ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ8པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས75པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་བྱས་ལ། བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ཞིང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་།

ཚོགས་འདུའི་ཐོག ཟླ8པའི་ཚེས23ཉིན་ཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་བསྟན་དོན། ཏང་ཀྲུང་དབྱང་གི་འཐབ་ཇུས་གལ་ཆེན་ཀྱི་དམིགས་ཡུལ་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་གྱི་ཡང་དག་པའི་ཁ་ཕྱོགས་བརྟན་དུ་གཏོང་བ། བཅོས་སྒྱུར་གྱི་ཚན་རིག་ལྟ་བ་སྲ་བརྟན་དུ་ཆགས་པར་བྱེད་པ། ཏང་ཀྲུང་དབྱང་གི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་ཞིབ་ཚགས་ཅན་དང་དོན་དངོས་ཅན། ཞིབ་ཕྲ་ཅན་དུ་སྒྱུར་དེ། གསལ་ཐོ་ཅན་དང་ལས་གཞི་ཅན་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། སློབ་གསོ་དང་སྨན་བཅོས། འཕྲོད་བསྟེན། རྒན་གསོ་སོགས་ཁྱབ་ཁོངས་ཀྱི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། རིགས་ཆེ་གྲས11གི་དམངས་འཚོའི་དངོས་ཡོད་བཟོ་སྐྲུན45སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལོ་འཁོར་མོའི་དཔལ་འབྱོར་དམིགས་ཚད་དང་ལས་གཞི་གལ་ཆེན་འཛུགས་སྐྲུན། གྲོང་གསེབ་དར་སྤེལ། གསར་བརྗེའི་ཉམས་ཞིབ་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ཏེ། དམིགས་འབེན་དང་ལས་འགན་ཡང་བསྐྱར་ཁ་གསལ་དང་། བྱ་བའི་བྱེད་ཐབས་ཡང་བསྐྱར་འཐུས་ཚང་དུ་བཏང་སྟེ། བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཏེང་ཞའོ་ཕིང་སྐུ་འཁྲུངས་ནས་ལོ་འཁོར120ལོན་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བློ་མཐུན་ཏེང་ཞའོ་ཕིང་གི་རླབས་ཆེན་ལོ་རྒྱུས་ཀྱི་མཛད་རྗེས་ལ་བརྩེ་དུང་ཟབ་མོས་ཕྱིར་དྲན་དང་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ལ་ཆ་ཚང་ཞིང་འཕྱུགས་པ་མེད་པ་དང་ཁྱོན་ཡོངས་ནས་གོ་བ་གཏིང་ཟབ་ལེན་པ། ཏང་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན་ཡོད། བློ་མཐུན་ཏེང་ཞའོ་ཕིང་གི་འོད་སྟོང་འབར་བའི་དགོངས་པ་དང་བླ་ན་མེད་པའི་གསར་བརྗེའི་ཉམས་འགྱུར་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང<<མཚོ་བྱང་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བྱེད་ཐབས་དགུ>>ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། གསར་བརྗེའི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ། མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་གཏོད་པའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་བྱ་བར་ཤུགས་སྣོན་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་བསྟན་དོན། རིག་གནས་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། མཚོ་བྱང་གི་ཁྱད་ལྡན་གསར་བརྗེའི་ཉམས་ཞིབ་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་ཐེངས་བཞི་བའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་བྱ་བ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། གནའ་གྲོང་རྗེས་ཤུལ134སོགས་སློབ་གསོའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་ཁུལ་ཡོངས་ཀྱི་བརྗོད་དོན་རྟེན་མཛོད་ཁང་གི་ཚོགས་པ་གཏོད་པ་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་དེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་གཞིས་ཁྱིམ་རྒྱུན་ཆད་མེད་པར་བསྐྲུན་དགོས་ཟེར།

ཚོགས་འདུའི་ཐོག མི་དམངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་མིང་བཀོད་རྩོམ་ཡིག་གི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། “མདེལ་གཉིས་སྐར་གཅིགགི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས་རྟེན་གཞིའི་གནའ་ཤུལ་བཟོ་གྲྭ18ཀྱི་ནུས་པའི་ངེས་གནས་ཁྱོན་ཡོངས་ནས་གསེད་བཀྲོལ་བྱས་ཏེ། ཡན་ལག་བཟོ་གྲྭ་སོ་སོ་སྒྱུར་བཀོད་རིམ་སྤོར་དང་ནུས་པ་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭ་གཡུལ་ས་གཙོ་བོར་བྱས་ཏེ། གསར་བརྗེའི་ཉམས་ཞིབ་དང་སློབ་གསོ། ལུས་རྩལ། སྐྱེ་ཁམས་ཞིང་ཕྱུགས་ལས་རིགས། མི་རིགས་རིག་གནས་ཐོན་ལས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་སོགས་ཀྱི་ལས་རྣམ་མཉམ་འདྲེས་ཡོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། གསར་བརྗེའི་ཉམས་ཞིབ་ཀྱི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་ཆས་རྟགས་གྲགས་ཅན་རྒྱུན་མཐུད་ངང་འདོན་མགོ་རྩོམ་པར་བཅས་བྱེད་དགོས། “མདེལ་གཉིས་སྐར་གཅིག”གི་མི་སྣའི་གཏམ་རྒྱུད་དང་དོན་དངོས་དཔེ་མཚོན་མུ་མཐུད་སྔོག་འདོན་བྱས་ཏེ། རྡུལ་ཕྲན་མཁར་དུ་འདུས་པའི་སྙིང་སྟོབས་རླབས་ཆེན་དང་གནས་པའི་དུས་རབས་ཀྱི་ཁྱད་ཆོས་དེ་སྐད་གཅིག་དང་ཡིག་ཆ་གཅིག ཡུལ་ལྗོངས་གཅིག་དང་དངོས་པོ་གཅིག་ཏུ་ཞིབ་ཕྲ་བཟོ་བ་དང་། གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཡང་དག་པའི་རིན་ཐང་ལྟ་བ་གསོ་སྐྱོང་བྱེད་དགོས་ཟེར།

