བསྟུད་མར་ཉིན་འགའི་རིང་ལ། པེ་ཅིང་དང་ཧི་པེ། ཨན་ཧུའེ། ཧའེ་ནན་སོགས་ས་ཆས་རྣམ་པ་མང་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་ནས་ལག་བསྟར་ཟབ་མོ་བྱེད་པར་སྐུལ་འདེད་བཏང་།

ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ཆེད། པེ་ཅིང་གྲོང་ཁྱེར་གྱིས་གཞུང་ལུགས་ཆེད་མཁས་པ་དང་མང་ཚོགས་སྒྲོག་འགྲེལ་པས་གྲུབ་པའི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས། གཙོ་བོར་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ། གྲོང་གསེབ་དར་སྤེལ་སོགས་བརྗོད་དོན་ལ་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་ཁུལ་དང་དཔལ་འབྱོར་གསར་སྤེལ་ཁུལ་བཅུ་དྲུག་ལ་སོང་ནས་སྐོར་སྐྱོད་སྒྲོག་འགྲེལ་བྱས།

ཧི་པེའི་ས་ཆ་སོ་སོས་སྒྲོག་འགྲེལ་མི་སྣ་རྩ་འཛུགས་བྱས་ཏེ་ཞིང་སྡེ་དང་་གཞིས་ཁུལ། སློབ་གྲྭ་སོགས་ལ་སོང་ནས་དམིགས་ཡུལ་ཅན་དང་རིགས་བགར་ཅན། བརྗེ་རེས་ཅན་གྱི་སྒྲོག་འགྲེལ་སྤེལ་བ་དང་། ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བའི་བར་བརྗེ་རེས་བྱས་ལ། གོ་སླ་བའི་སྐད་ཆ་དང་དཔེ་གཞི་དངོས་ལ་བརྟེན་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་བཤད་ཆ་ཚང་བྱས།

ཨན་ཧུའེ་ཞིང་ཆེན་གྱིས་ཆེད་མཁས་པ་དང་རིག་གནས་པ། ན་གཞོན་རྐང་འཛིན་པ། ངལ་རྩོལ་དཔེ་ལེགས་ཅན། བཟོ་སྐྲུན་པ། བུད་མེད་དཔེ་དམག་སོགས་ཞིང་ཆེན་རིམ་པའི་སྒྲོག་འགྲེལ་ཚོགས་པ་བཅུ་གཅིག་བཙུགས་ནས། གཞི་རིམ་ཡུལ་དངོས་སུ་སོང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་རྐང་འཛུགས་ས་རུ་བྱས་ཏེ། ཏང་གི་སྲིད་ཇུས་གཞུང་ལུགས་མང་ཚོགས་ཀྱིས་གོ་སླ་ཞིང་ཡིད་ལ་འཛིན་ཐུབ་པ། གོ་བ་ལེན་ཐུབ་པའི་ནང་དོན་དུ་བསྒྱུར།

ཧའེ་ནན་ཞིང་ཆེན་གྱིས་ཁྱབ་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་སྒྲོག་འགྲེལ་རུ་ཁག་རྩ་འཛུགས་བྱས་ཏེ། གཞི་རིམ་ལ་ཁ་ཕྱོགས་ནས་དམིགས་ཡུལ་ཅན་དང་བརྗེ་རེས་ཅན་གྱི་སྒྲོག་འགྲེལ་སྤེལ།  །


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号