ཤ་བོ་སྐྱབས་ཀྱིས221རྟེན་གཞིའི་གནའ་ཤུལ་དུ་རིག་དངོས་གསོན་སྒྱུར་བེད་སྤྱོད་བྱ་བར་བརྟག་ཞིབ་གནང་སྐབས། འཚོལ་ཞིབ་ཧུར་ཐག་དང་ཡུལ་བབ་དང་བསྟུན་ནས་རིག་དངོས་གསོན་སྒྱུར་བེད་སྤྱོད་ཆུ་ཚད་མུ་མཐུད་མཐོ་འདེགས་སུ་གཏོང་དགོས་པ་ནན་གྱིས་བསྟན།

ཟླ8པའི་ཚེས26ཉིན་ནས་ཚེས27ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི221རྟེན་གཞིའི་གནའ་ཤུལ་གསོན་སྒྱུར་བེད་སྤྱོད་ཡག་པོ་བྱ་རྒྱུའི་མཛུབ་སྟོན་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས་དེ་སྔའི221རྟེན་གཞིའི་བཟོ་གྲྭ་བདུན་པ(བར་རྡུལ་དངོས་ལུགས་དང་འགྱེད་འཕྲོ་རྫས་འགྱུར་བཟོ་གྲྭ)དང་བཟོ་གྲྭ་བཅུ་གཅིག་པའི(ཉེན་ཆེའི་ཐོན་རྫས་བཟོ་གྲྭ་ནས་ཕྱིར་འདོན་སྟེགས་བུ)གནའ་ཤུལ་དང་མཚོ་སྔོན་པོ་ཞིང་ར་བཅས་སུ་གཞུང་དོན་སྤེལ།

