ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས་པ།

ཟླ9པའི་ཚེས18ཉིན། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་སྤྱིའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ལ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་སྐུལ་སློང་བྱས་ཏེ། ཞིང་ཆེན་ཏང་ཨུའི“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བྱ་བའི་བླང་བྱར་བརྟེན་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་གི་ལག་ལེན་ལ་སྐུལ་འདེད་བཏང་། ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་འབྲེལ་ཡོད་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྔར་ལས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་གི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།    

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་ལ་གཙོ་སྐྱོང་གནང་། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་དང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་མངགས་བཅོལ་ལྟར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུ་མགོན་པོ་ཚེ་བརྟན་དང་། སུང་ཞུག་ཙུང་། སངས་འབུམ། ཚོ་ཅི་ཆང་། ལའེ་མིན། སི་ཅི་ཧྲིན། ཧོ་པིན་བཅས་ཚོགས་འདུར་ཕེབས། 

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཀྲུང་གོའི་གུང་ཁྲན་ཏང་གིས་བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་འབྲེལ་ཡོད་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་དང་། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་ཁྱོན་ཡོངས་ཀྱི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཚོ་སྔོན་གྱི་འཐབ་ཇུས་དང་ངེས་གནས་དམ་པོར་བཟུང་སྟེ། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པ། མང་ཚོགས་ཀྱི་རེ་འདུན་བཅས་ལ་དམིགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་གྱི་བསམ་གཞིགས་དང་བྱེད་ཐབས་སྤྱད་དེ་མཚོ་སྔོན་གྱི་བྱ་བ་སོ་སོར་སྐུལ་འདེད་གཏོང་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་།  ལས་འགན་གཙོ་བོ་ཁ་གསལ་བཟོས་ཤིང་བླང་བྱ་ཞིབ་ཕྲ་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་པའི་ལམ་རིས་དང་ལས་འགན་ཡི་གེ་ཞིག་ཡིན་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་ཐུབ་ངེས་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས་ཟེར།  

ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་བྱ་བ་བཀོད་སྒྲིག་དང་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་རུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན། དམངས་འཚོ་འགན་སྲུང་དང་ལེགས་བཅོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་ལ་རྩེ་གཅིག་ཏུ་དམིགས་ནས། བཅོས་སྒྱུར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བྱ་བའི་ལམ་སྲོལ་རྒྱུན་མཐུད་འཐུས་ཚང་དུ་གཏོང་བ་དང་བཅོས་སྒྱུར་གྱི་ལག་ལེན་དང་བྱེད་ཐབས་གསར་གཏོད་རབ་དང་རིམ་པ་ཁྱབ་གདལ་བཏང་བས་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་བཅོས་སྒྱུར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཁུལ་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐེབས་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་བྱ་བ་ཡོངས་ཀྱི་མངོན་གསལ་དོད་པའི་བརྗོད་དོན་གཙོ་བོ་དང་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་བྱ་བའི་གཙོ་གནད་དུ་བཟུང་སྟེ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་སྣེ་ཁྲིད་དེ་མངག་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་། དྲིན་གཟོ་ཡར་བརྩོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་དེ"མཚོ་བྱང་ལྔ"འཛུགས་སྐྲུན་གྱི་ཞིབ་ཕྲའི་འགུལ་སྐྱོད་དང་ཕན་འབྲས་དངོས