【“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལོ་རྒྱུས་ཀྱི་ལེའུ】ནམ་ཡང་ཡལ་བ་མེད་པའི་གསེར་དངུལ་ཐང་།

1945ལོའི་ཟླ7པར། ཨ་རིས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་མ་རྡུལ་འབར་མདེལ་ཐོག་མ་གསར་དུ་གཏོད། ཕྱིས་སུ་འབར་མདེལ་དེ་འཐབ་ཇུས་དྲག་ཆས་ཁྲོད“རྩ་གཏོར་གཏང་བྱེད་ཀྱི་མཚོན་ཆ་མཆོག”ཏུ་རྩིས་པར་མ་ཟད།  ཆབ་སྲིད་ཀྱི་འཇིགས་སྐུལ་ལག་ཆ་ཞིག་ཏུའང་གྱུར།  ཀྲུང་གོ་གསར་པ་དབུ་བརྙེས་རྗེས།  ཨ་རི་སྲིད་གཞུང་གིས་ཁེར་ཚུགས་དང་།  བཀག་སྡོམ།  བཀག་འགོག  མགོ་གནོན་གྱི་སྲིད་ཇུས་སྤྱད་པ་མ་ཟད།  ཁྲའོ་ཞིན་གཡུལ་འགྱེད་སྐབས་སུ་དྲག་ཆས་ལ་བརྟེན་ནས་ཀྲུང་གོའི་ནང་སྲིད་ཁོ་ནར་གཏོགས་པའི་མཚོ་འགྲམ་ངོགས་གཉིས་ཀྱི་འབྲེལ་བར་ཐེ་གཏོགས་བྱས།   དེ་ལྟར་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་ཀྱིས་རྫུག་ཉམས་ཆེ་འདོགས་དང་བཙན་ཤེད་འདྲ་མིན་ག་འདྲ་བསྟན་ཡང་། ཀྲུང་གོ་གསར་པ་ནམ་ཡང་ཞུམ་མ་མྱོང་།

1956ལོའི་ཟླ4བར། ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཆེས་མཐོའི་རྒྱལ་སྲིད་གྲོས་ཚོགས་སྟེང་གཟི་བརྗིད་དང་བཅས་འདི་སྐད།  “ང་ཚོར་དེ་ལས་མང་པོའི་གནམ་གྲུ་དང་མེ་སྒྱོགས་དགོས་པ་མ་ཟད།  མ་རྡུལ་འབར་མདེལ་ཡང་ཡོད་དགོས།  དུས་ད་ལྟའི་འཛམ་གླིང་འདིར། ང་ཚོར་གཞན་གྱིས་བརྙེས་བཅོས་ཐེབས་མི་ཐུབ་པ་ཞིག་བྱ་དགོས་ན། དངོས་པོ་འདི་དག་ནི་མེད་དུ་མི་རུང་ཞེས་བསྟན། ”  དེ་ལྟར་ང་ཚོའི་ཚན་ཞིབ་ལས་དོན་པས་དཔལ་འབྱོར་རྗེས་ལུས་ཡིན་ཞིང་། བཟོ་ལས། ཚན་ཞིབ་ཀྱི་རྨང་གཞི་ཧ་ཅང་ཉམས་ཞན་པ། མ་དངུལ་དང་སྒྲིག་ཆས་ཀྱི་མཐུན་རྐྱེན་ཧ་ཅང་ཞན་པའི་ཆ་རྐྱེན་འོག   ལག་རྩལ་གྱི་དཀའ་ངལ་རེ་རེ་ཁྱད་དུ་བསད།
  1964ལོའི་ཟླ10ཚེས16ཉིན། རང་རྒྱལ་གྱི་མ་རྡུལ་འབར་མདེལ་ཐོག་མ་འགད་ནས་ལེགས་པར་གྲུབ་ཅིང་།  བྱེ་ཀློང་གི་གསེབ་ཀྱི་སྒྲ་ཆེན་པོ་ཞིག་འཛམ་གླིང་གི་ཕྱོགས་སུ་ཁྱབ་ཏེ། ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་སྲུང་གི་ཚན་རྩལ་རྩེ་གྲའི་གནད་འགག་གྲོལ་ཐུབ་པ་བྱུང་སོང་ཞེས་གཟི་བརྗིད་དང་བཅས་བསྒྲགས་སོང་།

  འཁོས་ཞན་ཉམས་ཆུང་ནས་ཕྱི་ནང་གཉིས་ཀ་དཀའ་བའི་གནས་ལ་འཕྲད་པའི་བར་གསེང་ནས་ཡར་འཕགས་ཏེ། ཀྲུང་གོ་གསར་པའི“མདེལ་གཉིས་སྐར་གཅིག”གི་བྱ་གཞག་ལེགས་པར་གྲུབ་ནས་འཛམ་གླིང་ལ་ཧ་ལས་སུ་བཅུག  དེང་གི་ཆར། ང་ཚོས་སྐྱིད་སྡུག་མཉམ་བསྐྱེད་ཀྱི་ལོ་རྒྱུས་འདི་ལ་ཕྱིར་དྲན་བྱེད་དུས། མིག་གི་དབང་བོ་དེ་ཡང་བསྐྱར་རྒྱང་རིང་གི་ཡུལ་དེ་ན་ཞེས་པའི་གསེར་དངུལ་ཐང་ལ་མི་ཕྱོགས་རང་ཕྱོགས་རེད། 

