མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་གཅིག་སྡུད་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ་འགོ་ཚུགས།

ཟླ9པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྣེ་ཁྲིད་ནས་རྩ་འཛུགས་བྱས་ཤིང་། མཚོ་ཤར་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུའུ་ཡིས་འགན་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་དམངས་ཡོངས་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་གཅིག་སྡུད་དྲིལ་སྒྲོག་ཟླ་བའི་བྱ་འགུལ་དེ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཀྱི་དཀྱིལ་སྙིང་ཐང་ཆེན་དུ་སྤེལ་འགོ་ཚུགས།

ཐེངས་འདིའི་གཅིག་སྡུད་དྲིལ་སྒྲོག་ཟླ་བའི་བརྗོད་དོན་ནི་མི་ཚང་མ་སྨན་བཅོས་འགན་བཅོལ་ལ་ཞུགས་ན་སྨན་བཅོས་བྱེད་དུས་བརྟེན་ས་ཡོད་པ་དང་། ཁྱིམ་མི་ཚང་མས་བདེ་ཐང་ངང་སྐྱིད་ཀྱི་འཚོ་བ་རོལ་ཞེས་པ་དེ་རེད། འགོ་རྩོམ་མཛད་སྒོའི་སྟེང་། རིག་རྩལ་འཁྲབ་སྟོན་དང་། ཡུལ་དངོས་བློ་འདྲི། རྒྱུ་ཆ་བཀྲམས་པ་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་ཐབས་ལམ་བརྒྱུད་དེ། འགན་བཅོལ་ལ་ཞུགས་པའི་རིན་སྤྲོད་པ་དང་། སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ། ས་ཆ་གཞན་ནས་སྨན་པར་བསྟེན་པ་སོགས་རྒྱ་ཆེའི་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གནད་དོན་ཐད་འགྲེལ་བཤད་དྲིལ་སྒྲོག་གསལ་བོ་བྱས་པ་དང་། དམངས་ཡོངས་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་རང་འགུལ་སྒོས་སྨན་བཅོས་འགན་བཅོལ་ནང་ཞུགས་པ། ཁྲིམས་ལྟར་སྨན་བཅོས་འགན་བཅོལ་ནང་ཞུགས་པ་བཅས་ཀྱི་སྣང་ཚུལ་ལེགས་པོ་ཞིག་ཧུར་ཐག་གིས་བསྐྲུན་ཡོད། 

ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་མ་ལག་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་བ་དང་། དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྤྱི་ཚོགས་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་པས། སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆའི་གོ་ལྔ་ཡན་རྒྱུན་འཁྱོངས་བྱས་ཡོད་ལ། ལྷག་པར་དུ་ན་ནིང་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་རྒྱ་བསྐྱེད་ལས་གཞི་ལེགས་འགྲུབ་ཚད་དེ་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་ཐོབ་ཐང་དང་སྨན་བཅོས་འགན་བཅོལ་ཞབས་ཞུ་ལོངས་སྤྱོད་གང་ལེགས་བྱས།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འགན་བཅོལ་སྡེ་ཁག་གིས་ཐེངས་འདིའི་གཅིག་སྡུད་དྲིལ་སྒྲོག་ཟླ་བའི་བྱ་འགུལ་དེ་གོ་སྐབས་སུ་བརྩིས་ནས། མང་ཚོགས་ཀྱིས་གོ་ཐུབ་ལ། བེད་སྤྱོད་ཐུབ་པ་སོགས་ཀྱི་མཐོང་སྣེ་ནས་འགོ་བརྩམས་ཏེ། དྲིལ་སྒྲོག་ཐབས་ལམ་རྒྱ་བསྐྱེད་པ་དང་། ཐབས་ལམ་དང་རྣམ་པ་གསར་གཏོད་བྱས་ནས། སྨན་བཅོས་འགན་བཅོལ་རིན་སྤྲོད་དང་ཐོབ་ཐང་ལོངས་སྤྱོད་སྐོར་སྒྲོག་འགྲེལ་ཡག་པོ་བྱེད་པ་དང་། སྨན་བཅོས་འགན་བཅོལ་གྱི་དགེ་མཚན་དང་ཁྱད་ཆོས་སྒྲོག་འགྲེལ་གང་ལེགས་བྱེད་ཅིང་། དམངས་ཕན་སྲིད་ཇུས་དང་བྱེད་ཐབས་སྒྲོག་འགྲེལ་ལེགས་པོ་བྱས་ཏེ། སྨན་བཅོས་འགན་བཅོལ་ཐད་ནས་ཕན་ཚུན་རོགས་རམ་བྱེད་པ་དང་། འགན་འཁྲི་མཉམ་ཁུར་བྱེད་པ། མཉམ་སྐྲུན་མཉམ་སྤྱོད་བྱེད་པ་བཅས་ཀྱི་སྤྱི་ཚོགས་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་ཅིང་། སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་ཐད་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号