་ལ་བསྒྱུར་ནས་བྱ་བ་སོ་སོར་གོམ་སྟབས་གསར་བ་སྤོས་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད། སྐྱེ་ཁམས་ཐོན་ཁུངས་ནི་མཚོ་བྱང་གི"ཚེ་ནོམ"ཡག་ཤོས་ཡིན་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུ་ནི་མཚོ་བྱང་གི་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་གོ་སྐབས་ཆེ་ཤོས་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་བ་དང་། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཁུལ་གྱི་གནས་ཚུལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་སྣང་བརྙན་ལ་བརྟེན་ནས་ཐོན་རྫས་རིན་ཐང་ལ་སྐུལ་འདེད་བཏང་ཚེ་གཞི་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཅི་ཙམ་སོང་ན་དེ་ཙམ་ཡག དམངས་འཚོ་ནི་ཆབ་སྲིད་ཆེ་ཤོས་ཤིག་ཡིན་པས་དམངས་འཚོ་རྒྱུན་མཐུད་དང་། རྒྱུན་ཆད་མེད་པར་འགན་ལེན་དང་ཇེ་ལེགས་སུ་བཏང་ཚེ་གཞི་ནས་དམངས་སེམས་ཐོབ་ཐུབ་ལ་ཆབ་སྲིད་དེ་ལས་བདེ་འཇགས་དང་། སྤྱི་ཚོགས་དེ་ལས་བརྟན་ལྷིང་། མི་དམངས་དེ་ལས་བློ་བདེ་བཅས་ཡོང་བའི་འགན་ལེན་བྱེད་ཐུབ། མི་རིགས་མཐུན་སྒྲིལ་ནི་མཚོ་བྱང་གི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་དང་། བྱ་བ་མཐའ་དག་ཡག་པོར་སྒྲུབ་པའི་རྨང་གཞི་དང་འགན་ལེན་ཞིག་ཡིན་པས་མི་རིགས་སོ་སོའི་མཐུན་སྒྲིལ་འབད་འཐབ་མེད་ཚེ་མཚོ་བྱང་གི་ད་ལྟའི་འཕེལ་རྒྱས་དང་བརྟན་ལྷིང་གི་རྣམ་པ་མེད། མཚོ་བྱང་གི་བྱ་བ་ཡག་པོར་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་པ་དང་མི་ལ་ཐུག་ཡོད་པས་ངེས་པར་དུ་ཆོད་སེམས་དང་བློ་སྟོབས་དེ་ལས་ཆེ་བའི་ཐོག་ནས་ཏང་གི་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་བྱ་གཞག་སོ་སོའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་སྲོག་ཤིང་ཞིག་ཏུ་འགྱུར་རྒྱུའི་འགན་ལེན་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། མཚོ་བྱང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་རྟོག་ཞིབ་གནང་བར་ཕེབས་པའི་གནས་མཆོག་ཡིན་པ་དང་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི"མཚོ་བྱང་ལྔ"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་རིམ་ཞིག་ཀྱང་ཡིན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་བཅོས་སྒྱུར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བཅོས་སྒྱུར་གྱི་ཡིད་ཆེས་བརྟན་དུ་གཏོང་བ། བཅོས་སྒྱུར་གྱི་སྒུལ་ཤུགས་ཆེ་རུ་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས"གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱས་ཏེ། "སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། "ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་དང་། "མཚོ་བྱང་ལྔ"འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ། བཅོས་སྒྱུར་གྱི་བསམ་གཞིགས་དང་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་དང་འགག་མདོ་སེལ་གང་ཐུབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་ཀྱི་བཅོས་སྒྱུར་ལ་འཕེལ་རྒྱས་གསར་བ་དང་ཐོད་བརྒལ་གསར་བ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རང་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་བླང་བྱ་ནི། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུའི་སྐོར་གྱི་དགོངས་པ་གསར་བ་དང་ལྟ་བ་གསར་བ། ཆོད་སེམས་གསར་བ། མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་བསམ་བློར་བཅིངས་འགྲོལ། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། དམ་པ་དོན་གཉེར་གྱིས"ཆེས་ཆེ་བ་གསུམ"གྱི་ཞིང་ཆེན་གྱི་ངེས་གནས་དང"དེ་བས་གལ་ཆེ་བ་གསུམ"གྱི་འཐབ་ཇུས་གནས་བབ་ཁོང་དུ་བརྟན་པོ་ཆུད་པ། "གནས་ལྔ་གཞི་གཅིག"གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། "ཕྱོགས་ཡོངས་བཞིའི"འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། "243"གྱི་འཕེལ་རྒྱས་བཀོད་པ་དང་། "མཚོ་བྱང་ལྔ"འཛུགས་སྐྲུན། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་ཚད་བསམ་ཕྱོགས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱིས་སྣེ་ཁྲིད་བྱེད་པ་དང་། "སྤྱི་གླིང་གཉིས་དང་བཙན་ས་གཅིག"དང་སྙིང་སྟོབས་ཀྱི"བཙན་ས"གཏོད་རྒྱུ་ཁ་ཕྱོགས་སུ་བྱེད་པ། ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་བྱ་རྒྱུ་འདེགས་སྐྱོར་དུ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་མགོ་རྩོམ་ས་དང་དོན་ལ་འབབ་སར་བྱེད་པ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱུ་དེ་འགན་ལེན་དུ་བྱས་ཏེ། མ་ལག་གཅིག་སྡུད་ལ་དེ་ལས་མཐོང་ཆེན་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་རྒྱུར་དེ་ལས་མཐོང་ཆེན། བཅོས་སྒྱུར་གྱི་ཕན་འབྲས་ཐོན་རྒྱུར་དེ་ལས་མཐོང་ཆེན་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་གི་ལག་ལེན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། རང་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་དམིགས་འབེན་གཙོ་བོ་ནི། 2029ལོའི་བར་དུ་ཁུལ་ཨུས་གཏན་འཁེལ་བྱས་པའི་བཅོས་སྒྱུར་ལས་འགན་ལེགས་འགྲུབ་བྱ་རྒྱུ་དེ་ཡིན། 2035ལོར་སླེབས་སྐབས"སྤྱི་གླིང་གཉིས་དང་བཙན་ས་གཅིག"དང་། སྙིང་སྟོབས་ཀྱི"བཙན་ས"དང་ཐོན་ལས་ཀྱི"གནས་བཞི"བཅས་ཐོག་མའི་ཆ་ཞིག་བསྐྲུན་དགོས་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། མི་རིགས་ས་ཁུལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་མངོན་གསལ་ལེན་པ། ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། རྒྱལ་ཡོངས་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས་ཟེར། 

ཚང་འཛོམས་གྲོས་ཚོགས་ཐོག་རང་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་སྤེལ་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱ་དགོས། མི་རིགས་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། དམངས་འཚོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་མི་དམངས་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ལས་མང་བ་ལོངས་སྤྱོད་བྱེད་དུ་འཇུག་དགོས།  རིག་གནས་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་བསམ་པའི་དཔལ་ཡོན་གྱི་བཙན་ས་སྟོབས་ཤུགས་ཆེར་སྐྱེད་ཀྱིས་བསྐྲུན་དགོས། ཏང་གིས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ"མཚོ་བྱང་ལྔ"འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས་ཟེར། 

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་གི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་ཡིན་པས། ངེས་པར་དུ་བཅོས་སྒྱུར་གྱི་བསམ་ཕྱོགས་དང་གསར་གཏོད་བྱ་ཐབས་ལ་བརྟེན་ནས"གནས་བཞིའི"འཛུགས་སྐྲུན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཚོ་བྱང་གི་ཁྱད་ཆོས་ལྡན་པ་དང་མཚོ་བྱང་གི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་མགྱོགས་མྱུར་ཆགས་པར་བྱེད་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྲངས་འཛིན་ཅན་གྱི་ཐོན་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་སྲོལ་འཛུགས་པ། གསར་བརྗེའི་ཉམས་ཞིབ་ཀྱིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱེད་པའི་མ་ལག་དང་སྤུས་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ལམ་སྲོལ་འཛུགས་པ། ནོར་ཁྲལ་དང་དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་ལས་འགན་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལམ་ལུགས་ཀྱི་ཁོར་ཡུག་གསར་གཏོད་དང་ཇེ་ལེགས་སུ་བཏང་ནས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་གཅིག་གྱུར་གྱིས་འཆར་འགོད་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཟེར།  

