མཚོ་བྱང་གིས་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི1000ལྷག་ཙམ་བཀོད་སྒྲིག་བྱས་ནས་ནོར་ལུག་ལུགས་མཐུན་ངང་བཤས་ཁང་དུ་གཏོང་རྒྱུར་རོགས་རམ་བྱས་པ།

མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་ནས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་གཏང་ཆེད། ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས《2024ལོའི་མཚོ་བྱང་ཁུལ་གྱི་ཁུལ་མངའ་ཁོངས་ཀྱི་ནོར་ལུག་བཤས་ཁང་དུ་གཏོང་བར་སྐུལ་འདེད་གཏོང་བའི་བྱ་དགའི་ཁ་གསབ་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཏོན་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི1000ལྷག་བཀོད་སྒྲིག་བྱས་ནས་ནོར་ལུག་ལུགས་མཐུན་ངང་བཤས་ཁང་དུ་གཏོང་རྒྱུར་རོགས་རམ་བྱས།

  《ཇུས་གཞིའི》ནང་། 2024ལོར་མཚོ་བྱང་ཁུལ་གྱི་ནོར་ལུག་ཁྲི154.5བཤས་ཁང་དུ་གཏོང་པའི་དམིགས་ཚད་གཏན་འཁེལ་བྱས་ཤིང་། དེའི་ནང་། ནོར་ཁྲི25དང་ལུག་ཁྲི129.5ཟིན་པ་རེད། ཁུལ་རིམ་པའི་ནོར་ལུག་བཤས་ཁང་དུ་གཏོང་བའི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི200ཡོད་པ་དང་། རྫོང་སོ་སོས་རྫོང་རིམ་པའི་ནོར་ལུག་བཤས་ཁང་དུ་གཏོང་བའི་མ་ལག་ཚང་བའི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི200ལས་མི་ཉུང་བ་བཀོད་སྒྲིག་བྱས་ཏེ། ཁུལ་རིམ་པའི་བྱ་དགའི་ཁ་གསབ་མ་དངུལ་དང་ཟླ་སྒྲིལ་བཏང་ནས་སྤྱོད་དགོས། བྱ་དགའ་དང་ཁ་གསབ་ཀྱི་ཁྱབ་ཁོངས་དེ་རྩ་དོན་ཐོག་ཁུལ་ཡོངས་ཀྱི་ནོར་ལུག་བཤས་ཁང་དུ་གཏོང་བར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང་དམིགས་ཚད་ལས་འགན་ཚད་བརྒལ་ལེགས་སྒྲུབ་བྱས་པའི་རོང་འབྲོག་ཁྱིམ་ཚང(གསོ་སྤེལ་ར་བ་དང་མཉམ་ལས་ཁང་ཚུད་པ)ལ་སྟེར་རྒྱུ་དང་། རྫོང་སོ་སོའི་ནོར་ལུག་བཤས་ཁང་དུ་བཏང་བ་མང་བའི་ཁྱིམ་ཚང་དང་། དབུལ་ཐར་ཁྱིམ་ཚང་། ལྟ་ཞིབ་ཚད་ལེན་ཁྱིམ་ཚང་། གནས་སྤོ་བཀོད་སྒྲིག་ཁྱིམ་ཚང་། ཡོང་སྒོ་འཕར་སྣོན་མི་ཡོང་བར་ཇེ་ཉུང་དུ་འགྲོ་བའི་ཁྱིམ་ཚང་སོགས་རོང་འབྲོག་ཁྱིམ་ཚང་དག་ལ་སྔོན་ལ་བྱ་དགའ་དང་ཁ་གསབ་སྟེར་དགོས་ཤིང་། སྔོན་ནས་ཐོན་སྐྱེད་ཚོང་གཉེར་གྱི་བྱེད་སྒོ་སྤེལ་བར་སྐུལ་མ་གཏོང་རྒྱུ་དང་། ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་ནས་དཔལ་འབྱོར་ཡོང་འབབ་འཕར་སྣོན་ནུས་ལྡན་ཡོང་བར་བྱ་རྒྱུ་མ་ཟད། བྱ་དགའི་ཁ་གསབ་ཀྱི་མ་དངུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། བྱ་དགའི་ཁ་གསབ་ཀྱི་མ་དངུལ་སྤྲོད་པའི་གོ་རིམ་ཚད་ལྡན་དུ་བཏང་ནས“གཞི་གཅིག་ཅན་གྱི་བྱང་བུའི”རྣམ་པའི་ཐོག་ནས་བྱ་དགའི་ཁ་གསབ་ཀྱི་ཆ་རྐྱེན་དང་མཐུན་པའི་རོང་འབྲོག་ཁྱིམ་ཚང་དང་རོང་འབྲོག་ཁེ་ལས་ལ་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་སྤྲོད་དགོས་པ་གསལ་བོར་བཏོན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号