“ཀྲུང་གོ་གསར་པ་བཟང་ན། ང་ཚོའི་འཚོ་བ་ད་གཟོད་སྐྱིད།”

1958ལོའི་སྟོན་ཁར།  ལྷིང་འཇགས་ཀྱི་རྩྭ་ཐང་དུ་གློ་བུར་དུ་གནས་ཚུལ་ཞིག་འབྱོར་བྱུང་བ་སྟེ།  རྒྱལ་ཁབ་འཛུགས་སྐྲུན་གྱི་དགོས་མཁོ་དབང་གིས་མི་རབས་ནས་མི་རབས་སུ་གསེར་དངུལ་ཐང་དུ་འཚོ་བའི་འབྲོག་པ་མང་ཚོགས་གནས་གཞན་དུ་སྤོ་དགོས། གནས་སྤོ་དགོས་པའི་ལས་འགན་གྱི་ཁུར་དུ་ལེན་མཁན་ནི་མཚོ་བྱང་ཁུལ་གྱི་ཁུལ་དཔོན་ཐོག་མ་ཞབས་དྲུང་དཀར་པོ་ཚང་རེད།  ཁོང་གིས་དུས་ཚིགས་འདི་འདྲ་ཞིག་ལ་གནས་སྤར་ན་ཧ་ཅང་དཀའ་བ་དང་། འབྲོག་པ་མང་ཚོགས་རང་གི་ཕ་ཡུལ་ལ་འབྲལ་ཐབས་མེད་པ་སོགས་ཐུགས་སུ་མཁྱེན་གསལ་ཡིན་ན་ཡང་།  གསང་རྒྱ་བཙན་ལ་དམ་དགོས་པའི་དབང་གིས་ཁོང་གིས་གནས་སྤོ་དགོས་པའི་དོན་རྩ་ངོ་མ་དེ་ཀུན་ལ་གསལ་བོར་བརྗོད་ཐབས་བྲལ།  ཀུན་པོར་སྐུལ་སློང་གི་ཆེད་དུ་ཁོང་གིས་རང་གནས་ཀྱི་སྦྲ་ཁྱིམ་གཏོར་ཏེ་མ་ཡུམ་དང་སྲང་མོ་དག་སྔོན་ལ་གནས་སྤོ་རུ་བཅུག     དེ་ནས་ཁྱིམ་ཚང་རེ་རེ་བཞིན་གནས་སྤོས་ཤིང་། དུད་ཚང་རེ་རེར་ཕྱིན་ནས“ཀྲུང་གོ་གསར་བ་ཇེ་བཟང་ལ་སོང་ན། ད་གཟོད་ང་ཚོའི་འཚོ་བ་ཇེ་ལེགས་ཡོང་ངེས”ཞེས་འབྲོག་པ་མང་ཚོགས་ལ་གསུངས།

དོན་དངོས་སུ།   ཀྲུང་གོ་རྙིང་བའི་ནང་དཀའ་སྡུག་ཚད་མེད་མྱོང་བའི་འབྲོག་པ་མང་ཚོགས་ཀྱི་སེམས་སུ་གསལ་བོ་ཡིན་ཏེ།  ཀྲུང་གོ་གུང་ཁྲན་ཏང་གིས་ད་གཟོད་ཁོ་ཚོ་རང་ལ་དབང་བའི་རྩྭ་ས་དང་ནོར་ལུག་དབང་དུ་བཅུག་པ་ཡིན།  གནས་ལུགས་ཆེན་པོ་དེ་ཁོང་ཚོས་ཁ་ནས་མ་བཤད་ན་ཡང་། དྲིན་ལན་དྲིན་གྱིས་མཇལ་དགོས་པ་ནི་རྩྭ་ཐང་བུ་དང་བུ་མོ་རྣམས་ཀྱི་གཤིས་བཟང་ཡིན།

དེ་ལྟར་ཉིན་འགའི་རྗེས་སུ། འབྲོག་ཁྱིམ1279ཕ་མེས་ཡང་མེས་ནས་འཚོ་ཞིང་རྟེན་སའི་གསེར་དངུལ་རྩྭ་ཐང་དང་།   མཚོ་སྔོན་པོའི་འགྲམ་གྱི་རྩྭ་ཆུ་གང་བཟང་འཛོམས་སའི་རྩྭ་ཐང་དང་ཁ་གྱེས་ཤིང་།   སྒོ་ཟོག་དེད་ཅིང་སྦྲ་ནག་ཁལ་ལ་བཀལ་ཏེ་རྩྭ་ཐང་དང་ཆུ་བོ།  ལ་འགག་ཅི་རིགས་བརྒལ་ཏེ། རྐང་ཚ་རྫོང་དང་མདོ་ལ་རྫོང་སོགས་ཀྱི་ཕྱོགས་སུ་མཆིས། 《རྒྱ་མདོ་རྫོང་གི་ལོ་རྒྱུས》སུ།  1958ལོའི་ཟླ10བ་ནས1959ལོའི་ཟླ9བའི་བར་དུ།  ཡུལ་དེའི་འབྲོག་ཁྱིམ1279ཡི་མང་ཚོགས6700སྟེ། སོག་རིགས་དང་། བོད་རིགས། ཧུའེ་རིགས། རྒྱ་རིགས་དང་ཁོ་ཚོའི་སྒོ་ཟོག155473བཅས་མདོ་ལ་རྫོང་དང་རྐང་ཚ་རྫོང་དུ་གནས་སྤར།

