རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། དར་རྒྱས་གཏན་ནས་མི་ཆེ་བའི་རྒྱལ་ཁབ་ལ་ཕྱོགས་གཅིག་ནས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་ཆེད། 2024ལོའི་ཟླ་12ཚེས་1ཉིན་ནས་བཟུང་། ཀྲུང་གོ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་དར་རྒྱས་གཏན་ནས་མི་ཆེ་བའི་རྒྱལ་ཁབ་ཀྱི་དཔྱ་ཁྲལ་རྣམ་གྲངས་100%ཡི་ཐོན་རྫས་ལ་སྤྱད་འཐུས་པའི་ཁྲལ་ཚད་ནི་ཀླད་ཀོར་གྱི་དམིགས་བསལ་གཟིགས་སྐྱོང་ཁྲལ་ཚད་ཡིན། དེའི་ནང་སྒོ་ཁྲལ་བགོ་བྱའི་བཅད་འབོར་ཐོན་རྫས་ཀྱིས་བགོ་བྱའི་བཅད་འབོར་ནང་གི་སྒོ་ཁྲལ་གྱི་ཁྲལ་ཚད་ཀླད་ཀོར་དུ་ཆག་པ་དང་། ཚད་བརྒལ་སྒོ་ཁྲལ་གྱི་ཁྲལ་ཚད་མི་འགྱུར་བར་བྱ་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号