ཚོགས་འདུའི་ཐོག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་ཡིག་ཆའི་ཐོག་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ་གྱི་བླང་བྱར་ངོས་འཛིན་གཏིང་ཟབ་བྱས་ཏེ། མཚོ་བྱང་ཁོ་ནར་ཡོད་པའི་ས་ཁམས་ཀྱི་ཁྱད་ཆོས་དང་མི་ཆོས་རིག་གནས་ཀྱི་ཁྱད་ཆོས་ལ་བརྟེན་ནས། རི་འཛེག་སོགས་ཕྱི་རོལ་གྱི་ལུས་རྩལ་ཡུལ་སྐོར་ཐོན་ལས་ཀྱི་ཆས་རྟགས་གསར་བ་དང་རྣམ་པ་གསར་བ་ཧུར་ཐག་གཏོད་དགོས། ཞིང་ཆེན་ཡོངས་ཀྱི“ལྟེ་གཅིག་གདུབ་གཅིག་སྣེ་མང”གི་ཡུལ་སྐོར་འཐབ་ཇུས་བཀོད་སྒྲིག་ནང་རང་འགུལ་མཉམ་འདྲེས་བྱས་ཏེ མཚོ་སྔོན་དང་ཀན་སུའུ། མཚོ་སྔོན་དང་ཞིན་ཅང་། མཚོ་སྔོན་དང་བོད་ལྗོངས་བཅས་ཀྱི་ཡུལ་སྐོར་ལམ་ཆེན་ནང་འདྲེས་པར་བྱས་ནས་ཐོན་ཁུངས་དང་ཐོན་ལས། ཐོན་རྫས། ཆ་འཕྲིན། ཁྲོམ་ར་བཅས་མཉམ་སྤྱོད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་དང་ལུས་རྩལ། རིག་གནས་དང་ཡུལ་སྐོར། ཚོང་གཉེརབཅས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མཚོ་བྱང་གི་གསར་བརྗེའི་གཞི་རྒྱུ་ཕྲེང་སྦྲེལ་དང་ལུས་རྩལ་སློབ་གསོ་མཉམ་འདྲེས་ཁྱབ་གདལ་ཤུགས་ཆེན་བཏང་ནས། མཐའ་འཁོར་གྱི་མང་ཚོགས་སྔར་ལས་མང་བས་ཡུལ་སྐོར་སྤྲོ་འཆམ་གྱི་ཡོང་སྒོ་འཚོལ་བར་སྣེ་ཁྲིད་བྱེད་དགོས། འཇུ་ལག་མེ་ལྷ་གངས་དཀར་དང་མདོ་ལའི་སྟོང་སོ་ནགས་ཀློང་། རྐང་ཚའི་གཉན་ཆེན་ཞལ་དཀར་དང་དགོ་དམར་རྟེན་གཞི། མདའ་བཞིའི་ཚོང་ཆུའི་མགོ་ཁུངས་དང་སྟོང་མདའ་ཐང་ཆུ་མཛོདདམག་སྒར་བཅུ་གཉིས་པ། སྐྱེས་མཆོག་སྨོན་ལམ་མཐོན་པོ་སོགས་ས་ཁུལ་དུ་དགུན་དུས་ཡུལ་སྐོར་བྱེད་སྒོ་སྤེལ་རྒྱུའི་ཇུས་འགོད་ཡག་པོ་བྱས་ནས། དགུན་དུས་ཡུལ་སྐོར་གྱི་མེ་སྒྱོགས་དང་པོ་རྒྱག་རྒྱུའི་བརྩོན་ལེན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག གནམ་གཤིས་དྲག་པོ་སྔོན་འགོག་དང་ཁ་གཏད་གཅོག་པའི་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། སྔོན་ཚུད་ཉེན་བརྡའི་ཞིབ་འཇུག་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་པ་དང་མཉམ་གྲོས་ཞིབ་འཇུག་བརྡར་ཤ་གཅོད་ཤུགས་ཆེ་རུ་བཏང་ནས་གཉིད་ལས་བསླང་ན་སད་པ་དང་བོས་ན་ཨ་ལན་ཡོད་པའི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མངོན་མེད་རྐྱེན་ངན་གྲལ་བཤེར་མཐར་ཕྱིན་པ་བྱེད་པ་དང་ཕྱོགས་ཡོངས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་མེད་པར་བཟོས་ཏེ། མི་སྣ་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་ལམ་སྲོལ་དོན་འཁྱོལ་བྱེད་དགོས། ལས་རེས་དོན་འཁྱོལ་ནན་མོ་བྱེད་པ་དང་མགོ་ཁྲིད་ལས་བྱེད་པས་ལས་རེས་སྣེ་ཁྲིད་དང་ཆུ་ཚོད24ཡི་ལས་རེས་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཉེན་ཁའི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་གནས་ཚུལ་སྙན་ཞུ་གནད་ལ་འཁེལ་བ་བྱེད་དགོས་པའི་བླང་བྱ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号