མ་རྡུལ་གྲོང་དྲན་གསོ་ཁང་དུ་སྐབས་དེ་དུས་ཀྱི་གནས་སྤོ་རྣམ་པ་རེ་རེ་བསྐྱར་གསོ་བྱས་ནས་འབྲོག་པ་རྣམས་ཀྱིས་སྒོ་ཟོག་དེད་དེ་མི་རབས་ནས་མི་རབས་འཚོ་སྡོད་བྱས་པའི་ཕ་ས་ཕ་ཡུལ་ནས་ཁ་བྲལ་བཞིན་པ་དང་། གོར་ཐིག་མན་གྱི་ཏུའུ20མན་གྱི་གྲང་ངར་ཆེ་བའི་བཙག་རླུང་དང་ལེ་དབར500ལྷག་ལ་བརྒལ་བའི་ལམ་ཐག་རིང་བོའི་ཁྲོད་དུ་ས་བབ་སྨི4000ལྷག་གི་གངས་རི་ཏཱ་པན་རི་བོ་སོགས་བརྒལ་བའི་ཚུལ་གཟིགས་མོ་བའི་སྤྱན་ལམ་དུ་མངོན་རྒྱུ་ཡོད།   

སྐབས་དེའི་གནས་སྤོ་ཡི་ཡོ་ལང་དེ་དངོས་སུ་བརྒྱུད་མྱོང་མཁན་གྱིས་ཕྱིར་དྲན་ལྟར་ན།  ལམ་ལ་ཆས་དུས་འབྲོག་ཁྱིམ་རེ་ནས་ཁལ་མ3ནས6བཀོལ་སྒྲིག་བརྒྱབ།  དུས་ཚོད་ཀྱི་དབང་གིས་ཚང་མས་སླ་ང་དང་ཕོར་བ་སོགས་འཚོ་བའི་མཁོ་ཆས་ཙམ་བཟུང་ནས་སྟབས་སྟབས་པོར་ལམ་དུ་ཆས།  ཁྱིམ་ཚང་ལ་ལས་ཐབ་མགོའི་སླ་ང་ནང་གི་ཟས་འཚོས་ལོང་མེད་ཅིང་། ཁྱེའུ་ཐུལ་ཁུག་གི་བྱིས་པ་ཚུབ་བེ་འཚབ་བེར་སློ་མར་བཅུག་རྗེས།  སློག་པ་འགའ་དང་། བལ་གདན་འགའ་ཁལ་མར་བཀལ་ནས་གནས་གསར་པའི་ཕྱོགས་སུ་ཆས།  འབྲོག་ཁྱིམ40ནས50རུ་ཁག་རེ་བགོས་ཤིང་། རུ་ཁག་རེ་ལ་རུ་དཔོན་རེ་བསྐོས་ནས་སྣེ་ཁྲིད།   ཉིན་རེའི་ཞོགས་པར་རུ་དཔོན་གྱིས་རྒྱ་གླིང་གི་བརྡ་རྒྱག་པ་དང་།  དར་དམར་སྒྲེང་། དེ་ནི་རུ་ཁག་དེ་ལམ་ལ་ཆས་པའི་བརྡ་ཡིན།   ས་སྲོད་ཀྱི་དུས་ལ་རུ་དཔོན་གྱིས་དར་དམར་རྩྭ་ཐང་དུ་བཙུགས་རྗེས།  འབྲོག་པ་རྣམས་དར་དམར་གྱི་མཐར་བསྐོར་ནས་སྦྲ་ཕུབ་པ་ཡིན་ཟེར།

 དེ་ནི་ཚ་ཚ་འུར་འུར་དང་དཀའ་བ་ཁྱད་གསོད་ཀྱི་གནས་སྤོ་ཞིག་ཡིན། 

གནས་སྤོ་ལམ་དུ་ཁ་བ་མཐུག་པོ་ཆགས།  དངོས་ཟོག་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ཉམས་ངའི་ལོ་ཟླ་དེར་འབྲོག་པའི་བཙག་འགོག་གི་གྱོན་ཆས་སློག་པ་རྐྱང་རྐྱང་རེད།  ལོ་ཆུང་བྱིས་པ་འགའ་ཁལ་མར་བྱོན་ནས་ཉིན་གཅིག་ལ་སོང་ན།  རྐང་པ་འཁྱགས་ནས་འགྲོ་དཀའ་བར་གྱུར་བ་དང་། མི་མང་པོ་ཞིག་གངས་རླུང་ཁྲོད་དུ་ཡུན་རིང་ཕྱིན་པས་མིག་ནད་བྱུང་།  ཐ་ན་ནོར་ལུག་ཀྱང་ལྟོགས་སྐོམ་གྱིས་མནར་དེ་ལམ་དུ་ཤི་བ་ཧ་ཅང་མང་།

