རྐང་ཚ་རྫོང་གིས་ཆུ་དང་མཚེའུ་བཅོས་སྐྱོང་ལེགས་འཛིན་བྱས་པ།

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་བཟུང་བ་དང་། “ཏང་འཛུགས་སྐྲུན+ཆུ་དཔོན་མཚེའུ་དཔོན་ལམ་ལུགས”ཀྱི་བྱ་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཏང་རྩ་འཛུགས་ཀྱིས་ཁྲིད་སྟོན་དང་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་སྣེ་ཁྲིད་པ། སྐྱེ་ཁམས་དཔལ་ཡོན་ལས་བྱེད་རུ་ཁག་གིས་འགན་འཁུར་བ། མང་ཚོགས་དེའི་ཁྲོད་ཞུགས་པའི་རྣམ་པ་ལེགས་པོ་རིམ་བཞིན་ཆགས་ཡོད།

ཡུལ་ཚོ་དང་སྡེ་བ་རིམ་པའི་ཆུ་དཔོན་རྩ་འཛུགས་མ་ལག་གཟབ་ནན་གྱིས་དངོས་འབེབས་བྱས་པ་དང་། ཏང་སྲིད་ཀྱི་མགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་བུ་ཧ་ཆུ་བོ་དང་བུ་ཧ་ཨ་ལན་ཆུ་བོ། དེ་མིན་ཡུལ་ཚོའི་མངའ་ཁོངས་ཀྱི་ཆུ་བོ་གཙོ་བོ་བཅས་ལ་སྐོར་ཞིབ་བྱེད་མགོ་བརྩམས་ལ། ཡུལ་ཚོ་ཡོངས་ཀྱི་རིམ་པ་སོ་སོའི་ཆུ་དཔོན་དང་ཆུ་བོ་དང་མཚེའུ་བདག་སྲུང་པས་ས་མཚམས་བགོས་ནས་འགན་འཁྲི་དངོས་འབེབས་དང་ལེགས་འཛིན་བྱེད་པ། ཆུ་དཔོན་དང་མཚེའུ་དཔོན་གྱི་འགན་འཁྲི་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས། ཆུ་བོ་དང་མཚེའུ་ཡི་ཁོར་ཡུག་ལ་སྔས་ལས་ལེགས་བཅོས་བྱས་པར་མ་ཟད། ཆུ་བོ་དང་མཚེའུ་དོ་དམ་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན། ད་ལྟ། ཆུ་བོར་སྐོར་ཞིབ་ཐེངས196བྱས་ཏེ། ཆུ་བོ་རེར་ལྟ་སྲུང་བ་རེ་དང་ས་མཚམས་རེར་དོ་དམ་པ་རེ་ཡོད་པའི་བྱ་བའི་བཀོད་སྟངས་གྲུབ།

གཞི་རིམ་ཏང་རྩ་འཛུགས་དང་སྐྱེ་ཁམས་ལས་བྱེད་རུ་ཁག་གིས་ཆུ་བོ་དང་མཚེའུ་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ཁྲོད་འཐབ་འཛིང་བཙན་རྫོང་གི་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱས་ཏེ། “རེས་གཟའ་པ་སངས་ཀྱི་གཙང་སྦྲ་ཉིན་མོ”དང་ཟླ་རེའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སོགས་ལ་བརྟེན་ནས་སྡེ་བ་སོ་སོའི་ཏང་ཡོན་དུས་བཅད་ལྟར་རྩ་འཛུགས་བྱས་ཏེ་ཆུ་ལམ་བཅོས་སྐྱོང་བྱེད་མགོ་བརྩམས། དུས་མཚུངས་སུ། སྡེ་བ་སོ་སོས་སྡེ་བ་རིམ་པའི་དྲ་མིག་པ་དང་སྡེ་བ་རིམ་པའི་སྐད་འཕྲིན་ཚོགས་པ་སོགས་བརྒྱུད་དེ་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་སྲིད་ཇུས་རྒྱ་ཆེར་དྲིལ་སྒྲོག་བྱས་ཏེ། མང་ཚོགས་རྣམས་ཆུ་བོ་དང་མཚེའུ་དོ་དམ་བྱ་བའི་ཁྲོད་ཞུགས་ཏེ་དོ་སྣང་དང་རྒྱབ་སྐྱོར་བྱེད་པར་སྣེ་ཁྲིད་བྱས། “འཆར་ཡན་གྱི་མཚོ་འཁྱིལ.རིག་གནས་ཀྱི་ཕ་ས”ཞེས་པའི་ཕྲེང་བསྟར་བྱ་འགུལ་དང་སྡེ་བའི་དགོང་ཚོགས་ཕྲེང་བསྟར་བྱ་འགུལ་ལ་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་དྲིལ་སྒྲོག་བྱས། མིག་སྔར། ཏང་ཡོན་ལས་བྱེད་པ་མི180ལྷག་གིས་ཆུ་རགས་ཀྱི་འཚོ་བའི་གད་སྙིགས་སོ་སོ་གཙང་སྦྲ་བྱས་པ་དང་། དྲིལ་སྒྲོག་དཔེ་དེབ1100ལྷག་གཏོང་སྤྲོད་བྱས།

“ཡུལ་ཚོ་རིམ་པས་བཅོས་སྐྱོང་དང་སྡེ་བ་དང་ཧྲེ་ཡིས་སྐོར་ཞིབ”བྱེད་པའི་བདག་སྐྱོང་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། འགན་ལེན་བྱས་པའི་ཆུ་མཚམས་ཀྱི་སྐོར་ཞིབ་བྱེད་ཤུགས་ཇེ་ཆེར་གཏོང་བ། “ཉིན་རེར་སྐོར་ཞིབ་དང་ཟླ་རེར་ཁྱབ་བརྡ་གཏོང་བ། དུས་ཚིགས་རེར་སྤྱི་བསྡོམས་བྱེད་པའི”བྱ་བའི་ལམ་ལུགས་འཚོལ་ཞིབ་བྱས་ཏེ་བཙུགས་པར་མ་ཟད། ཁྱོན་ཡོངས་ནས་ཆུ་དཔོན་དང་མཚེའུ་དཔོན་བྱ་བའི་སྐོར་ཞིབ་ནང་རྐྱེན་དངོས་འབེབས་བྱེད་པ། “སྤྱིའི་བཀོད་འདོམས་པ”ནས“ཆེས་མདུན་སའི་སོ་སྲུང་བའི”བར་འཕྲེད་དུ་མཐར་ཐུག་པ་དང་གཞུང་དུ་གཏིང་ལ་གཏུགས་པའི་ཆུ་བོ་དང་མཚེའུ་བདག་སྐྱོང་དྲ་བ་བསྐྲུན་ཏེ། ཆུ་བོ་དང་མཚེའུ་བཅོས་སྐྱོང་བྱ་བ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན། ཚད་ལྡན་ཅན་དུ་གཏོང་བར་རྒྱུན་མཐུད་སྒོས་སྐུལ་འདེད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号