ཧན་ཀྲིན་ཀྲུང་གོ་དང་པ་ཞི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་སྣེ་ལེན་ཚོགས་འདུར་ཞུགས་པ།

ཟླ9པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིན་དུ་ཀྲུང་གོ་ནས་པ་ཞི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད། ཀྲུང་གོར་སྡོད་པའི་པ་ཞིའི་གཞུང་ཚབ་ཆེན་མོ་གའོ་ཝང་སོགས་པ་ཞིའི་འཐུས་མིར་ཐུག་འཕྲད་གནང་། 

པར་འདི་ནི་ཟླ9པའི་ཚེས13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིན་དུ་ཀྲུང་གོ་དང་པ་ཞི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད། ཀྲུང་གོར་སྡོད་པའི་པ་ཞིའི་གཞུང་ཚབ་ཆེན་མོ་གའོ་ཝང་སོགས་པ་ཞིའི་འཐུས་མིར་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད། 

ཧན་ཀྲིན་གྱིས། ད་ལོ་ནི་ཀྲུང་གོ་དང་པ་ཞི་བར་གྱི་འཕེལ་རྒྱས་ལོ་རྒྱུས་ཐོག་སྔ་འཛིན་ཕྱི་གཏོད་ཀྱི་དོན་སྙིང་ལྡན་པའི་ལོ་གལ་ཆེན་ཞིག་རེད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཙམ་གྱི་རིང་ལ། ཀྲུང་པ་བར་གྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་ལ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་པ་ཞི་ཚང་མ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཏག་ཏག་རེད། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ལ་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་ལྟར། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཡོང་བར་ཤུགས་སྣོན་དང་གཉིས་ཁེ་མཉམ་ལས་གཏིང་ཟབ་ཏུ་གཏང་ནས། ཐུན་མོང་ཐོག་ཀྲུང་པ་བར་གྱི་འབྲེལ་བ"རྫོགས་ལྡན་གྱི་ལོ་ངོ50"གཏོད་རྒྱུ་ཡིན་ཚུལ་བསྟན། 

གའོ་ཝང་སོགས་ཀྱིས། པ་ཞི་ཕྱོགས་ཀྱིས་མཐོ་ཚད་ནས་ཀྲུང་གོ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་ཁག་གི་དངོས་དོན་མཉམ་ལས་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་དང་། པ་ཀྲུང་བར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་མདུན་ལྗོངས་ཆེན་པོ་ལྡན་པར་ཡིད་ཆེས་ཡོད་ཅེས་བསྟན།

སྣེ་ལེན་ཚོགས་འདུར་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་བརྩེ་མཐུན་ཚོགས་དང་ཀྲུང་གོར་སྡོད་པའི་པ་ཞིའི་གཞུང་ཚབ་ཁང་གཉིས་ཀྱིས་མཉམ་སྒྲུབ་བྱས་ཤིང་། ཀྲུང་པ་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་འཐུས་མི120ལྷག་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号