ཟླ་བ་གཉིས་ཀྱི་རྗེས་སུ།  མདོ་ལའི་མཐོ་ལེ་ཕྱུགས་རར་བསླེབས་དུས། འབྲོག་པ་མང་ཤོས་ཀྱི་ཡོད་ཚད་ཤོར་ནས་ཅི་ཡང་ལྷག་མེད།  

དུས་ད་ལྟ་གྲངས་ཀ་རེ་རེ་དང་གཏམ་རྒྱུད་རེ་རེ་དྲན་གསོ་ཁང་གི་འགྲེམ་པང་དུ་བཀོད་དེ་དུས་གཏན་དུ་ཡལ་བ་མེད་པར་གྱུར་ཡོད།   དེ་ནི་སྐབས་དེར་གྲང་ལྷག་ཁྲོད་ལམ་དུ་ཆས་བཞིན་པའི་འབྲོག་པ་རྣམས་ཀྱིས་ཁོ་ཚོ་ཕ་ཡུལ་དང་གྱེས་དོན་ཡང་སྙིང་ཅི་ཞིག་ཡིན་པ་ཅིས་ཀྱང་ཤེས་ཐུབ་མེད་ན་ཡང་། མི་ཚོགས་གཞན་ཞིག་ཁོང་ཚོའི་ཤུལ་དུ་སྤོ་བ་མཚོན་ཐུབ།

“སྦྲ་གུར་གསུམ་གྱིས་སྡོད་ས་བཅོས།”

1958ལོར་ཅུས་དགུ་བའི་ཅུས་ཀྲང་གི་འགན་སོ་མ་ཁུར་མཁན་ཝུའུ་ཅི་ལིན་གྱིས་མི་རྟའི་སྣེ་ཁྲིད་དེ་ནུབ་ཕྱོགས་སུ་བསྐྱོད་དེ་ས་གནས་འདེམས།   

ཁོ་ཚོས་སྐབས་དེའི་ཀྲུང་གོའི་ཆེས་ཆེ་བའི་དམག་དོན་གྱི་ས་ཁྲ་ནང་ལྟར་འོས་འགྲིག་གི་ས་གནས་གསུམ་འདེམས་ཆོག་པའི་གྲོས་འགོ་བཏོན་པ་སྟེ།  ཧྲན་ཞིའི་ཡན་པའེ雁北། ཀན་སུའུ་འབྲོང་ཡུལ།  སི་ཁྲོན་གྱི་མེན་དབྱང་绵阳བཅས་གསུམ་རེད།  1958ལོའི་ཟླ5པར། ཝུའུ་ཅི་ལིན་དང་ཀའོ་དབྱིན་ཧུའེ་གཉིས་ཀྱིས་ཀྲུང་སུའུ་བཟོ་གྲྭའི་ས་འདེམས་ཚན་ཆུང་གི་སྣེ་ཁྲིད་དེ་ཀན་སུའུ་འབྲོང་ཡུལ་དུ་ཡུལ་དངོས་རྩད་ཞིབ་བྱས།  ས་འདེམས་ཆེད་མཁན་ཚན་ཆུང་ཕྱིར་ལན་ཀྲོའུ་རུ་འབྱོར་རྗེས། ཀན་སུའུ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཆེད་མཁས་ཚན་ཆུང་ལ་གསོལ་སྟོན་བཤམས།  གསོལ་སྟོན་གྱི་སྐབས་ལ་བཟོ་གྲྭའི་ས་གནས་འདེམ་སྐབས་འཕྲད་པའི་དཀའ་ངལ་གླེང་དུས།  འབྲོང་ཡུལ་གྱི་གནས་ནི་དེ་འདྲའི་ཡག་པོ་ཞིག་མི་འདུག་པས་བརྗེ་དགོས་ཞེས་བརྗོད་པ་ན།  དེར་བཞུགས་ཀྱི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་པོ་ཀའོ་ཧྥེང་གིས་འདི་སྐད།  འཕྲུལ་འཁོར་ཚན་ཁག་གཉིས་པར་བཟོ་གྲྭ་ཧ་ཅང་མང་བས། ཚང་མ་གཅིག་ཏུ་བཀོད་སྒྲིག་བརྒྱབ་ན་ལེགས་པོ་མི་འདུག་པས། ང་ཚོའི་མཚོ་སྔོན་དུ་སོང་ན་ག་འདྲ་རེད།  ང་ཚོའི་མཚོ་སྔོན་ལ་ས་ཆ་ཞིག་ཡོད། ས་དེ་ཧ་ཅང་ཁོད་ཡངས་པ་དང་མིང་ལ་གསེར་དངུལ་ཐང་ཞེས་འབོད། བཟོ་གྲྭ་ག་འདྲ་ཡོད་ན་ཚང་མ་ཆུད་ཐུབ་ཟེར།   ཕྱིས་ས་འདེམས་ཚན་ཆུང་མཚོ་སྔོན་དུ་རྩད་ཞིབ་ལ་ཡོང་བ་དང་། ཆེད་མཁས་ཚན་ཆུང་གསེར་དངུལ་ཐང་ལ་སླེབས་རྗེས།  གནས་དེ་མཐའ་འཁོར་རི་ཡིས་བསྐོར་ཞིང་།  ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ།  ས་རྒྱ་ཆེ་ཞིང་མི་ཉུང་བ་བཅས་གསང་རྒྱ་ལ་ཕན་ཐོགས་པ་མ་ཟད། ཉིང་རྡུལ་མཚོན་ཆ་ཞིབ་འཇུག་གསར་གཏོད་བྱེད་ས་ལ་ཧ་ཅང་འཚམ་པ་ཞིག་འདུག   

