ཐ་མག་རྫུན་མ1600ལྷག་ཙམ་རྩད་ཆོད་འདུག

ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་མྱུལ་ཞིབ་ཡན་ལག་རུ་ཁག་གིས་རྡོ་ཐ་ཆེད་ཚོང་ཅུས་དང་མཉམ་འབྲེལ་བྱས་ཏེ། ཐོ་འགོད་ཚོང་རྟགས་རྫུན་མ་འཚོང་བའི་དོགས་ཡོད་ཚོང་ཟོག་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན5བཟུང་པ་དང་། ཐ་མག་ཆུན་པོ་རྫུན་མ1614ཞིབ་བཤེར་དང་བཀག་ཉར་བྱས་པར་གྱོད་འབྲེལ་དངུལ་སྒོར་ཁྲི91ལྷག་ཙམ་ཟིན་ཡོད།

མིག་སྔར། དོགས་ཡོད་ཉེས་ཅན་ལིའུ་ཆེ་གེ་མོ་དང་ལི་ཆེ་གེ་མོ་སོགས་མི4ལ་ཐོ་འགོད་ཚོང་རྟགས་རྫུན་མའི་ཚོང་ཟོག་བཙོངས་པའི་ཉེས་གསོག་དོགས་པ་ཡོད་པས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号