ས་བབ་མཐོ་ཤོས་ཀྱི་བྱང་སྐར་མཁའ་དཔྱད་ས་ཚིགས་བེད་སྤྱོད་བཏང་འདུག

ཟླ9པའི་ཚེས10ཉིན། ས་བབ་མཐོ་ཚད་སྤྱི་ཁྲེ4706ཡོད་པའི་བོད་ལྗོངས་དཔལ་མགོན་རྒྱལ་ཁབ་གཞི་རྩའི་གནམ་གཤིས་ལྟ་དཔྱད་ས་ཚིགས་སུ་བྱང་སྐར་ཕྱོགས་སྟོན་དུ་བྱས་པའི་མཁའ་དཔྱད་ལྒང་བུ་གློད་ཡོད། དེས་འཛམ་གླིང་ས་བབ་མཐོ་ཤོས་ཀྱི་བྱང་སྐར་མཁའ་དཔྱད་མཐོ་དབྱིངས་གནམ་གཤིས་ལྟ་དཔྱད་ས་ཚིགས་བཙུགས་ཟིན་པ་མཚོན་གྱི་ཡོད།  

བྱང་སྐར་མཁའ་དཔྱད་ས་ཚིགས་བསྐྲུན་པ་དེས་བྱང་ཐང་ས་མཐོའི་མཐོ་དབྱིངས་གནམ་གཤིས་ལྟ་དཔྱད་ཀྱི་སྟོང་ཆ་གསབ་སྟེ་ལྟ་དཔྱད་ས་ཚིགས་དྲ་བ་སྔར་བས་འཐུས་ཚང་དུ་ཕྱིན་ནས་རང་རྒྱལ་མཐོ་དབྱིངས་གནམ་གཤིས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། གེགས་འགོག་གེགས་སྐྱོབ་ཀྱི་ལས་དོན་སྤེལ་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་འགན་ལེན་བྱེད་པ་བཅས་ལ་ཚན་རིག་དང་མཐུན་པའི་གྲངས་གཞིའི་འདེགས་སྐྱོར་བྱ་རྒྱུ་རེད། 

དཔལ་མགོན་རྫོང་གནམ་གཤིས་ཅུད་ཀྱི་འགན་ཁུར་གཞོན་པ་པད་མ་རྡོ་རྗེས། ལྒང་བུ་དང་མཉམ་དུ་ཡོད་པའི་བྱང་སྐར་མཁའ་དཔྱད་ཡོ་ཆས་གཏན་འཁེལ་གྱི་ས་ཆར་སླེབས་པ་དང་། བརྡ་འཕྲིན་ཡག་པོ་འདུག སྤྲིན་གསེབ་ཏུ་འཕུར་སྐྱོད་སྐར་མ65ཙམ་བྱས་རྗེས་ཚད་འཇལ་ཡོ་ཆས་ཀྱིས་ས་བབ་མཐོ་ཚད་སྤྱི་ཁྲེ4706ནས་སྤྱི་ཁྲེ31680བར་གྱི་མཁའ་རླུང་གི་དྲོད་ཚད་དང་། བརླན་བཤེར་འདུས་ཚད། གནོན་ཤུགས། རླུང་ཕྱོགས། རླུང་གི་ཤུགས་ཚད་སོགས་གནམ་གཤིས་གྲངས་གཞི་ཕྱིར་གཏོང་བྱས་འདུག་ཅེས་བཤད་ཡོད། 

ཤེས་རྟོགས་བྱུང་བར། 2023ལོར་ཀྲུང་གོ་གནམ་གཤིས་ཅུད་ཀྱིས《སྤྱི་ལོ2023ལོ་ནས2025ལོ་བར་གྱི་གནམ་གཤིས་མཁའ་དཔྱད་ལས་སྒོའི་མ་ལག་རིམ་སྤོར་བརྗེ་སྒྱུར་གྱི་ལས་དོན་ཇུས་གཞི》པར་འགྲེམ་བྱས་ཏེ་དུས་ཁག་དབྱེ་ནས་ད་ཡོད་མཁའ་དཔྱད་ས་ཚིགས120ཡི་བྱང་སྐར་མཁའ་དཔྱད་མ་ལག་འཛུགས་སྐྲུན་དང་། བྱང་སྐར་མཁའ་དཔྱད་ས་ཚིགས11གསར་སྐྲུན་གྱི་ལས་དོན་ལེགས་གྲུབ་བྱ་རྒྱུ་མ་ཟད་སྤྱི་ལོ2025ལོའི་ཟླ་བ10གོང་ལ་བྱང་སྐར་མཁའ་དཔྱད་མ་ལག་གི་ལས་སྒོ་སྤེལ་ཐུབ་པ་བྱ་རྒྱུ་གསལ་སྟོན་བྱས་ཡོད། 

སྤྱི་ལོ2023ལོའི་ཟླ9པར། དཔལ་མགོན་རྒྱལ་ཁབ་གཞི་རྩའི་གནམ་གཤིས་ལྟ་དཔྱད་ས་ཚིགས་དེ་རང་དུ་བྱང་སྐར་མཁའ་དཔྱད་ས་ཚིགས་བསྐྲུན་རྒྱུའི་ཆོག་མཆན་ཐོབ་ཡོད།

དཔལ་མགོན་བྱང་སྐར་མཁའ་དཔྱད་ས་ཚིགས་བེད་སྤྱོད་གཏོང་འགོ་ཚུགས་རྗེས། ས་ངོས་ནས་གནམ་གཤིས་ལྟ་དཔྱད་བྱེད་པ་ནས་ས་ངོས་དང་མཁའ་དབྱིངས་ཟུང་སྦྲེལ་གྱི་གནམ་གཤིས་ལྟ་དཔྱད་བྱེད་པར་འགྱུར་བ་བྱུང་ཞིང་། བྱང་ཐང་ས་མཐོའི་གནམ་གཤིས་གྲངས་གཞིའི་སྟོང་ཆ་གསབ་ཡོད། དེས་སྔར་ལས་ལེགས་པའི་གནམ་གཤིས་སྔོན་བརྡ་བཏང་ནས་གནམ་གཤིས་ཀྱིས་གེགས་འགོག་གེགས་སེལ་ལས་དོན་ནང་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号