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། སྐྱེ་ཁམས་ནི་མཚོ་བྱང་གི་རྩ་བ་ཡིན་པས། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ནུས་པ་ཆེ་ཤོས་མངོན་འགྱུར་ཡོང་རྒྱུར་དམིགས་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་ནས་ཞིང་ཆེན་ཡོངས་སུ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་ཆེད་མཚོ་བྱང་གི་ལེགས་སྐྱེས་འབུལ་དགོས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆེས་གཟབ་ནན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པ་དང་། དེང་རབས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞིའི་སྒྲིག་སྲོལ་དོན་འཁྱོལ་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་འཐུས་ཚང་བཟོ་བ་བཅས་བྱ་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི"མཚོ་བྱང་ལྔ"འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས། ངེས་པར་དུ་སློབ་གསོར་བརྟེན་ནས་ཁུལ་དར་རྒྱས་གཏོང་བ་དང་། ཤེས་ལྡན་མི་སྣར་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུ་རྒྱུན་འཁྱོངས་དང་། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་གསར་གཏོད་ཅན་གྱི་མཚོ་བྱང་འཛུགས་སྐྲུན་བྱ་བའི་མ་ལག་འཛུགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཐོན་ལས་ཀྱི་འགྲན་རྩོད་བྱེད་ནུས་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་དང་ཚན་རྩལ་སྒྲིག་སྲོལ་ལམ་ལུགས་བཅོས་སྒྱུར་དང་དེ་བཞིན་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱ་དགོས་ཟེར། 

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་ཡོང་བའི་དེང་རབས་ཅན་ཞིག་ཡིན་པས། ངེས་པར་དུ་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱེད་པ། མི་དམངས་མང་ཚོགས་ཀྱི་བསམ་པའི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལམ་སྲོལ་དང་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱ་བའི་ལམ་སྲོལ་གསར་གཏོད་བྱེད་པ། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ལམ་སྲོལ་ལེགས་སྒྱུར་བཅས་བྱ་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བྱང་ལ་གཟིགས་ཞིབ་སྐབས་མཚོ་བྱང་ལ་བཏོན་པའི་བླང་བྱ་གལ་ཆེན་ཞིག་ཡིན་པས་མཚོ་བྱང་གི་ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་གལ་ཆེན་ཞིག་ཀྱང་རེད། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ"སྤྲོད་པ་གསུམ་དང་ཕན་པ་གཅིག"གི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ནས་མི་རིགས་ས་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལམ་ལུགས་ལམ་སྲོལ་དང་། ཁྲིམས་ལྟར་ཆོས་ལུགས་བྱ་བར་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བོད་འབྲེལ་བརྟན་ལྷིང་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། གཞི་རིམ་བཅོས་སྐྱོང་བྱ་བའི་ཕན་འབྲས་ནི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པས། ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཞིང་ཆེན་ཏང་ཨུའི་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི"གཅིག་ཅན་བཅུའི"བྱ་བའི་བླང་བྱ་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་མཚོ་བྱང་ཡུན་རིང་བདེ་འཁོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་བྱ་བའི་མ་ལག་དང་སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྲུན་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། དམངས་འཚོ་ནི་ཆབ་སྲིད་ཆེ་ཤོས་ཡིན་པས། ངེས་པར་དུ་མི་རིགས་སོ་སོའི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་ཆེས་ཐད་ཀར་ཡིན་པ། ཆེས་དངོས་ཡོད་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དམ་འཛིན་བྱས་ཏེ་ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། གཞི་ཐིག་སྲུང་བ་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