ལོ་དེའི་ཟླ7པར། ཏང་ཀྲུང་དབྱང་གིས་དངོས་སུ་ཉིང་རྡུལ་བཟོ་སྐྲུན་བྱེད་སའི་ས་རུ་འདེབས་པའི་སྙན་ཞུ་ལ་དངོས་སུ་ཆོག་མཆན་བཀོད་དེ།  བཟོ་སྐྲུན་ཚབ་རྟགས02དང་། མིང་ལ221རྟེན་གཞི་ཞེས་བཏགས།

ལོ་དེའི་ཟླ8པར། དམག་དཔོན་ལི་ཅུའེ་ཡིས་མི20ལྷག་གིས་གྲུབ་པའི་དཔུང་སྡེ་གསེར་དངུལ་ཐང་དུ་བསྐྱོད་ཅིང་།  ས་དེར་བསླེབས་མ་ཐག  ཁོ་ཚོས་ཐོག་མར་རྒྱབ་བྱང་ལ་གཏད་ཅིང་ཁ་ཉི་ཤར་གྱི་ཕྱོགས་སུ་གཏད་པའི་རྩྭ་ས་ཞིག་འདེམས་ཏེ་སྦྲ་ཕུབ།  དེ་ནས་ལྕགས་ཁེམ་བཟུང་སྟེ་སྨི་ཕྱེད་ཙམ་ཟིན་པའི་ཁངས་ཆགས་མཐུག་པོ་བླངས་ནས་འཁྱགས་པོར་ཆགས་པའི་སའི་གཏིང་སར་ཁུང་བརྐོས་ནས་ཕུར་བརྡིབས། སྦྲ་ཕུབ་ཚར་རྗེས། ཚང་མ་ཉེ་འཁོར་དུ་རྡོ་འཚོལ་ཞིང་རྡོའི་རྩིག་རྟེན་བརྒྱབ་རྗེས་དེའི་སྟེང་པང་ལེབ་བཞག་ནས་ཉལ་ཁྲི་བཅོས།  དེ་ལྟ་བུའི་མལ་ཁྲི་ཧྲུལ་པོ་མི་ཚང་མ་ག་ལ་ཡོད།  ཡང་མི་ལ་ལས་ལས་འགན་བསྒྲུབ་པ་ལས་རང་མལ་བཀོད་སྒྲིག་རྒྱག་མཁན་གཞན་མེད་པས།  འབྲས་དང་ཕྱེ་སྒྱེ་ཡར་བརྩིགས་ཏེ་ར་བཅོས་ཤིང་སྟེང་གུར་བརྒྱབ་པ་དང་།  དགོང་མོ་ཉལ་དུས་ཟུར་གསབ་ཏུ་འཛུལ་ནས་ནང་དུ་ཡོང་དགོས།

དེ་ལྟར་ཀྲུང་གོའི་ཉིང་རྡུལ་བཟོ་ལས“སྒྲ་གུར་གསུམ”ལ་བརྟེན་ནས་གཞི་ཚུགས།

དུས་དེར་རྩྭ་ཐང་ཡོངས་དགུན་འཁྱགས་ཀྱིས་བཟུང་ཞིང་།  གུར་མཐའ་ནས་བཙག་རླུང་ཤིག་ཤིག་ལྡང་ཡོང་།  སྔོན་ལ་ཐོན་པའི་བཟོ་སྐྲུན་ལག་རྩལ་པས་དུས་ཐུང་ནང་བཟོ་གྲྭའི་ས་མཚམས་དང་། ས་དབྱིབས་ཀྱི་དཔེ་རིས།  བཟོ་ཁུལ་གྱི་བཀོད་སྒྲིག་སོགས་སྔོན་འགྲོའི་ལས་ཀ་རབ་དང་རིམ་པ་བསྒྲུབས།  ཅོག་ཙེ་མེད་པས་སྒམ་ཐོག་ཏུ་དཔེ་རིས་བྲིས།  ཆུ་འཐུང་རྒྱུ་མེད་ན་ཁ་བ་ཟས།

ཕྱིས་དེ་གར་ཡོང་བའི་དཔུང་ཤུགས་ཇེ་ཆེར་ཕྱིན་པ་དང་བསྟུན་ནས་སྦྲ་གུར་གྱིས་མི་འདང་བ་བྱུང་བས། ཚང་མས་ས་ཁུང་བརྐོས་ཤིང་ས་ཁང་བརྒྱབ།

