བརྗོད་དོན་བྱ་འགུལ་ཁག་བཅུ་གཅིག་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཟླ9པའི་ཚེས11ཉིན། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་འགོ་ཚུགས། ད་ལོའི་དྲིལ་སྒྲོག་ཟླ་བར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་པ་དེ་བརྗོད་དོན་བྱས་ཤིང་། བརྗོད་དོན་བྱ་འགུལ་ཁག་བཅུ་གཅིག་ནང་དོན་དུ་བྱས་ནས། དྲིལ་སྒྲོག་ཟླ་བའི་བྱ་འགུལ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་སྐུལ་འདེད་ཟླ་བར་བརྩིས།

ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས2024ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱ་འགུལ་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་ནས། དྲིལ་སྒྲོག་ཟླ་བའི་དུས་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཐད་བཏོན་པའི་དགོངས་པ་གལ་ཆེན་དང་མི་རིགས་སྲིད་ཇུས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་འགོ་རྩོམ་མཛད་སྒོ་དང་སློབ་སྦྱོང་དྲིལ་སྒྲོག་གྲུབ་འབྲས་འགྲེམ་སྟོན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ཀྱི་སེམས་བཟང་མི་སྣར་བྱ་དགའ་གནང་བ། མཚོ་སྔོན་ལ་རྒྱུས་ལོན་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་སྐོར་དྲ་རྒྱའི་སྟེང་ནས་དྲི་བ་དྲིས་ལན་འདེབས་པ། དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས། སྔོན་ཐོན་རྫོང་བཅས་ལ་ཞིབ་བཤེར་བྱེད་པ་དང་ཕན་ཚུན་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ། གྲངས་ཉུང་མི་རིགས་རོང་འབྲོག་མང་ཚོགས་ཀྱི་རྒྱལ་ཡོངས་སྤྱིའི་སྐད་ཡིག་གི་བརྙན་འཕྲིན་གཏམ་བཤད་འགྲན་སྡུར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་དྲིལ་སྒྲོག་ཆེན་མོ། དང་བླངས་ཞབས་ཞུ་མཐུན་སྒྲིལ་སྐོར་སྐྱོད་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་བ་གཏན་འཁེལ་བྱས་ཏེ། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཁ་འབྲལ་མི་ཐུབ་པ་གསུམ་གྱི་འདུ་ཤེས་དང་ཐུན་མོང་བཞིའི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཤིང་། ཁས་ལེན་ལྔར་ཤུགས་སྣོན་བྱས་ནས། དུས་རབས་གསར་བའི་མཚོ་སྔོན་གྱི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བཙུགས་ཤིང་། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བ་བཅས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་ཡག་པོ་ཞིག་བསྐྲུན་ཡོད།

དྲིལ་སྒྲོག་ཟླ་བའི་བྱ་འགུལ་གྱི་དྲིལ་སྒྲོག་བྱེད་ཐབས་དང་བྱ་འགུལ་གྱི་རྣམ་པ་གསར་གཏོད་བྱས་ཤིང་། རིགས་སོ་སོའི་དྲ་སྟེང་དང་ཡུལ་དངོས་སྟེགས་བུ་དང་ཐེག་གནས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། དྲ་སྟེང་ནས་དྲ་རྒྱའི་འགྲེམ་སྟོང་དང་དྲ་རྒྱའི་སྟེང་ནས་དྲི་བ་དྲིས་ལན་འདེབས་པ། དྲ་རྒྱའི་སྟེང་གི་ཤེས་བྱའི་འགྲན་སྡུར། དྲ་རྒྱའི་ཆེད་སྒྲིག་སློབ་སྦྱོང་། དྲ་ངོས་ཀྱི་དཔེ་ཀློག་སོགས་རྣམ་པ་སྣ་མང་ལ་བརྟེན་ནས་དྲ་རྒྱའི་སློབ་སྦྱོང་དྲིལ་སྒྲོག་བྱས་ལ། ཡུལ་དངོས་སུ་རིག་རྩལ་འཁྲབ་སྟོན་དང་། རིག་གནས་གཞི་རིམ་དུ་བསྐྱོད་པ། ཁྱིམ་ཚང་དུ་བཅར་འདྲིར་བསྐྱོད་པ། སྤྱི་ཕན་འཆད་ཁྲིད། གཅིག་བསྡུའི་དྲིལ་སྒྲོག་གཟའ་འཁོར་སོགས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྟེང་སྡེ་ཁག་སོ་སོའིཉམས་མྱོང་དང་བྱེད་ཐབས་དུས་ལྟར་ཕྱོགས་བསྡོམས་བྱས་ནས་ཕན་ཚུན་བརྗེ་རེས་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号