ཁ་ན་ཏའི་ཚན་རིག་པས་སྤེལ་བའི་ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན། ན་ཚོད་གཅིག་པའི་བྱིས་པ་དག་གི་ཁྲོད་ནས་ཕ་མ་ཁ་པར་ལ་མགོ་འཁོར་རྒྱུ་ཚད་ལས་བརྒལ་བའི་བྱིས་པར་སེམས་ཁྲལ་ནད་དང་བློ་རིག་སྒྲིམ་མི་ཐུབ་པ། འགུལ་མང་ནད་སོགས་འབྱུང་སླ་བ་རེད།
ཞིབ་འཇུག་འདིའི་འགན་འཁུར་པ་དང་ཁར་ཅ་ལི་སློབ་ཆེན་གྱི་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོ་གཞོན་པ་ཞེ་ལི·མ་ཏི་ཀེན་གྱིས་འགྲེལ་བཤད་བྱ་རྒྱུར། བྱིས་པའི་བརྩེ་སེམས་དང་གཟུགས་པོའི་དགོས་མཁོ་དུས་ཡུན་རིང་བོར་སྣང་མེད་དུ་བཞག་པའམ་དེ་ལ་བརྡ་ལན་སློག་སྟངས་མ་འགྲིག་ཚེ། ཁོ་ཚོར་སེམས་ཁམས་ཀྱི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྱུར་ངེས་རེད། ཡར་སྔོན་གྱི་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། བྱིས་པ་ཁ་ཤས་ཀྱི་ཕ་མས་ཆ་སྙོམས་ཉིན་རེར་རིག་ནུས་ཁ་པར་གྱི་སྟེང་དུ་ཆུ་ཚོད5ལྷག་བཀོལ་བཞིན་ཡོད་པ་དང་། ཞིབ་འཇུག་གཞན་ཞིག་ལས་མངོན་པ་ལྟར་ན། 68%ཀྱི་ཁྱིམ་བདག་གིས་བྱིས་པ་དང་འབྲེལ་འདྲིས་བྱེད་སྐབས་ནམ་རྒྱུན་ཁ་པར་ལ་སེམས་འཁོར་བཞིན་ཡོད་པ་ཁས་ལེན་པ་རེད། ཞིབ་འཇུག་གཞན་ལས་ད་དུང་རིག་ནུས་ཁ་པར་སོགས“ལག་རྩལ་བར་ཆད”ཀྱིས་ཕ་མས་བྱིས་པར་དོ་ཁུར་བྱེད་ཚད་དང་། ཕ་མ་དང་བུ་ཕྲུག་ལྷན་དུ་ཁ་བརྡ་བྱེད་པ་དང་རྩེད་མོ་རྩེ་བའི་དུས་ཚོད་འཕྲོག་བཞིན་ཡོད་པར་མ་ཟད། ཐ་ན་བྱིས་པར་རྨས་ཕོག་པའི་ཉེན་ཁའང་ཇེ་ཆེར་ཕྱིན་ཡོད།
ཞིབ་འཇུག་གསར་པའི་ཁྲོད་དུ། མ་ཏི་ཀེན་གྱི་རུ་ཁག་གིས་ལོ9ནས11བར་གྱི་ཁ་ན་ཏའི་བྱིས་པ1000ལྷག་གི་གཞི་གྲངས་ལ་ཞིབ་འཇུག་བྱས་ཤིང་། བྱིས་པ་འདི་དག་ལ་སེམས་ཁྲལ་ནད་དང་ཡི་མུག་ནད། འགུལ་མང་ནད། བློ་རིག་སྒྲིམ་མི་ཐུབ་པ་སོགས་སེམས་ཁམས་བདེ་ཐང་གི་གནད་དོན་སྣ་ཚོགས་ཡོད་མེད་དཔྱད་དཔོག་བྱས། ལོ9ནས11བར་ནི་ཀླད་པ་འཚར་སྐྱེ་འབྱུང་བའི་ཚོར་སྐྱེན་དུས་སྐབས་ཡིན་པར་མ་ཟད། སེམས་ཁམས་བདེ་ཐང་གནད་དོན་གྱི་ཉེན་ཁ་ཇེ་ཆེར་འགྲོ་བ་ལ་ཡང་འབྲེལ་བ་ཡོད།
ཞིབ་འཇུག་གི་དཔྱད་འབྲས་ལས་མངོན་པ་ལྟར་ན། ཕ་མས་རིག་ནུས་ཁ་པར་གྱི་སྟེང་དུ་དུས་ཚོད་བཀོལ་རྒྱུ་མང་དྲགས་པ་དེ་ཆུ་ཚད་ཅུང་མཐོ་བའི་བྱིས་པའི་སེམས་ཁྲལ་ནད་དང་འབྲེལ་བ་ཡོད་ལ། འཚར་ལོངས་བྱུང་རྗེས་ཀྱི་ན་གཞོན་དག་ལ་བློ་རིག་སྒྲིམ་མི་ཐུབ་པ་དང་འགུལ་མང་ནད་འབྱུང་ཚད་ཇེ་མང་དུ་འགྲོ་བར་ཡང་འབྲེལ་བ་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注