞབས་ཞུའི་རྩལ་ནུས། ཆེད་ལས་རྩལ་ནུས་སོགས་གསོ་སྦྱོང་ཧུར་ཐག་གིས་རྩ་འཛུགས་བྱས་ནས་སྤེལ། ངལ་རྩོལ་བས་བརྟན་ལྷིང་ལས་ཞུགས་དང་རྒྱུན་མཐུད་འབབ་འཕར་ནུས་པ་སྔར་བས་མཐོ་རུ་བཏང་། མིག་སྔའི་བར་དུ། གཙག་དྲུབ་དང་ཀྲུང་ལུགས་ཕྱེ་ལས་སོགས་རྩལ་ནུས་གསོ་སྦྱོང་ཐེངས9ལ་སྤེལ་ཞིང་། མི632གསོ་སྦྱོང་ལ་ཞུགས། སྦྲང་ཆར་འཆར་གཞིའི་གསོ་སྦྱོང་མི50ལ་བྱས་ཤིང་གསོ་སྦྱོང་ཚད་ལོངས་ཚད90%ཡན་ལ་ཟིན།

མཁོ་འདོན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས“ལས་ཞུགས་རྒྱ་བསྐྱེད”བཏང་། ལས་ཞུགས་ལས་གཏོད་ཀྱི་སྤུས་ཚད་ཕན་ནུས་མཐོར་འདེགས་ཀྱི་བྱ་སྤྱོད་ཏན་ཏིག་གིས་སྐུལ་འདེད་བཏང་ཞིང་། དཔྱིད་རླུང་བྱ་སྤྱོད་མདོ་ལའི་ཆེད་དོན་ལས་བསྡུ་ཚོགས་འདུ་འཚོགས། ལས་གནས2500ལྷག་བཏོན་ཞིང་། ལས་ཞུགས་མོས་འདུན་མི200ལྷག་ལ་བཞག ཡུལ་དངོས་ནས་གན་རྒྱ་མི25ལ་བཞག དྲ་ཐོག་ནས་ལས་བསྡུ་ཆ་འཕྲིན་ཐེངས25སྤེལ་ལ། ལས་ཞུགས་ལས་གནས3300ལྷག་མཁོ་འདོན་བྱས། “ལས་ཞུགས་ཐད་གཏོང་རླངས་འཁོར”གྱི་ལས་ཞུགས་སྤྱི་པའི་ཞབས་ཞུའི་མ་ལག་བཙུགས་ཤིང་། མང་ཚོགས་དང་ཁེ་ལས་ལ་ལས་ཞུགས་མཛུབ་སྟོན་ཞབས་ཞུ་མི་ཐེངས200ལྷག་ལ་མཁོ་འདོན་བྱས། “མི་ཤུགས་དང་སྤྱི་ཚོགས་ཀྱི་ཞབས་ཞུ་ཁྱིམ་ཚང་ལ་བསྐྱོད་པ”ཡི་བྱེད་སྒོ་རྒྱུན་རྣམ་ཅན་གྱིས་སྤེལ་ཞིང་། ལས་ཞུགས་ཞབས་ཞུའི་མཁོ་འདོན་ལ་མུ་མཐུད་ཤུགས་བསྣན་ནས་དྲིལ་སྒྲོག་བྱེད་སྒོ་ཐེངས10ལ་སྤེལ་ཞིང་། མང་ཚོགས་མི་ཐེངས1500ལྷག་མཉམ་ཞུགས་བྱས། “ཧྲན་ཏུང་ཟས་མཆོག་མཚོ་བྱང་དུ་བསྐྱོད་པ་དང་། དབྱར་གྱི་མེ་དྲོད་མདོ་ལར་མཆེད་པ”ཡི་ཕྲེང་བསྟར་བྱེད་སྒོ་སྤེལ། ཙི་པའོ་སྲེག་ཟས་དང་ཐེན་ཧྲོའེ་ཚ་བེར་སོགས་འཚོང་གནས10དང་། ལས་ཞུགས་མི106ནང་འགུག་བྱས་ཤིང་དེའི་ཁྲོད་མཐོ་སློབ་མཐར་ཕྱིན་སློབ་མ51འདུ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号