རང་བྱུང་ཐོན་ཁུངས་པུའུ་ཡིས་བསམ་འཆར་དཔར་འགྲེམས་བྱས་ནས་གྲོང་ཁྱེར་གྱི་ས་འོག་བར་སྟོང་གསར་སྤེལ་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

གསར་འགོད་པས་རང་བྱུང་ཐོན་ཁུངས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་འོག་བར་སྟོང་ཐོན་ཁུངས་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ནས་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་ཆེད། ཉེ་ལམ། རང་བྱུང་ཐོན་ཁུངས་པུའུ་ཡིས《གྲོང་ཁྱེར་གྱི་ས་འོག་བར་སྟོང་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་འཚོལ་ཞིབ་དང་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》དཔར་འགྲེམ་བྱས།

རང་བྱུང་ཐོན་ཁུངས་པུའུ་ཡི་རང་བྱུང་ཐོན་ཁུངས་བདག་པོའི་ཁེ་དབང་སི་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། རང་རྒྱལ་གྱི་གྲོང་ཁྱེར་ས་འོག་བར་མཐོངས་ཐོན་ཁུངས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད་པའི་དབང་གིས། ས་གནས་སོ་སོས་ས་འོག་བར་སྟོང་གསར་སྤེལ་དང་བེད་སྤྱོད་ཐད་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱས་ཡོད། རང་བྱུང་ཐོན་ཁུངས་པུའུ་ཡིས་ས་གནས་སོ་སོའི་ས་འོག་བར་སྟོང་གསར་སྤེལ་བེད་སྤྱོད་དང་ལག་ལེན་ཁྲོད་འཚོལ་ཞིབ་བྱས་པའི་གྲུབ་འབྲས་ལ་རྟོག་ཞིབ་དང་བསྡུ་ལེན་གང་ལེགས་བྱས་པའི་རྨང་གཞིའི་སྟེང་དུ། 《བསམ་འཆར》ཞིབ་འཇུག་བྱས་ནས་དངོས་སུ་བཟོས་ཏེ། རྒྱལ་ཁབ་ཀྱི་རིམ་ངོས་ནས་སྤྱིའི་གསར་སྤེལ་བེད་སྤྱོད་ཀྱི་བླང་བྱ་དང་སྲིད་ཇུས་བྱེད་ཐབས་དུ་མ་ཁ་གསལ་བཟོས་ནས། གྲོང་ཁྱེར་གྱི་ས་འོག་བར་སྟོང་ཐོན་ཁུངས་ལ་དགེ་མཚན་ལྡན་པའི་སྒོ་ནས་བཀོད་སྒྲིག་དང་ནུས་པ་ཆེ་བའི་སྒོ་ནས་བེད་སྤྱོད་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་།

《བསམ་འཆར》ནང་ས་འོག་བར་སྟོང་གསར་སྤེལ་བེད་སྤྱོད་ཀྱི་སྤྱིའི་དམིགས་འབེན་ཁ་གསལ་བཏོན་ཡོད་པ་སྟེ། ལོ5ཡས་མས་ཀྱི་དུས་ཚོད་སྤྱད་དེ། ས་འོག་བར་སྟོང་གསར་སྤེལ་བེད་སྤྱོད་ཀྱི་རང་བྱུང་ཆ་རྐྱེན་ལྡན་ལ། གསར་སྤེལ་བེད་སྤྱོད་ཀྱི་དགོས་མཁོ་ཅུང་ཆེ་བ་དང་དོ་དམ་གྱི་ཆུ་ཚད་ཅུང་མཐོ་བའི་གཙོ་གནད་གྲོང་ཁྱེར་གྱི་ས་འོག་བར་སྟོང་གི་འཆར་འགོད་མ་ལག་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་ཡིན་པ་དང་། གསར་སྤེལ་བེད་སྤྱོད་ཀྱི་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། གསར་སྤེལ་བེད་སྤྱོད་ཀྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། གསར་སྤེལ་བེད་སྤྱོད་ཀྱི་བརྒྱུད་རིམ་སྔར་ལས་བདེ་འཇགས་ཡོང་བར་བྱེད་པ། རྒྱལ་ཁབ་ས་ཁོངས་བར་སྟོང་གི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་ཆེད་དུ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་མཁོ་འདོན་བྱ་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན།《བསམ་འཆར》ནང་གཙོ་བོ་འཆར་འགོད་ཀྱི་སྤྱི་འདོམས་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ས་ཆའི་མཁོ་སྤྲོད་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། འཛུགས་སྐྲུན་ལས་གཞིའི་འཆར་འགོད་དོ་དམ་ཚད་ལྡན་དུ་གཏོང་བ། བདག་དབང་དོ་དམ་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས4ལ་དམ་པོར་དམིགས་ཏེ། རྒྱལ་ཁབ་ཀྱི་རིམ་ངོས་ནས་གྲོང་ཁྱེར་གྱི་ས་ཆའི་ཐོན་ཁུངས་མཁོ་སྤྲོད་ཛ་དྲག་ཅན་གྱི་གནས་སྟངས་ཞི་ལྷོད་དུ་གཏོང་བ་དང་། གྲོང་ཁྱེར་གྱི་བར་སྟོང་ཆེ་རུ་གཏོང་བའི་སྲིད་ཇུས་བྱེད་ཐབས་དངོས་བཏོན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号