ཤ་བོ་སྐྱབས་ཀྱིས་རུ་སྣེ་ཁྲིད་དེ་པེ་ཅིང་དུ་རྟེན་མཛོད་ཁང་གི་སོ་སོའི་འཛུགས་སྐྲུན་དང་དོ་དམ་བྱ་བར་རྟོག་ཞིབ་དང་སློབ་སྦྱོང་གནང་།

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རུ་སྣེ་ཁྲིད་དེ་རྒྱལ་སའི་རྟེན་མཛོད་ཁང་དང་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་རྟེན་མཛོད་ཁང་། ཀྲུང་གོའི་ལྕགས་ལམ་རྟེན་མཛོད་ཁང་། པེ་ཅིང་གྲོང་ཁྱེར798སྒྱུ་རྩལ་ཁུལ་དུ་ལྟ་སྐོར་སློབ་སྦྱོང་གནང་ནས། པེ་ཅིང་རྒྱལ་ཡོངས་རིག་གནས་ལྟེ་གནས་འཛུགས་སྐྲུན་ལ་ཐོབ་པའི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཉམས་སུ་མྱངས།

 རྒྱལ་སའི་རྟེན་མཛོད་ཁང་དང་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་རྟེན་མཛོད་ཁང་། ཀྲུང་གོའི་ལྕགས་ལམ་རྟེན་མཛོད་ཁང་བཅས་སུ་ཤ་བོ་སྐྱབས་འཁོར་དང་བཅས་པས་སྨི-8ཐད་འཕུར་གནམ་གྲུ་དང་། མའོ་ཀྲུའུ་ཞིའི་ཆེད་སྤྱོད་གནམ་གྲུ རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་གནམ་གྲུ་ཆེ་གྲསC919དཔེ་དབྱིབས་དང་མེ་འཁོར། ལྕགས་ལམ་འདྲ་པར། དངོས་རྫས་སོགས་འགྲེམས་སྟོན་དངོས་རྫས་ལ་ལྟ་སྐོར་གནང་བ་དང་། ཐག་ཉེ་ས་ནས་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་དང་ཀྲུང་གོའི་ལྕགས་ལམ་བྱ་གཞག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཉམས་སུ་མྱངས། ཤ་བོ་སྐྱབས་ཀྱིས་བསྟན་དོན། ཕུན་སུམ་ཚོགས་པའི་རིག་དངོས་དང་ཞིབ་ཅིང་ཕྲ་བའི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ལྕགས་ལམ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཚང་མ་ནི་འགྲིམ་འགྲུལ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་དཔང་པོ་ཡིན་པ་དང་། ཟུར་ཚད་མི་འདྲ་བའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱིས་ཚན་རྩལ་འཚོལ་ཞིབ་དང་ལས་རིགས་གསར་འབྱེད་སོགས་ཐད་འབད་འཐབ་བྱས་པའི་བྱས་རྗེས་མངོན་པ་དང"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དང་གཅིག་ལ་གཅིག་བསྟེན་དང་ཕན་ཚུན་གཞོགས་འདེགས་ཀྱི་ནུས་པ་ཐོན་ཡོད་ཟེར། ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། 221རྟེན་གཞིའི་གནའ་ཤུལ་ནི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱི་དངོས་པོའི་གཞི་རྟེན་དང་སྙིང་སྟོབས་འཁྲུངས་ས་ཡིན་ཞིང་། ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་གསར་བརྗེའི་རིག་གནས་མངོན་པའི་དུས་མཚུངས་སུ། ད་ལྟའི་གནས་བབ་ལ་རྐང་འཛུགས་པ་དང་མ་འོངས་པར་དམིགས་ཏེ"མཚོ་བྱང"ལས་བརྒལ་ཏེ"མཚོ་བྱང"ལ་ལྟ་བ་དང་། གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་པ་དང་གསར་བརྗེའི་སློབ་གསོའི་བྱ་གཞག་སྤེལ་བ། གསར་བརྗེའི་སྐད་སྒྲ་བརྒྱུད་སྒྲོག་བཅས་བྱས་ནས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ལ་དུས་རབས་ཀྱི་གཟི་མདངས་རྒྱས་སུ་འཇུག་དགོས་ཟེར།