་མི་རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་བྱེད་ཐབས་དང་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ནི་དེང་རབས་ཅན་འཛུགས་སྐྱོང་གི་ཆབ་སྲིད་རྨང་གཞི་ཡིན་པས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ངེས་པར་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས། གཞི་རྩའི་ཆབ་སྲིད་ལམ་ལུགས། ཆབ་སྲིད་ལམ་ལུགས་གལ་ཆེན་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་དང་གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་མ་ལག་འཛུགས་སྐྱོང་འཐུས་ཚང་དུ་གཏོང་བ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། ཏང་གི་མགོ་ཁྲིད་ནི་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་དེང་རབས་ཅན་དུ་འགྱུར་བའི་མཚོ་བྱང་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན་པས། ངེས་པར་དུ་བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་ལ་དོ་དམ་དང་། ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ་ལས་བྱེད་པར་དུས་རབས་གསར་པ་དང་འགན་འཁྲི་གསར་པ་འཁུར་ཕོད་པ། བྱས་རྗེས་གསར་པ་འཇོག་རྒྱུར་སྐུལ་མ་གཏོང་བའི་རྣམ་པ་ཟབ་མོ་ཞིག་བཏོད་དེ་དེ་ལས་ངོ་མཚར་ཆེ་བའི་བཅོས་སྒྱུར་གྱི་དྲིས་ལན་ཧུར་ཐག་གིས་འབྲི་དགོས། ཏང་གིས་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་འཛུགས་སྐྱོང་གི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་སྤྱོད་ཚུལ་ལེགས་བཅོས་རྒྱུན་ཆད་མེད་པར་བྱེད་པ་དང་། བཅོས་སྒྱུར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ནུས་ཤུགས་ཡོད་རྒུ་བཏོན་ནས་བཅོས་སྒྱུར་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་ནི་ལས་བྱེད་པས་སྒྲུབ་པའི་ཐད་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། "སྒྲུབ་པའི"ནུས་པ་ཡག་པོ་འདོན་པ། རང་འགུལ་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལ་མཉམ་འདྲེས་བྱེད་པ་དང་ཞབས་འདེགས་ཞུ་བའི་ལངས་གནས་དང་མཐོང་རྒྱ། བསམ་ཕྱོགས། བྱེད་ཐབས་བཅས་ལ་བརྟེན་ནས་བཅོས་སྒྱུར་ཇུས་འགོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཇི་མ་ཇི་བཞིན་དོན་འཁྱོལ་དམ་འཛིན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན། དམ་པ་དོན་གཉེར་གྱིས་དོན་འཁྱོལ་ལ་དམ་འཛིན། བྱ་བ་སྒྲུབ་ཕོད་པ་དང་སྒྲུབ་མཁས་པ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས། བསམ་ཕྱོགས་གསལ་པོ་བཟོ་བའི་ཐད་སྔོན་ཐོན་བརྩོན་ལེན་བྱེད་པ་དང"གསལ་པོ་བཟོ་བའི"གསོན་ཉམས་དོད་པའི་བསམ་ཕྱོགས་རྒྱ་ཆེར་བཏང་ནས"ཆེས་ཆེ་བ་གསུམ"གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་། "དེ་བས་གལ་ཆེ་བ་གསུམ"གྱི་འཐབ་ཇུས་གནས་བབ་ལ་གོ་བ་ཆ་ཚང་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ་ཁུལ་ཨུའི"243"འཕེལ་རྒྱས་ཀྱི་བཀོད་སྒྲིག་དང་། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་ཚད་ལ་དམིགས་ནས"ངོས་འཛིན་རབ་རིབ་བཞི"གཙང་སེལ་དང་། “འབྲེལ་བ་བཞི”ཁ་གསལ་བཟོ་བ། མཚོ་བྱང་གི་བྱ་བར་བསམ་བློ་སྔར་ལས་གཏིང་ཟབ་གཏོང་བ། ཇུས་འགོད་སྔར་ལས་གཏིང་ཟབ་བྱེད་པ། མིག་རྒྱང་སྔར་ལས་རིང་དུ་གཏོང་བ། སྒྲུབ་པ་སྔར་ལས་ལེགས་སུ་གཏོང་བ་བཅས་ཏན་ཏིག་བྱས་ཏེ་བཅོས་སྒྱུར་གྱི་ལས་འགན་སོ་སོར་གྲུབ་འབྲས་གསར་པ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རང་གཅུན་ནན་མོ་བྱེད་པའི་ཐད་སྔོན་ཐོན་བརྩོན་ལེན་བྱས་ཏེ"ནན་མོ"ཡི་རྣམ་པ་གསར་པ་མངོན་པར་བྱེད་པ། གུས་ཤིང་སྐྲག་པའི་ངང་མི་ཚུལ་ལྡན་ཞིག་བྱེད་པ་དང་བྱ་བ་སྒྲུབ་པ་བཅས་ཀྱི་རང་གཤིས་ལ་བརྟེན་ནས་མདུན་དུ་སྐྱོད་ཕོད་པ་དང་འགན་འཁུར་ཕོད་པ། མིག་དཔེ་སྟོན་པ་བཅས་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཐོན་པར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་བཅོས་སྒྱུར་ལ་ཞིབ་བཤེར་