མཚོ་བྱང་དུ་བདེ་སྐྱིད་ཟ་ཁང45བསྐྲུན།

ད་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རྒན་རྒོན་གྱི་ཞབས་ཞུའི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བདེ་སྐྱིད་ཟ་ཁང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་རྒན་རྒོན་གྱི་བཟའ་བཏུང་གི་དཀའ་ངལ་དངོས་ལ་དམིགས་ཤིང་། དམངས་འཚོའི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ་དང་ཕྱོགས་ཡོངས་ནས་རྒན་རྒོན་གྱི་བདེ་སྐྱིད་ལུས་གསོ་ལ་དོ་ཁུར་དང་རོགས་རམ་བྱས། ཟླ8པའི་ཟླ་མཇུག་བར་མཚོ་བྱང་དུ་ཁྱོན་བདེ་སྐྱིད་ཟ་ཁང45བསྐྲུན་པ་དང་ཉིན་རེར་ཆ་སྙོམས་ཟ་མ་ཟ་ཚད་མི་ཐེངས400ལས་བརྒལ།

མཚོ་བྱང་ཁུལ་གྱིས་བདེ་སྐྱིད་ཟ་ཁང་འཛུགས་སྐྲུན་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་དམངས་འཚོའི་དོན་དངོས་བཟོ་སྐྲུན་ནང་བཅུག་ནས་ཚད་མཐོའི་སྐུལ་འདེད་བཏང་སྟེ་ཁུལ་དང་རྫོང་། ཡུལ་ཚོ།  སྡེ་བ་བཅས་འབྲེལ་མཐུད་ཐུབ་པའི་རྒན་གསོའི་ཞབས་ཞུའི་དྲ་བ་བཙུགས། ཁུལ་དང་རྫོང་དམངས་སྲིད་སྡེ་ཁག་སོ་སོས་མཉམ་འགུལ་བྱས་ཏེ། མངའ་ཁོངས་ནང་ཁུལ་གྱི་རྒན་རྒོན་གྱི་བཟའ་བཏུང་གི་དགོས་མཁོ་ཁྱོན་ཡོངས་ནས་མཐིལ་རྟོགས་དང་འགུལ་རྣམ་ཁོང་དུ་ཆུད་པར་བྱས། རྫོང་རིམ་པ་སོ་སོའི་ནོར་སྲིད་ཀྱིས་གཉེར་སྐྱོང་བྱེད་མགོ་བརྩམས་པའི་ཁྱིམ་སྡོད་སྡེ་ཁུལ་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཉིན་རེའི་ལྟ་སྐྱོང་ལྟེ་གནས་ལ་ལོ་རེར་སྒོར་ཁྲི8དང་། ཡུལ་ཚོ་དང་གྲོང་རྡལ་རིམ་པའི་རྒན་གསོའི་ཞབས་ཞུའི་བྱེད་སྒོའི་ལྟེ་གནས་ལ་ལོ་རེར་སྒོར་ཁྲི6། གྲོང་གསེབ་བདེ་སྐྱིད་ཁང་ལ་ལོ་རེའི་སྒོར་ཁྲི4བཅས་ཀྱི་ཚད་གཞི་ལྟར་གཉེར་སྐྱོང་ཁ་གསབ་སྤྲད་ཡོད།

སྡེ་བའི(སྡེ་ཁུལ)རྒན་རྒོན་མི་འབོར་གྱི་གྲངས་འབོར་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དང་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ས་ཚིགས་སོགས་སྒྲིག་བཀོད་བྱ་ཡུལ་གཅིག་གྱུར་འཆར་འགོད་དང་བེད་སྤྱད་བྱས་ཏེ། བསྐྱར་སྐྲུན་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ངང་བདེ་སྐྱིད་ལྡན་ཟ་ཁང་ཇུས་སྒྲིག་བྱས་ལ། གྲོན་བསྡུའི་ཚད་གཞི་ལུགས་མཐུན་བཟོས་ནས་བཟའ་བཏུང་རིགས་དབྱེའི་ཁ་གསབ་ལག་བསྟར་བྱས་ཏེ"རྫོང་རིམ་པའི་སྲིད་གཞུང་གིས་ཁ་གསབ་ཅུང་ཙམ་སྤྲོད་པ་དང་། ཞིང་ཆེན་རིམ་པའི་སྐར་མ་རིམ་པའི་དཔྱད་བསྡུར་གཏན་འབེབས་ཀྱིས་ཁ་གསབ་ཅུང་ཙམ་སྤྲོད་པ། སྡེ་བའི་ཐུན་མོང་ཚོགས་པས་རོགས་སྐྱོར་ཅུང་ཙམ་བྱེད་པ། རོགས་སྐྱོར་ལས་ཁུངས་ཀྱིས་རོགས་སྐྱོར་ཅུང་ཙུམ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་ཞལ་འདེབས་ཅུང་ཙུམ་ཕུལ་བ། མི་སྒེར་གྱིས་ཕྲན་ཙམ་འདོན་པ"སོགས་ཀྱི་བྱ་ཐབས་གཞིར་བཟུང་རྒན་རྒོན་གྱི་བཟའ་བཏུང་རོགས་རམ་ཞབས་ཞུའི་ཕུགས་ཕན་རྒྱུན་མཐུད་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས།

དེ་དང་ཆབས་ཅིག བདེ་སྐྱིད་ཟ་ཁང་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་ངལ་གསོའི་དུས་ཚོད་སྤྱད་དེ་རིག་གནས་ལུས་རྩལ་རོལ་རྩེད་བྱེད་སྒོ་སྤེལ་ཏེ། བདེ་སྐྱིད་ཟ་ཁང་དེ་སློབ་ཁང་དང་། འཆད་ཁྲིད་ཁང་། གྲོས་མོལ་ཁང་སོགས་སུ་སྒྱུར་ནས་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། སྡེ་བའི(སྡེ་ཁུལ)དྲ་མིག་མི་སྣ་སོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། ཟས་སྐྱེལ་ཞབས་ཞུའི་དཔུང་ཁག་བཙུགས་ནས་དགོས་མཁོ་ཡོད་པའི་རྒན་རྒོན་ལ་སྒོ་རྩར་ཟ་མ་སྐྱེལ་བའི་ཞབས་ཞུ་མཁོ་འདོན་བྱས་པ་དང་འབྲེལ་བཟའ་བཏུང་རོགས་རམ་བྱེད་པའི་ཞབས་ཞུའི་དྲ་བ་འདེགས་སྐྱོར་དུ་བྱས་ཏེ། ནུས་པ་ཤོར་བ་སོགས་དམིགས་བསལ་རྒན་རྒོན་ཚོགས་སྤྱིར་སྐོར་སྐྱོད་འཚམས་འདྲིའི་གཅེས་སྐྱོང་ཞབས་ཞུ་བྱས་ནས་ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号