ཤ་བོ་སྐྱབས་ཀྱིས་བཟོ་གྲྭ་བདུན་པ་དང་བཟོ་གྲྭ་བཅུ་གཅིག་པའི་གནའ་ཤུལ་དུ་རིག་དངོས་སྲུང་སྐྱོབ་དང་། བཟོ་གྲྭ་ལྗང་སྒྱུར། ལས་གཞི་ལག་བསྟར། རྨང་གཞིའི་སྒྲིག་བཀོད་ཆ་ཚང་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་གནང་སྟེ། རིག་དངོས་སྲུང་སྐྱོབ་དང་གསོན་སྒྱུར་བེད་སྤྱོད་བྱ་བའི་བསམ་ཕྱོགས་ལ་ཉནཔ་དང་། མཚོ་སྔོན་པོ་ཞིང་ར་ནས་ཞིང་རའི་ཚོགས་ཁང་སོགས་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱས་ཚུལ་ལ་ལྟ་ཞིབ་གནང་སྟེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་གྱིས་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོང་བེད་སྤྱོད་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། “སྲུང་སྐྱོབ་དང་པོ་དང་དོ་དམ་ཤུགས་སྣོན། རིན་ཐང་སྔོག་འདོན། བེད་སྤྱོད་ནུས་ལྡན། རིག་དངོས་ལ་གསོན་ཤུགས་རྒྱས་པར་བྱེད་པ”བཅས་ཀྱི་རིག་དངོས་བྱ་བའི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ། རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་ཀྱི་འགན་འཁྲི་ཡག་པོར་བསྒྲུབ་ནས་འཚོལ་ཞིབ་ཧུར་ཐག་དང་ཡུལ་བབ་དང་བསྟུན་ཏེ་རིག་དངོས་གསོན་སྒྱུར་བེད་སྤྱོད་ཀྱི་ཆུ་ཚད་མུ་མཐུད་མཐོ་འདེགས་སུ་གཏོང་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་དོན། གཅིག་ནས་རིག་དངོས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྩོམ་ཡིག་ཡག་པོ་བྲིས་ནས་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་སོགས་ཁུལ་ཡོངས་ཀྱི་གཙོ་གནད་བྱ་བར་མཉམ་འདྲེས་དམ་ཟབ་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཐད་བསམ་ཕྱོགས་འཚོལ་བ་དང་བྱ་ཐབས་དངོས་འདོན་དགོས། བཟོ་གྲྭ18ཀྱི་གནའ་ཤུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་ནས། གསར་བརྗེའི་ཉམས་ཞིབ་དང་སྐྱེ་ཁམས་ལྟ་སྐོར། ཁྱད་ལྡན་ཉམས་ལེན། ཐོན་རྫས་ཕྱིར་འཚོང་། ཕྱུགས་ལས་དཔེ་སྟོན་སོགས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ནས་རིག་དངོས་སྲུང་སྐྱོབ་དང་ཐོན་ལས་ཀྱི"གནས་བཞི"གཉིས་མཉམ་འདྲེས་མཉམ་སྐུལ་ཡོང་བར་བྱེད་དགོས། གཉིས་ནས་གདོད་མའི་རྣམ་པ་ལྟར་ཉམས་གསོ་བྱེད་པའི་རྩ་དོན་གཞིར་བཟུང་། ཁུལ་གྱི་གནའ་ཤུལ་གཞུང་ལས་ཁང་གིས་བཟོ་གྲྭ་བཅུ་གཅིག་པའི་རྡུལ་ཕྲན་འབར་མདེལ་དང་པོ་སྐྱེལ་འདྲེན་བྱེད་པའི་ཆེད་སྤྱོད་སྒྲིག་བཀོད་ཀྱི་ཕྱི་ཚུལ་ཧྲིལ་པོ་ཉམས་གསོ་ཇུས་འགོད་དང་སྲུང་སྐྱོབ་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ་དང་། "ཕྲེང་སྦྲེལ་ཐིག་གྲུབ་དང་ཚེག་སྦྲེལ་ལྗོངས་གྲུབ"ཀྱི་འདུ་ཤེས་གཞིར་བཟུང་བཟོ་གྲྭ་བཅུ་གཅིག་པའི་གནའ་ཤུལ་མཐའ་འཁོར་དུ"ས་ཁང"ཉམས་ལེན་ཁུལ་སླར་གསོ་བྱས་ནས་སྐྱེ་ཁམས་ཉམས་ཞིབ་ཉམས་ལེན་བྱ་ཡུལ་སྔར་བས་ཕུན་སུམ་ཚོགས་ཇེ་ཚོགས་སུ་གཏོང་དགོས། གསུམ་ནས་མདའ་བཞི་རྫོང་དང་མཚོ་སྔོན་གསེར་དངུལ་ཐང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གིས་གསེར་དངུལ་ཐང-རྡུལ་ཕྲན་མཁར་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་རྒྱུར་དམིགས་ནས། བཟོ་གྲྭ་སོ་སོའི་བྱེད་ནུས་ཀྱི་ངེས་གནས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་བཟོ་གྲྭ་སོ་སོའི་མཚོན་རྟགས་བྱང་བུ་འཐུས་ཚང་དུ་གཏོང་དགོས། ཁུལ་སྡོད་ཁང་དང་འཛུགས་སྐྲུན་སྡེ་ཁག་གིས་བཟོ་གྲྭ་བདུན་པར་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་དོ་དམ། གཅིག་གྱུར་བཟོ་སྐྲུན་བཅས་བྱས་ཏེ། རིག་དངོས་རང་གཟུགས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བཟོ་གྲྭ་བདུན་པའི་ལས་བཟོ་བའི་ཟ་ཁང་སྲུང་སྐྱོབ་དང་བེད་སྤྱོད་བྱ་བ་མགྱོགས་མྱུར་ལེགས་སྒྲུབ་བྱེད་དགོས། གནའ་ཤུལ་གཞུང་ལས་ཁང་གིས་མཐའ་འཁོར་གྱི་ཁོར་ཡུག་ལ་སྤྱི་འདོམས་བསམ་གཞིག་བྱེད་པ་དང་ཆབས་ཅིག་བཟོ་གྲྭ་བདུན་པའི་སྒོ་ཆེན་དང་ར་སྐོར་སོགས་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་གྱི་མྱུར་ཚད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།  བཞི་ནས་ཁུལ་རིག་གནས་ཡུལ་སྐོར་སྡེ་ཁག་གིས་རྒྱལ་ནང་གི་ལུས་རྩལ་པ་གྲགས་ཅན་གདན་འདྲེན་བྱས་ནས་ལྕགས་རྟ་འགྲན་སྡུར་སྒྲུབ་པ་དང་། བཟོ་གྲྭ་བདུན་པའི་རྟ་རྒྱུག་འགྲན་སྡུར་དང་རྒྱུད་བཟང་རྟ་མཆོག་འགྲེམས་སྟོན་བྱ་འགུལ་ལ་འཆར་འགོད་ཧུར་ཐག་བྱེད་དགོས། ལྔ་ནས་མཚོ་སྔོན་པོ་ཞིང་རས་ཞིང་རའི་ཚོགས་ཁང་སོགས་གནའ་ཤུལ་གསོན་སྒྱུར་བེད་སྤྱོད་ཡག་པོ་བྱས་ཏེ། ཞིང་རའི་རིག་གནས་སྔོག་འདོན་གཏིང་ཟབ་བྱེད་པ་དང་ས་རྒོད་གསར་སྦོལ་རིག་གནས་ཀྱི་བཤམས་སྟོན་ཁང་འཛུགས་སྐྲུན་བྱ་རྒྱུར་ཇུས་འགོད་ཧུར་ཐག་བྱེད་དགོས་ཟེར།

ཁུལ་ཨུའི་གཞུང་ལས་ཁང་དང་། མཚོ་སྔོན་པོ་ཞིང་ར། ཁུལ་འཕེལ་སྒྱུར་དང་། བཟོ་འཕྲིན། སྡོད་ཁང་འཛུགས་སྐྲུན། རིག་གནས་ཡུལ་སྐོར། གནའ་ཤུལ་གཞུང་ལས་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号