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་དང་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་སྤེལ་ཤུགས་ཆེ་རུ་གཏོང་པ། ནོར་ལུག་ཕྱིར་འཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་པ། ཞིང་ལས་སྟོན་བསྡུའི་བྱ་བར་དམ་འཛིན་ཡག་པོ་བཅས་བྱས་ནས་ཞིང་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་མ་དངུལ་དུས་ཐོག་དང་ཁ་གྲངས་ཚང་པའི་སྒོ་ནས་སྤྲོད་དགོས། “ལྔ་བཅོ་ལྔའི”དུས་མགོའི་འཆར་འགོད་སྤྱི་འདོམས་ཡག་པོ་བྱས་ནས་མཚོ་བྱང་གི་བཟོ་སྐྲུན་ལས་གཞི་གལ་ཆེན་དང་སྲིད་ཇུས་ཀྱི་འདུན་པ་གལ་ཆེན། བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་བཅས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཆར་འགོད་ནང་འཇུག་རྒྱུའི་བརྩོན་ལེན་བྱེད་དགོས། དགུན་དུས་ཀྱི་ཡུལ་སྐོར་བྱ་བ་སྔ་མོ་ནས་འཆར་འགོད་གྲ་སྒྲིག་བྱེད་པ་དང་དགུན་དུས་ཀྱི་སྒོ་དབྱེའི་ལྗོངས་ཁུལ་དང་ལྗོངས་ཁུལ་བར་གྱི་འབྲེལ་ཡོད་གཟིགས་སྐྱོང་བྱ་ཐབས་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་ཁྱབ་བསྒྲགས་བྱེད་དགོས། སྔ་མོ་ནས་དྲིལ་སྒྲོག་འོས་སྦྱོར་བྱ་བ་ཡག་པོར་བསྒྲུབ་ནས་དགུན་དུས་ཡུལ་སྐོར་གྱི་བྱ་བ་ཡག་པོ་སྤེལ་ཐུབ་པའི་དགུན་དུས་ཡུལ་སྐོར་གྱི“མེ་སྒྱོགས་ཨང་དང་པོ”རྒྱག་གང་ཐུབ་བྱེད་དགོས། བདེ་འཇགས་བརྟན་ལྷིང་གི་མ་མཐའི་མཚམས་ཐིག་ནུས་ཤུགས་ཡོད་རྒུས་ཡག་པོར་སྲུང་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ནོར་འཁྲུལ་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་ཁུལ་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་སྣ་ཚོགས་དོགས་ཟོན་དང་སེལ་ཐུབ་པ་བྱེད་དགོས། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱ་བ་ཏན་ཏིག་ངང་ཡག་པོར་བསྒྲུབ་དགོས། ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱ་བ་བཀོད་སྒྲིག་དང་ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྒྱུན་རྣམ་ཅན་གྱི་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པར་བྱས་ཏེ་ལས་སྒྲུབ་ལས་གཏོད་བྱ་རྒྱུར་སྐུལ་མ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བསྟུད་མར་གཏིང་ཟབ་ཏུ་སྤེལ་ཏེ། དུས་རྒྱུན་དུ་འདྲེས་པར་བྱེད་པ་དང་དུས་རྒྱུན་དུ་རྒྱུན་འཛིན་རྒྱུན་འཁྱོངས་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གིས་ཏང་ཡོན་ཡོངས་ལ་བཏོན་པའི་རླབས་ཆེན་གྱི་འབོད་སྐུལ་ལག་བསྟར་བྱས་ཏེ་ནམ་ཡང་ཏང་གི་རྗེས་སུ་འབྲངས་བ་དང་དུས་རབས་གསར་པར་འབད་འབུངས་བྱས་ནས་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་བྱས་རྗེས་གསར་པ་ཧུར་ཐག་སྒོས་འཇོག་དགོས་པ་དང་། བཅོས་སྒྱུར་གྱི་བསམ་བློ་དང་བྱ་ཐབས་ལ་བརྟེན་ནས“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་འབོད་སྐུལ་གནང་།

ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས་ལ། ཁུལ་ཨུའི་ཨུ་ཡོན་དང་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་མིན་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་འགན་འཁུར་བློ་མཐུན། ཁུལ་ཁྲིམས་ཁང་དང་། ཁུལ་ཞིབ་དཔྱོད་ཁང་གི་ཏང་ཙུའི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་སྒྲིག་ཨུའི་རྒྱུན་ཨུ་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། ཁུལ་ཨུའི་ཨུ་ཡོན་མིན་པའི་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཙུའུ(ཏང་ཨུ)། མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཁོངས་གཏོགས་ཀྱི་ཁེ་ལས་དང་དོན་ལས་ལས་ཁུངས་སོ་སོའི་ཏང་རྩ་འཛུགས། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་ཏང་ཨུའི(ཏང་ཙུའུ)འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཁག་ཅིག ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་གསར་འགྱུར་སྨྱན་སྦྱོར་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号