པེ་ཅིང་གྲོང་ཁྱེར་གྱི798སྒྱུ་རྩལ་ཁུལ་དུ་ཤ་བོ་སྐྱབས་འཁོར་དང་བཅས་པས་སོལ་རླངས་སྦུག་ལམ་བསྒྱུར་བཀོད་བྱས་པ་ལས་གྲུབ་པའི"བར་སྣང་ཁྱམས་རིང"དང་། མེ་འཁོར་མགོ་ཐང་ཆེན། སྒྱུ་རྩལ་འགྲེམས་སྟོན་ཐང་ཆེན། རྐང་ཐང་སྲང་ལམ་བཅས་ལ་ལྟ་སྐོར་བྱས་ཏེ་གླིང་ཁུལ་ཧྲིལ་པོའི་ལྗོངས་རྣམ་ལ་མཐོ་སར་བུད་དེ་བལྟས་ཤིང་། གླིང་ཁུལ་གྱི་བར་སྟོང་བཀོད་སྒྲིག་དང་འཛུགས་སྐྲུན་གྲུབ་ཚུལ་རྒྱུས་ལོན་བྱས་ནས་ཀྲུང་གོའི་དར་སྲོལ་དང་བཟོ་ལས་རྗེས་ཤུལ་ཟུང་འབྲེལ་བྱས་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱངས། ཤ་བོ་སྐྱབས་ཀྱིས་བསྟན་དོན། 798བཟོ་གྲྭ་ནས798སྒྱུ་རྩལ་ཁུལ་བར་དང་། བཟོ་ལས་ཤུལ་བཞག་དེ་རིག་གནས་ཐོན་ལས་གཅིག་སྡུད་ཁུལ་དུ་ཕྱོགས་སྒྱུར་རིམ་སྤོར་བྱས་པ་དེས་ང་ཚོར་བཟོ་ལས་ཀྱི་རྗེས་ཤུལ་དེ་རིག་གནས་དང་གསར་གཏོད། སྒྱུ་རྩལ་བཅས་དང་མཉམ་འདྲེས་གཏིང་ཟབ་བྱུང་ཚུལ་བསྟན་པ་དང་། བཟོ་ལས་ཡུལ་སྐོར་འཕེལ་རྒྱས་ལ"མ་དཔེ"བཏོད་ཡོད་པས་མཚོ་བྱང་ས་ཁུལ་གྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད་ཟེར། ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། 221རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་དང་གསོན་འགྱུར་བེད་སྤྱོད་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། གསར་བརྗེའི་ཉམས་ཞིབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ། རིག་གནས་བར་སྟོང་འཛུགས་སྐྲུན་བཅས་ལ་བརྟེན་ནས་བཟོ་ཁང་རྙིང་ཧྲུལ་དང་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་ཉིང་རྡུལ་བཟོ་ལས་ཀྱི་སྒྲིག་ཆས་བཟོ་རྩལ་རྙིང་པ་དེ་རིག་གནས་ཡུལ་སྐོར་གྱིIPགསར་པ་ཞིག་ཏུ་བསྐྲུན་པ་དང་། རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་གོ་སྐབས་གསར་པ་བསྐྲུན་ནས་མི་དེ་བས་མང་བས"ཀྲུང་གོའི་རྡུལ་ཕྲན་མཁར"གྱི་ལོ་རྒྱུས་དང་ཐོན་ཁུངས་ལ་རྒྱུས་ལོན་བྱས་ཏེ་གསར་བརྗེའི་རིག་གནས"གསོན་ཉམས་ལྡན་པ"ཞིག་ཡོང་བར་བྱ་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་དོན། གཅིག་ནས་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་བྱས་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག་དང་ཉམས་ཞིབ་ཚད་ལྡན་བཏོད་དེ་མཚོ་སྔོན་པོ་རྟེན་མཛོད་ཁང་དང་། ནུབ་མཚོ་ཅུན་རྟེན་མཛོད་ཁང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། མདོ་ལ་རྫོང་དམར་དམག་ནུབ་ལམ་དམག་དཔུང་བཅིངས་འགྲོལ་དམག་ཅུན་གཉིས་པའི་དྲན་གསོ་གླིང་སོགས་མཚོ་བྱང་རྟེན་མཛོད་ཁང་གི་ཚོགས་སྤྱི་ལ་གཙོ་གནད་ཐོག་དམིགས་ཏེ། 221རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ18དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ལྷ་ཆབ་ཁུག་སོགས་སྐྱེ་ཁམས་ཡུལ་སྐོར་གསར་བརྗེའི་ཉམས་ཞིབ་བྱ་ཡུལ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྟོང་སོ་ནགས་ཀླུང་སོགས་སྐྱེ་ཁམས་ཉམས་ལེན་ཁུལ་ལ་གཞི་བཅོལ་བ་དང་། མཁར་དམར་གནའ་མཁར་དང་འཇུ་ལག་གནའ་མཁར། པའེ་ཞང་ཡང་གནའ་མཁར་སོགས་གནའ་མཁར134ལ་དམིགས་ནས་ཆ་འཕྲིན་ཅན་གྱི་ཉེར་སྤྱོད་འགྲེམས་སྟོན་དང་རིག་གནས་གསར་རྩོམ་ཐོན་རྫས་ཞིབ་འཇུག་གསར་གཏོད། ཡུལ་སྐོར་འགྲིམ་འགྲུལ་དྲ་བ་ལེགས་སྒྱུར་བཅས་བྱས་ཏེ། ཡུལ་སྐོར་བར་གསར་བརྗེའི་ལོ་རྒྱུས་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ངོ་མཚར་བ་དྲིལ་སྒྲོག་བྱས་ཏེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་ཀྱི་མཛེས་ལྗོངས་གཞི་གཅིག་ཏུ་འདུས་པའི་དག་སྣང་མཚོ་བྱང་གི་མཛེས་ལྗོངས་ཤིག་མངོན་པར་བྱེད་དགོས། གཉིས་ནས་མཐུན་སྦྱོར་མཉམ་འདྲེས་ལ་སྣང་ཆེན་བྱས་ཏེ་ཡུལ་སྐོར་དང་འགྲིམ་འགྲུལ་གཉིས་ཟུང་འབྲེལ་བྱས་ནས་བགྲོད་མགྱོགས་པ་དང་འབུད་དལ་བའི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལྟ་སྐོར་ཡུལ་སྐོར་ལས་གཞི་ཁྱབ་གདལ་གཏོང་དགོས་ཤིང་།     ཡུལ་སྐོར་དང་ཉམས་ཞིབ་ཟུང་འབྲེལ་བྱས་ནས་རྒན་གཞོན་ཚང་མར་འཚམ་པའི་གསར་བརྗེའི་ཉམས་ཞིབ་དང་ཚན་རིག་ཁྱབ་གདལ་ཉམས་ཞིབ་ཀྱི་ལས་གཞི་སྐུལ་འདེད་གཏོང་དགོས། ཡུལ་སྐོར་དང་རིག་གནས་ཐོན་ལས་ཟུང་འབྲེལ་བྱས་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྣ་མང་འཕེལ་རྒྱས་ཀྱི་རྣམ་པ་བཏོད་དེ་ཡུལ་སྐོར་བའི་དགའ་བསུ་ཐོབ་ཤུགས་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་ཆས་རྟགས་གཏོད་དགོས་ཟེར།  

ཁུལ་གྱི་མགོ་ཁྲིད་ཧན་ཧྲི་དང་། པེ་ཅིང་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་ཁྲུའི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་ལས་ཁུངས་ཀྱི་གནས་སྦྱར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་བྱས།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号