དགུན་གཞུང་གི་གསེར་དངུལ་ཐང་གྱི་དྲོད་ཚད་གོར་ཐིག་མན་གྱི་ཏུའུ30མན་ལ་ལྷུང་ཡོད།  འཁྱགས་པོ་མི་ཡོང་ཆེད།  རྟེན་གཞིའི་ལས་བྱེད་པ་རྣམས་ཀྱིས་བལ་གོས་དང་།  བལ་ཞྭ།   སྦ་ལྷམ།  ཕྱིང་ཞྭ་སོགས་གྲང་འགོག་གི་གྱོན་ཆས་བསྒྲིགས།  དགོང་མོ་ཉལ་དུས་བལ་གོས་དང་བལ་ཞྭ་གྱོན་ནས་ཉལ་དགོས་པ་དང་། ས་ཁང་གི་ཀླད་ཀྱི་གས་གསབ་ནས་མཚན་མོའི་སྐར་མ་དང་ཟླ་བ་མཐོང་ཐུབ།  ཞོགས་པར་ཡར་ལངས་དུས་དགུན་ལྷམ་འཁྱགས་པས་བསྡམས་ཤིང་། ཉལ་ཁེབས་ས་ལ་འབྱར་ནས་འཐེན་ཡང་ལེན་མི་ཐུབ་པ་བྱུང་།

གཞི་གྲངས་ལྟར་ན། 1959ལོའི་དབྱར་ཁར་བསླེབས་དུས།  རྟེན་གཞིར་འཛུགས་སྐྲུན་ལ་ཡོང་བའི་མི་སྣ་ཁྲི1.5ལ་བསླེབས། 1962ལོའི་ལོ་མཇུག་བར་རྟེན་གཞི་འཛུགས་སྐྲུན་བྱེད་མིའི་མི་འབོར་ཁྲི2ལས་བརྒལ།

1964ལོའི་ཟླ6པར་ཆུ་དང་གློག དྲོད། ལམ་སོགས་ཆ་ཚང་ཞིང་།  ཚན་ཞིབ་དང་ཐོན་སྐྱེད། འཚོ་བ་གཅིག་ཏུ་འདུས་པའི་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་བཟོ་བའི་རྟེན་གཞི་གཞི་རྩའི་ཐོག་གྲུབ་ནས་མ་རྡུལ་འབར་མདེལ་ཐོག་མ་ཞིབ་འཇུག་གསར་གཏོད་ལ་དགོས་ངོས་ཀྱི་ཆ་རྐྱེན་གང་ལེགས་བསྐྲུན།

རྟེན་གཞིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ570ཡོད་ཅིང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི3200རེད།  རྟེན་གཞི་དེ་ཀ་བ་དང་། ཁ་བ་ཞེས་ཁུལ་གཉིས་ཀྱིས་གྲུབ་ཅིང་།  ཀ་ཁུལ་དུ་ཐོན་སྐྱེད་དང་ཚན་ཞིབ། ཆབ་སྲིད། དཔལ་འབྱོར།  རིག་གནས་བཅས་གཞི་གཅིག་ཏུ་གྲུབ་པའི་བཟོ་ཁུལ་གཙོ་བོ་ཡིན་ཏེ་མིང་ལ་ཀ་ཁུལ18པ་ཟེར།  ཁ་ཁུལ་དེ་རྒྱ་མདོ་རྫོང་མཁར་དུ་ཡོད་ཅིང་། ལས་བྱེད་དང་ལས་བཟོ་བའི་ཁྱིམ་ཚང་འདུས་སྡོད་ཁུལ་ཡིན།  རྟེན་གཞིའི་བཟོ་བཀོད་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི56.4ཡོད་ཅིང་། དེ་ལས་བཟོ་ཁང་གིས་སྨི་གྲུ་བཞི་མ་ཁྲི33.3ཟིན།  ལྕགས་ལམ་ཆེད་སྤྱོད་ལམ་ཐིག་ལེ་དབར38.9ཡོད་ཅིང་། མཚོ་བོད་ལྕགས་ལམ་ལས་རྒྱ་མདོ་རྫོང་མེ་འཁོར་ས་ཚིགས་དང་སྦྲེལ་ཡོད།  ལེ་དབར73གྱི་ལམ་ངོས་སུ་སྣུམ་བླུགས་ཏེ་མཚོ་བོད་དང་མཚོ་ཤིན། ཧོང་ཅ་གཞུང་ལམ་བར་སྦྲེལ་ཡོད།

 “ཧ་ཡང་དམ་གཅིག་ལ་བརྟེན་ནས་གསར་བརྗེ་བྱས།”

