འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བགྲོ་གླེང་ཚོགས་འདུ་ནས་ལྷད་མེད་ཐོན་ལས་སྲིད་ཇུས་ཀྱི་འཛམ་གླིང་ཡོངས་ཀྱི་ཤུགས་རྐྱེན་དང་འགྲན་རྩོད་གནད་སར་བཟུང་ཡོད།

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས2024ལོའི་སྤྱི་བའི་གླེང་སྟེགས་སྐབས་སུ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་ཀྱིས་ཚེས13ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ལྷད་མེད་ཐོན་ལས་སྲིད་ཇུས་ཀྱི་ཆེད་དོན་བགྲོ་གླེང་ཚོགས་འདུ་སྤེལ།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཆེད་མཁས་པས་བགྲོ་གླེང་ཚོགས་འདུའི་སྟེང་བསྟན་དོན། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་ནི་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་སོ་སོས་ཐོན་ལས་སྲིད་ཇུས་ལག་བསྟར་བྱེད་པའི་དམིགས་ཡུལ་གཙོ་བོ་ཡིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་ཀྱིས་རྒྱལ་ཁབ་གཞན་པའི་ལྟ་རྟོག་ཁྲོད་ནས་ཐོན་ལས་སྲིད་ཇུས་ཀྱི་ལྟ་རྟོག་ལ་ཤུགས་སྣོན་པ་དང་། ལྷད་མེད་ཐོན་ལས་སྲིད་ཇུས་གཏན་འབེབས་བྱེད་པར་མཛུབ་སྟོན་རྩ་དོན་བརྩི་སྲུང་བྱེད་དགོས་ལ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་བརྩི་སྲུང་བྱེད་པ་དང་གསལ་ཚད་དང་རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་པ་སོགས་འདུས།

འཛམ་གླིང་ཉོ་ཚོང་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་རུ་རྒྱུན་དུ་སྡོད་པའི་དབྱིན་ཇིའི་དོན་གཅོད་ཁང་གི་གཞུང་ཚབ་པ་ཞི་མིན་མན་ལེ་ཡིས་བསྟན་དོན། ལྷད་མེད་ཐོན་ལས་སྲིད་ཇུས་ལ་དགོས་ངེས་རང་བཞིན་ལྡན་ཡང་ལག་བསྟར་བྱེད་པར་ལས་སླ་མོ་ཞིག་མ་ཡིན། ལྡོག་ཕྱོགས་ཀྱི་ནུས་པ་ཇེ་ཆུང་དུ་གཏོང་ཆེད། འབྲེལ་ཡོད་སྲིད་ཇུས་དེ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འཚམ་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཞུགས་མི་སྣ་དག་གིས་བལྟས་ན། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ལྷད་མེད་ཐོན་རྫས་སྲིད་ཇུས་ཀྱི་གནད་དོན་ཐད་ནས་ཕྱོགས་མང་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ལྷད་མེད་ཐོན་ལས་ཀྱི་རྒྱལ་ཁོངས་བརྒལ་བའི་དངུལ་གཏོང་ལ་སྐུལ་འདེད་གཏོང་བ་དང་། ཐཱན་ཉུང་ལག་རྩལ་དང་ཁོར་ཡུག་ཐོན་རྫས་ཀྱི་ས་ཁོངས་བརྒལ་བའི་འཁོར་རྒྱུག་ལ་ཡར་སྐུལ་བྱེད་དགོས་པར་འདོད། དེའི་ཐད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངུལ་གཏོང་སྟབས་བདེ་ཅན་གྱི་གྲོས་ཆོད་དང་ཁོར་ཡུག་ཐོན་རྫས་ཀྱི་ཉོ་ཚོང་རང་དབང་ཅན། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁ་གསབ་སྒྲིག་སྲོལ་གསར་བསྒྱུར་བྱེད་པ་སོགས་ནི་ཧ་ཅང་གལ་ཆེ་བའི་སྲིད་ཇུས་བྱེད་ཐབས་རེད་ཟེར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号