རྟེན་གཞིར་ཚན་ཞིབ་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་གཞི་རྩའི་ཆ་རྐྱེན་ཚང་རྗེས།  རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཚན་ཞིབ་ཆེད་མཁས་པ་དང་། ལག་རྩལ་བཟོ་བ།  ལས་བྱེད་པ།   མི་དམངས་བཅིངས་འགྲོལ་དམག་སོགས་སྐོར་དང་སྐོར་བྱས་ནས་གནས་འདིར་མངགས་ཤིང་།  “ཉེན་ཁའི་ཁྲོད་བཀའ་དང་ལེན”བྱས་པའི་འགན་འཁྲི་དང་། རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བའི་སེམས་ཤུགས་དང་སྙིང་སྟོབས་ཡིད་ལ་བཅངས་པ་དང་།  རྒྱལ་ཁབ་ཀྱི་དགོས་མཁོ་དང་ལེན་དང་། ནང་ལོགས་ཀྱི་འཚོ་བ་སྐྱིད་པོར་ཞེ་མ་ཆགས་པར་འཛེམ་དོགས་ཅི་ཡང་མེད་པའི་སྒོ་ནས་གནས་འདིར་ཡོང་སྟེ།  མེས་རྒྱལ་ཀྱི་ཉིང་རྡུལ་བྱ་གཞག་གི་ཆེད་དུ་གྲང་ངར་ཆེ་བའི་མཐོ་སྒང་དུ་བསྐྱོད་ཅིང་།  རྩྭ་ཐང་གི་དམག་འཐབ་ཆེན་མོར་ཞུགས།

རྒྱལ་ཁབ་ཀྱི་ལས་དབང་ཐག་གཅོད་བྱེད་པའི་གནད་འགག་གི་སྐབས་དེར།  ཀྲུང་གོ་བའི་ཚན་རིག་གི་དེད་དཔོན་འགའ་འགག་སྒོ་རེ་རེ་མཁྲེགས་གཏོར་བྱས་ཤིང་།  དཀའ་བ་ཆེན་པོ་ཁྱད་དུ་བསད་དེ་ཕྱིར་རྒྱལ་ནང་དུ་ལོག  1962ལོར་ཉིང་རྡུལ་དངོས་ལུགས་རིག་པ་བ་གྲགས་ཅན་ཝང་ཅིན་ཁྲང་དང་།  ཕེང་ཧུན་ཝུའུ།    མཁའ་དབུགས་སྒུལ་ཤུགས་རིག་པའི་ཆེད་མཁས་པ་ཀའོ་ཡུང་ཧུའེ་སོགས་མཐོ་རིམ་དང་འབྲིང་རིམ་གྱི་ཚན་རྩལ་རྐང་འཛིན་པ105འཁོར་ཁང་ཚན་ཁག་གཉིས་པར་ཡོང་། དུས་དེར་རྟེན་གཞིའི་ཐོན་སྐྱེད་ཀྱི་འགན་ཁུར་བ་དམག་དཔོན་ལི་ཅུས་ཡིས་ཀུ་རེ་ཚུལ་དུ“ངེད་ཅག་གི་ནང་དུ་དམག་དཔོན108སླེབས་བྱུང་།”ཟེར། 

འགག་སྒོ་གཏོར་བའི་འཐབ་རྩོད་ཁྲོད་ཚང་མས་སྤོབས་པ་ཆེ་རུ་བསྐྱེད།  རྒྱ་ཆེ་བའི་ཚན་ཞིབ་པ་རྣམས་ཀྱི་གཉིད་ཆགས་ཟས་བརྗེད་དང་། དཀའ་སྤྱད་ཞིབ་འཇུག  གསར་གཏོད་ཀྱི་འཕེལ་འགྲོས་ཇེ་མགྱོགས་སུ་བཏང་།

ཁོ་ཚོས་གནའ་བོའི་རྩིས་གཞོང་དང་སྐར་ཆ་རེར་ལག་གཡུག་རྩིས་འཁོར་ཐེངས300ལ་གཡུག་ནས་མ་རྡུལ་འབར་མདེལ་ཐོག་མའི་གཞུང་ལུགས་ཀྱི་ཇུས་འགོད་ལེགས་པར་གྲུབ།

ཁོ་ཚོ་ལ་བརྟེན་ནས་ད་གཟོད་ཟངས་ཀྱི་སོག་ལེ་ཡིས་འགད་རྫས་གཏུབ་ཅིང་། ཧ་ཡང་དམ་ཉིས་བརྩེགས་བྱས་ནས་འགད་རྫས་སྦྱངས།  བར་དུ་རླངས་པ་གཏོང་། ནང་དུ་འགད་རྫས་སྦྱངས་པ་ལ་སོགས་ཐབས་རྙིང་བ་སྤྱད་ནས་ཕན་འབྲས་ཆེན་པོ་བྱུང་བས།  ཚང་མས་དེ་ལ“ཧ་ཡང་དམ་གཅིག་གི་གསར་བརྗེ”ཞེས་འབོད། 

ཁོང་ཚོས་ལོ་གཅིག་གི་ནང་སུའུ་ལིན་གྱི་ཆེད་མཁས་པས་བཞག་པའི་གཞི་གྲངས་ཀྱི་དཔེ་དབྱིབས་བརྩིས་ཤིང་། ཨར་འདམ་གྱི་སྟེང་དང་། ཤོག་ངོས་སྟེང་། ད་དུང་ཉིང་མདེལ་ཚན་ཞིབ་ཀྱི་གཞི་གྲངས་ཁག་ཅིག་རྩིས་རྒྱག་པར་ལོ་ཕྱེད་ཀྱི་དུས་ཚོད་དགོས་པའི་རང་རྒྱང་གྱི་གློག་རྡུལ་སྦུ་གུ་ལག་གཡུག་རྩིས་འཁོར་བཅས་ཀྱི་སྟེང་དུ།  “རྩིས་ཐེངས་དགུ་ལ་བརྒྱབ་པའི་གཏམ་རྒྱུད”གྲགས་ཅན་ཞིག་བྱུང་མྱོང་། 

གང་མགྱོགས་ཅི་མགྱོགས་ཀྱིས“བརྩོན་ལེན་གྱི་མདེལ”དེ་གསར་གཏོད་ཐུབ་ཆེད།  དཀའ་སྡུག་གི་ཁོར་ཡུག་ཁྲོད་ནས་རྒྱ་ཆེའི་ཚན་རྩལ་ལས་བཟོ་བས་དཀའ་བ་གདོང་གིས་བསུས་ཤིང་། འབད་པ་ཆེར་བསྐྱེད།  བློ་རིག་རྩལ་གྱིས་བཏོན་ནས་འགག་སྒོ་རེ་རེ་གཏོར་ནས་གསར་གཏོད་ཀྱི་གོམ་ཁ་ཇེ་མགྱོགས་སུ་བཏང་བ་སྟེ། མི་སུ་ལའང་ཟབ་སྦྱོང་མེད་ཅིང་། རྒན་པས་གཞོན་གསར་གྱི་སྣེ་ཁྲིད།  དཔེ་རིས་མེད་ཅིང་རང་ཉིད་ཀྱིས་ལག་པས་འབྲི་དགོས།  རྒྱུ་ཆ་མེད་ཅིང་འུ་ཐུག་གི་ཐབས་རྙིང་སྤྱད་དེ་ཞིབ་འཇུག་བྱས།  འོས་འཚམ་གྱི་ཡོ་ཆས་དང་སྒྲིག་ཆས་མེད་ཅིང་། ལག་པས་བཟོས།

ཁོར་ཡུག་དེ་འདྲའི་འོག ཁོ་ཚོས་དད་འདུན་བརྟེན་ཞིང་། བློ་རྩ་བརྟན་པ།  བློ་ཡུལ་ལས་འདས་པའི་མྱུར་ཚད་གྱིས་རང་རྒྱལ་གྱི་མ་རྡུལ་འབར་མདེལ་ཐོག་མ་དང་།  ཅིང་མདེལ་དང་ཉིང་རྡུལ་མཁའ་མདེལ་ཐོག་མ་བཅས་གསར་གཏོད་བྱས་པ་མ་ཟད།  སྐྱེལ་འདྲེན་གྱི་ལག་ཆ་ཆ་ཚང་སྣ་ཚོགས་དང་།  གྲངས་ཚད་མི་འདྲ་བའི་ཉིང་རྡུལ་མཚོན་ཆ་རིགས་དྲུག་བཅས་ཐོན་སྐྱེད་བྱས་ཏེ་དཔུང་སྡེ་ལ་དྲག་ཆས་སྤྲས་ཤིང་།   ཉིང་རྡུལ་རྒྱལ་ཁབ་ཆེན་པོའི་ཉིན་རྡུལ་སྒེར་སྡོམ་གྱི་རྒྱ་གཏོར་ཏེ། འཛམ་གླིང་ཞི་བདེ་ལ་སྲུང་སྐྱོབ་བྱས་ནས་རང་རྒྱལ་གྱི་རྒྱལ་སྲུང་སྟོབས་ཤུགས་དང་རྒྱལ་སྤྱིའི་གོ་གནས་ཇེ་མཐོར་བཏང་།

གསེར་དངུལ་ཐང་དུ་ཀྲུང་ཧྭ་མི་རིགས་ཀྲོང་ངེར་འགྱིང་། 

མི་རབས་སུ་འཚོ་ཞིང་གནས་པའི་ཕ་ཡུལ་ནས་ཁ་བྲལ་བའི་འབྲོག་པ་མང་ཚོགས6000ལྷག་གི་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་། རང་ཉིད་བློས་གཏོང་གི་སྙིང་སྟོབས་གནས་འདིར་འདུས་ཡོད།    ལོ་གསུམ་གྱི་རང་བྱུང་ཆག་འཇིག་གི་སྐབས་སུ།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ལག་རྡང་ཉེ་བར་སྦྲེལ་ཞིང་། ཕན་ཚུན་རོགས་རེས་བྱས་པའི་བརྩེ་བ་གནས་འདིར་བསྟིམས་ཡོད།

ཐོག་མ་དབུལ་ཞིང་ཕོངས་པ་ནས་མཐོ་སའི་མཐོ་སར་སྙེག་པའི་བར་གྱི་རང་སྟོབས་རང་སྤེལ།  དཀའ་སྤྱད་འབད་འཐབ་ཀྱི་སྟོབས་ཤུགས་གནས་འདིར་ཕུལ་ཡོད།

དུས་ད་ལྟ་ནམ་ཡང་འགྱུར་བ་མེད་པའི་གསེར་དངུལ་ཐང་དང་“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནམ་ཡང་འདི་ན་འོད་དུ་འཚར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号